ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ།
ཀྲུང་གོའི་མི་རིགས་མང་པོ་ལ་རང་ཉིད་ཀྱི་རོལ་མོ་ཚོགས་པའི་སྒྲིག་གཞི་ཡོད། འདིར་བརྗོད་པའི་ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ་ནི་རྒྱལ་རིགས་དང་གྲངས་ཉུང་མི་རིགས་ཁག་ཅིག་གི་ས་ཁུལ་དུ་དར་བ་དང་། གཙོ་བོར་རྒྱ་རིགས་ཀྱི་རོལ་ཆས་ཀྱིས་གྲུབ་པའི་སྦུག་རྒྱུད་རོལ་མོ་ཚོགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国民族乐团
ཕྱི་ཡིག་གི་མིང་།
Chinese National Orchestra
1 བྱུང་འཕེལ།

ཀྲུང་གོའི་མི་རིགས་མང་པོ་ལ་རང་ཉིད་ཀྱི་རོལ་མོ་ཚོགས་པའི་སྒྲིག་གཞི་ཡོད།  འདིར་བརྗོད་པའི་ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ(དེང་རབས་མི་རིགས་སྦུག་རྒྱུད་རོལ་མོ་ཚོགས་པ)ནི་རྒྱལ་རིགས་དང་གྲངས་ཉུང་མི་རིགས་ཁག་ཅིག་གི་ས་ཁུལ་དུ་དར་བ་དང་།  གཙོ་བོར་རྒྱ་རིགས་ཀྱི་རོལ་ཆས་ཀྱིས་གྲུབ་པའི་སྦུག་རྒྱུད་རོལ་མོ་ཚོགས་པ་ཡིན།

2 དབྱེ་བ།

ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པའི་རོལ་ཆས་ནི་སྒྲ་འདོན་ལུགས་དང་སྒྲ་མདངས་མི་གཅིག་པའི་ངོས་ནས་དབྱེ་བ་འབྱེད་པ་སྟེ།  རགས་རིམ་གྱི་སྒོ་ནས་དབྱེ་ན་ཤིང་སྦུག་རོལ་ཆས་དང་། མཛུབ་དཀྲོལ་རོལ་ཆས། རྒྱུད་འཐེན་རོལ་ཆས། རྡུང་དཀྲོལ་རོལ་ཆས་བཅས4ཡོད།  ①ཤིང་སྦུག་རོལ་ཆས།  སུའུ་ན་དང་། གླིང་བུ།  ཧྲེང་།  ཀོན་ཙེ།  འཕྲེད་གླིང་སོགས་ཡོད། ②མཛུབ་དཀྲོལ་རོལ་ཆས།  ཕི་པ་དང་།  རྒྱུད་གསུམ། རོན་ཆེན། རོན་ཆུང་།  ལིའུ་ཆིན།  ཡུའེ་ཆུན།  ཀྲེང་།  དབྱང་ཆིན་སོགས་ཡོད།    ③རྒྱུད་འཐེན་རོལ་ཆས།  པི་ཝང་སྣ་ཚོགས་ཏེ་ཨེར་ཧུའུ་དང་།  པན་ཧུའུ།  ཀའོ་ཧུའུ། ཏི་ཧུའུ།  ཅིན་ཧུའུ་སོགས་ཡོད།  དེང་རབས་ཀྱི་ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པའི་སྒྲིག་གཞིའི་ནང་དུ་ད་དུང་འོག་ལེན་ཆེན་པོ་དང་གདངས་དམའ་འོག་ལེན་སོགས་ནུས་ཕྱོགས་ཀྱི་རྒྱུད་འཐེན་རོལ་ཆས་སྤྱད་དེ་གདངས་དམའ་མོའི་སྒྲ་དག་འཐུས་བཟོ་སྲོལ་བྱུང་ཡོད།  ④རྡུང་དཀྲོལ་རོལ་ཆས།  རྔ་དང་། འཁར་རྔ་ཆེ་ཆུང་།  སྦུབ་ཆུ་ཆེ་ཆུང་། ཉ་མོ་སོགས་ཡོད།

དུས་རབས20པའི་དུས་མཇུག་ལ་མི་རིགས་རོལ་མོ་ཚོགས་པ་ཡོ་རོལ་ཏུ་འཁྲབ་སྟོན་ལ་བསྐྱོད་དེ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་།  མི་རིགས་རོལ་མོ་ཚོགས་པ་ཡང་དེས་རྐྱེན་བྱས་ཏེ་འཛམ་གླིང་ལ་ཕྱོགས་ནས་མཛམ་གླིང་མི་དམངས་ཀྱིས་ཁས་ལེན་བྱས་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།