མཉམ་དཀྲོལ་རོལ་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཉམ་དཀྲོལ་རོལ་དབྱངས།
མཉམ་དཀྲོལ་རོལ་དབྱངས་ཀྱི་བརྗོད་གཞི་རྒྱ་ཆེན་པོ་ཡོད་པ་དང་། རོལ་དབྱངས་ཀྱི་རྩོམ་གཞིའི་གྲུབ་ཚུལ་ཚགས་དམ་ཞིང་ཞིབ་རྒྱས་ཆེ་བ་ཡིན་ཞིང་། དོན་སྟོན་པའི་ཐད་དུ་རོལ་ཆས་ཁག་གི་དོན་སྟོན་ནུས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་རེད། དེ་ནི་རོལ་དབྱངས་རྩོམ་པ་པོའི་བརྗོད་གཞི་གང་ཞིག་གཏིང་ཟབ་མོར་སྟོན་པ་དང་རྩོམ་རྩལ་མཐོན་པོར་མངོན་པའི་ཐོན་དངོས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
交响曲
ཕྱི་ཡིག་གི་མིང་།
Symphony
1 ངོ་སྤྲོད།

མཉམ་དཀྲོལ་རོལ་དབྱངས་ཀྱི་བརྗོད་གཞི་རྒྱ་ཆེན་པོ་ཡོད་པ་དང་། རོལ་དབྱངས་ཀྱི་རྩོམ་གཞིའི་གྲུབ་ཚུལ་ཚགས་དམ་ཞིང་ཞིབ་རྒྱས་ཆེ་བ་ཡིན་ཞིང་།  དོན་སྟོན་པའི་ཐད་དུ་རོལ་ཆས་ཁག་གི་དོན་སྟོན་ནུས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་རེད།  དེ་ནི་རོལ་དབྱངས་རྩོམ་པ་པོའི་བརྗོད་གཞི་གང་ཞིག་གཏིང་ཟབ་མོར་སྟོན་པ་དང་རྩོམ་རྩལ་མཐོན་པོར་མངོན་པའི་ཐོན་དངོས་ཡིན།

རིག་རྩལ་བསྐྱར་དར་སྐབས་སུ་མཉམ་དཀྲོལ་རོལ་དབྱངས་ཞེས་པའི་ཐ་སྙད་བྱུང་ཡོད་པ་ནི་སྒྲ་ཚོ་མང་པོ་འདུས་པའི་རོལ་མོ་ཀུན་ལ་གོ་བ་དང་།  དེའི་ནང་དུ་སྐད་སྒྲའི་རོལ་མོ་དང་རོལ་ཆས་ཀྱི་རོལ་མོ་གཉིས་ཀ་ཚུད་ཡོད།  དུས་རབས16ནས17པའི་ནང་དུ་མཉམ་དཀྲོལ་རོལ་དབྱངས་ཞེས་པ་ནི་གླུ་དབྱངས་ཟློས་གར་དང་གཙང་ལེན་གླུ་དབྱངས་ཟློས་གར་ནང་གི་སྔོན་འགྲོའི་རོལ་དབྱངས་དང་བར་སྐབས་ཀྱི་རོལ་དབྱངས་ལ་གོ་བ་དང་། སྐབས་དེར་སྐད་སྒྲའི་རོལ་མོ་ནི་མཉམ་དཀྲོལ་རོལ་དབྱངས་ཀྱི་ཁོངས་སུ་མི་ཐེ་བར་རོལ་ཆས་རོལ་དབྱངས་ཁོ་ནར་གོ་བ་རེད།  དུས་རབས18པར་ཨེ་ཐ་ལིའི་ན་པུ་ལེ་སིའི་རོལ་མོ་རྩོམ་པ་པོA.སི་ཁ་ལ་ཐི་ཡིས་རང་ཉིད་ཀྱི་རོལ་མོའི་བརྩམས་ཆོས་ནང་གི་སྔོན་འགྲོའི་རོལ་དབྱངས་ལ

“མགྱོགས་འགྲོས-དལ་འགྲོས-མགྱོགས་འགྲོས

”ཞེས་པའི་དུམ་པ་གསུམ་ལྡན་གྱི་ལུགས་བཏོད་པ་དེས་ཕྱིས་མཉམ་དཀྲོལ་རོལ་དབྱངས་ཀྱི་སརྒ་གཅོད་ཚུལ་ལ་གཞི་རྩའི་ངེས་སྲོལ་གཏན་འབེབས་བྱས་པ་རེད། དུས་རབས18པའི་དུས་སྨད་ལ་འཇར་མན་གྱི་རོལ་མོ་བ་མན་ཧའེ་མུ་ལེ་ཕའེ་བྱ་བས་སྔོན་འགྲོའི་རོལ་དབྱངས་ཀྱི་གསར་རྩོམ་ལ་གདངས་གཙོ་བོའི་རྩོམ་ཐབས་ཀྱི་སྲོལ་ཕྱེས་ཏེ་རོལ་ཆས་ཀྱི་སྟོན་པའི་ནུས་པ་དང་རོལ་དབྱངས་ཀྱི་ཟློ་གར་རང་བཞིན་ཤུགས་ཆེ་རུ་བཏང་བ་དང་།  དེས་མི་ཚད་དུམ་པ་གསུམ་ལྡན་གྱི་འགྲོའི་རོལ་དབྱངས་ཀྱི་རྨང་གཞིའི་སྟེང་དུ་མགྱོགས་འགྲོས་ཀྱི་མཇུག་བསྡུ་བའི་དུམ་པ་ཁ་སྣོན་བྱས་པས། དེ་ནས་བཟུང་སྟེ་སརྒ་བཞི་ལྡན་གྱི་རོལ་ཆས་རོལ་དབྱངས་ཆ་འགྲིག་མ་ཐོག་མར་བྱུང་བ་རེད།  དེ་ནས J.ཧའེ་ཏུན་དང་།    W.A.མི་ཟ་ཐེ།   L.van པེ་ཏོ་ཧྥུན་གསུམ་ནས་གནའ་སྲོལ་མཉམ་དཀྲོལ་རོལ་དབྱངས་ཉིད་རྫོགས་ལྡན་དུ་དར་སྤེལ་བཏང་ནས་མཉམ་དཀྲོལ་རོལ་དབྱངས་ཉིད་དར་རྒྱས་ཀྱི་རྩེར་སོན་པ་དང་། དེང་རབས་ཀྱི་ངོ་བོ་ཅན་གྱི་མཉམ་དཀྲོལ་རོལ་དབྱངས་ཀྱང་དུས་སྐབས་དེར་བྱུང་བ་རེད།

2 གྲུབ་ཚུལ།

མཉམ་དཀྲོལ་རོལ་དབྱངས་ཀྱི་གྲུབ་ཚུལ་གཤམ་གསལ་ཏེ། སརྒ་དང་པོ་ནི་དཀྲོལ་གྱེར་རོལ་དབྱངས་ཀྱི་རྣམ་པ་ཡིན་ལ་འགྱོགས་འགྲོས་ཡིན། སརྒ་གཉིས་པ་ནི་བསྐྱར་ཟློས་གསུམ་ཚན་རོལ་དབྱངས་ཀྱི་རྣམ་པའམ་འགྱུར་དཀྲོལ་རོལ་དབྱངས་ཀྱི་རྣམ་པ་ཡིན་ལ་དལ་འགྲོས་ཡིན།  སརྒ་གསུམ་པ་ནི་གོམ་ཆུང་ཞབས་བྲོའི་རོལ་དབྱངས་ཀྱི་རྣམ་པའམ་མཚར་མོའི་རོལ་དབྱངས་ཀྱི་རྣམ་པ་ཡིན་ལ་འབྲིང་འགྲོས་དང་མགྱོགས་འགྲོས་ཡིན། སརྒ་བཞི་པ་ནི་གྱེར་འགྲོས་རོལ་དབྱངས་ཀྱི་རྣམ་པའམ་འཁོར་འཁྱིལ་རོལ་དབྱངས་ཀྱི་རྣམ་པ་ཡིན་ལ་མགྱོགས་འགྲོས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།