ཀུན་ཁྱབ་རོལ་མོ།

ཀུན་ཁྱབ་རོལ་མོ་ཞེས་པ་ནི་གོ་བདེ་བ་དང་། བདེ་ལྕག་འཁྱུག་པ། ཁྱབ་གདལ་ཆེ་བ། ཉན་མཁན་མང་བ། རྩེད་འཇོ་དང་སྤྲོ་གསིང་དམིགས་བྱ་བྱེད་པ་བཅས་ཀྱི་རོལ་མོ་ལ་ཟེར་བ་དང་། ཡང་བའི་རོལ་མོ་དང་ཁྱབ་གདལ་རོལ་མོ་ཡང་ཟེར།

རིགས་དབྱེ།  

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད། མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད།

རིགས་དབྱེ།  

ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ།

ཀྲུང་གོའི་མི་རིགས་མང་པོ་ལ་རང་ཉིད་ཀྱི་རོལ་མོ་ཚོགས་པའི་སྒྲིག་གཞི་ཡོད། འདིར་བརྗོད་པའི་ཀྲུང་གོའི་མི་རིགས་རོལ་མོ་ཚོགས་པ་ནི་རྒྱལ་རིགས་དང་གྲངས་ཉུང་མི་རིགས་ཁག་ཅིག་གི་ས་ཁུལ་དུ་དར་བ་དང་། གཙོ་བོར་རྒྱ་རིགས་ཀྱི་རོལ་ཆས་ཀྱིས་གྲུབ་པའི་སྦུག་རྒྱུད་རོལ་མོ་ཚོགས་པ་ཡིན།

རིགས་དབྱེ།  

གླུ་དབྱངས།

གླུ་དབྱངས་ནི་གླུ་ཚིག་དང་རོལ་དབྱངས་ཟུང་དུ་སྦྲེལ་ནས་གྲུབ་པའི་སྒྱུ་རྩལ་གྱིས་བསམ་བློ་དང་བརྩེ་དུང་མཚོན་པའི་སྐད་སྒྲའི་རོལ་མོའི་ནང་གསེས་ཡིན་པ་དང་། ཆ་ཚད་ཐུང་ཞིང་དར་ཁྱབ་འགྲོ་བདེ་བ་ཞིག་ཡིན། གླུ་དབྱངས་ཀྱི་རོལ་དབྱངས་ཀྱིས་གླུ་ཚིག་གི་ནང་དོན་དང་གྲུབ་ཚུལ་དང་སྡེབ་སྦྱོར་བཅས་དང་བསྟུན་ཡོད་པ་རེད།

རིགས་དབྱེ།  

མཉམ་དཀྲོལ་རོལ་དབྱངས།

མཉམ་དཀྲོལ་རོལ་དབྱངས་ཀྱི་བརྗོད་གཞི་རྒྱ་ཆེན་པོ་ཡོད་པ་དང་། རོལ་དབྱངས་ཀྱི་རྩོམ་གཞིའི་གྲུབ་ཚུལ་ཚགས་དམ་ཞིང་ཞིབ་རྒྱས་ཆེ་བ་ཡིན་ཞིང་། དོན་སྟོན་པའི་ཐད་དུ་རོལ་ཆས་ཁག་གི་དོན་སྟོན་ནུས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་རེད། དེ་ནི་རོལ་དབྱངས་རྩོམ་པ་པོའི་བརྗོད་གཞི་གང་ཞིག་གཏིང་ཟབ་མོར་སྟོན་པ་དང་རྩོམ་རྩལ་མཐོན་པོར་མངོན་པའི་ཐོན་དངོས་ཡིན།

རིགས་དབྱེ།  

Rockརོལ་མོ།

rockརོལ་མོ་ཞེས་པ་ནི་དུས་རབས20པའི་ལོ་རབས50ནས70པར་ཨ་རི་ནས་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོའི་རིགས་ཤིག་ཡིན། དང་ཐོག་བྱུང་བའིrockརོལ་མོ་ནི་ཨ་རིའི་མི་ནག་གི་པི་ལུའུ་སི་རོལ་མོས་རྨང་གཞི་བྱས་པ་དེ་ལ་འགྲོས་ལྡན་པི་ལུའུ་སི་ཟེར། ལོ་རབས30པར་བྱུང་བའི་གློག་གི་ཀེ་ཐ་དང་གློག་གི་རླུང་སྦྲེང་སོགས་གློག་གི་རོལ་ཆས་ཀྱིསrockརོལ་མོ་ལ་སྒྲའི་འབྲས་བུ་བཟང་པོ་བསྩལ་ནས་རིམ་གྱིས་ལྗེ་ཟི་རོལ་མོ་ཁག་ཅིག་ཚབ་བྱས་པ་རེད།

རིགས་དབྱེ།  

འཇམ་སྙན་རོལ་དབྱངས།

འཇམ་སྙན་རོལ་དབྱངས་ཞེས་པ་ནི་ཀུན་ཁྱབ་རོལ་མོའི་ནང་གསེས་ཤིག་ཡིན་པ་དང་། དེ་ལ་སྟབས་བདེ་ཞིང་གོ་སླ་ལ། བདེ་ལྕག་འཁྱུག་པ། ཀུན་ཏུ་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དོན་སྙིང་དང་བསམ་བློའི་ནུས་པ་ཁྱབ་ཆེན་པོ་ལྡན་ཡོད་པ་རེད།

རིགས་དབྱེ།  

ཨང་ཀིའི་དབྱངས་ཡིག

རོལ་མོ་ཉིད་ཡི་གེའི་གཟུགས་སུ་ཟིན་བྲིས་སུ་འགོད་པའི་རི་མོ་ལ་དབྱངས་ཡིག་ཟེར་བ་དང་།འཛམ་གླིང་ས་གནས་ཁག་ཏུ་དབྱངས་ཡིག་འགོད་ཐབས་མང་པོ་བྱུང་མྱོང་བ་ལས་ད་ལྟ་ཡོངས་ཁྱབ་ཏུ་སྤྱོད་བཞིན་པ་ནི་ཨང་ཀིའི་དབྱངས་ཡིག་དང་ཐིག་ལྔའི་དབྱངས་ཡིག་ཡིན།

རིགས་དབྱེ།  

གདངས་རྟགས།

སྐད་སྒྲ་དངོས་མའི་མ་ལག་འཛུགས་པའི་དགོས་མཁོའི་སྒྲ་འགྱུར་རྟགས་ཡིན། དེ་ནི་ངེས་གཏན་གྱི་གོ་རིམ་དང་གོ་གནས་ལྟར་དབྱངས་རྟགས་ཀྱི་རྗེས་སུ་འགོད་པ། རྟགས་དེ་དག་ལ་དབྱངས་ཀྱི་མཚོན་རྟགས་ཟེར། དབྱངས་ཀྱི་མཚོན་རྟགས་ནི་རྟག་ཏུ་རིགས་གཅིག་པའི་སྒྲ་འགྱུར་རྟགས་བཀོལ་བ་ཡིན། འདེགས་རྟགས་དང་འབེབས་རྟགས་ཀྱང་དེ་བཞིན་ནོ།།

རིགས་དབྱེ།  

དབྱངས་རིམ།

རྩ་བའི་དབྱངས་རིམ་བདུན་ལ་དབྱངས་ཀྱི་ངེས་པ་བདུན་ཡང་ཟེར།

རིགས་དབྱེ།  

འགྱུར་དབྱངས་བཅུ་གཉིས།

འགྱུར་དབྱངས་བཅུ་གཉིས་ནི་རྩ་དབྱངས་ཀྱི་དབྱངས་ཧྲིལ་བོའི་འབྲེལ་བ་འཛིན་པ་ལྔ་ཡོད་པ་དེ་དག་སྙོམས་པར་ཆ་གཉིས་སུ་བགོས་པས་དབྱངས་ཕྱེད་བཅུར་འགྱུར་ལ་དེའི་ཐོག་རྩ་དབྱངས་ཀྱི་ལྷག་མ་དབྱངས་ཕྱེད་གྱི་འབྲེལ་བ་འཛིན་པ་དེ་གཉིས་བསྣན་པས་བཅུ་གཉིས་ཡོད་དོ།།

རིགས་དབྱེ།  

སྒྲ་མདོག

སྒྲ་མདོག་ནི་རྟོགས་བྱ་དབྱངས་དེ་རང་བློར་སྐྱེས་ཚེ་གསལ་བ། དྭངས་བ། མུན་པ། ཕྲ་བ། སྦོམ་པ་སོགས་དབྱིབས་མདོག་མི་རིགས་མི་འདྲ་བའི་རྟོགས་པ་སྐྱེས་པ་དེ་ལ་ཟེར། དེ་ལ་རྒྱུད་སྐྱེས། རྡུང་སྐྱེས། ཁུང་སྐྱེས། སིལ་སྐྱེས། ཁྲོལ་སྐྱེས་སོགས་དགར་ནས་བཤད་ན། 1 རྒྱུད་སྐྱེས་ནི་རྒྱུད་སྐུད་འཐེན་ནས་བྱུང་བའི་དབྱངས་ལ་ཟེར། དཔེར་ན། འདེགས་ཆུང་། འདེགས་ཆེན། པུས་འདེགས་རྒྱུད་གཉིས། འདེགས་སྦོམ། པི་ཝང་རྟ་མགོ་མ། པེ་ཅིན་པུས་འདེགས། པུས་འདེགས་ལེབ་ཁ་མ་སོགས་ལས་སྐྱེས་པའི་དབྱངས་སོ།། 2 ཁྲོལ་སྐྱེས་ནི་སོར་མོས་འཁྲོལ་བ་ལས་བྱུང་བའི་དབྱངས་ལ་ཟེར། དཔེར་ན། པི་ཝང་འབྲུག་མགོ་མ། རྒྱུད་མངས། ཟླ་རོལ། རོན་འབྲིང་། རོན་ཆེན། རྒྱུད་གསུམ་སོགས་ལས་སྐྱེས་པའི་དབྱངས་སོ།། 3 རྡུང་སྐྱེས་ནི་དབྱུག་པ་སོགས་རྡུང་ཆས་ཀྱིས་བརྡུང་ནས་བྱུང་བའི་དབྱངས་སོ།། 4 ཁུང་སྐྱེས་ནི་ཁུང་བུ་ལྡན་པའི་རོལ་ཆས་ལས་སྐྱེས་པའི་དབྱངས་ལ་ཟེར། འདི་ལ་ཟངས་ཁུང་སྐྱེས་དང་ཤིང་ཁུང་སྐྱེས་གཉིས་ཏེ། དཔེར་ན། གླིང་བུ། ཤིང་གླིང་སོ་ཡ་མ། ཤིང་གླིང་སོ་ཆ་མ། པ་གླིང་སོགས་ནི་ཤིང་ཁུང་སྐྱེས་ཡིན། དུང་ཆུང་། དུང་ཆེན། དུང་རིང་། དུང་གོར་སོགས་ལས་བྱུང་བའི་དབྱངས་ནི་ཟངས་ཁུང་སྐྱེས་ཀྱི་དབྱངས་ཡིན། 5 སིལ་སྐྱེས་ནི་དཀྲོགས་ནས་བྱུང་བའི་སྒྲ་ལ་ཟེར། འདི་ད་ལྟ་ཧ་ལམ་རྡུང་སྐྱེས་ཀྱི་ཁོངས་སུ་བཞག་འདུག་ཀྱང་ངོ་བོ་ཐ་དད་དུ་འདོད། དཔེར་ན། སིལ་རྔ། དྲིལ་བུ། སྦྲེལ་དྲིལ། མཁར་སིལ། སིལ་ཁྲོལ། (བོད་གནའ་བོའི་རོལ་ཆས)སོགས་དཀྲོགས་ནས་བྱུང་བའི་སྒྲའོ།།

རིགས་དབྱེ།  

སྒྲ་ཡུན།

སྒྲ་ཡུན་ནི་དབྱངས་དེ་གནས་པའི་དུས་ཡུན་རིང་ཐུང་ལ་ཟེར། དེ་ལ་འགྲོས་དང་འགྲོས་ལྡབ། འགྲོས་སྟངས། མཚམས་གསོ་དང་བཞིའོ།།

རིགས་དབྱེ།  

འགྲོས་ལྡབ།

འགྲོས་ལྡབ་ནི་འགྲོས་ཀྱི་དྲག་ཞན་གྱི་འགྱུར་སྟངས་ལས་གྲུབ་པའི་མཚོན་བྱ་རང་ཐུན་མོང་མ་ཡིན་པའི་འགྲོས་གཞི་དང་འགྲོས་ཆོས་མཚོན་བྱེད 3/4 4/4 6/8 སོགས་ཀྱི་སྟོན་པ་ལ་ཟེར། དེའང་འགྲོས་ཆ་གང་ཞིག་འགྲོས་གཅིག་གི་དབང་དུ་བྱས་ནས་འགྲོས་ཤད་གཅིག་འགྲོས་ཅི་ཙམ་གྱིས་གྲུབ་པ་མཚོན་པར་བྱ།

རིགས་དབྱེ།  

འགྲོས་སྟངས།

འགྲོས་སྟངས་ནི་འགྲོས་ཀྱི་སྟངས་སྟབས་ཀྱི་རྣམ་པའི་འགྱུར་ལུགས་ལ་ཟེར། འདི་ལ་ངོ་བོ་ཐ་དད་པ་དང་ཐ་མ་དད་པའི་སྒྲའི་རིང་ཐུང་དང་དྲག་ཞན་སོགས་ཀྱི་འགྱུར་ལུགས་བགྲང་ལས་འདས་ཞིང་རོལ་མོ་ལ་སྒྲ་སྤྱི་ཙམ་གྱིས་མཚོན་པར་བྱ།

རིགས་དབྱེ།  

མཚམས་གསོ།

མཚམས་གསོ་ནི་སྒྲ་མངོན་པར་མ་གནས་པའི་བར་སྐབས་ལ་ཟེར། དེའི་དུས་ཡུན་རིང་ཐུང་ཡང་འགྲོས་ཀྱིས་འཇལ་བར་བྱ་སྟེ། དཔེར་ན། འགྲོས་བཞིའི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་ཆ་ཚང་། འགྲོས་གཉིས་ཀྱི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་ཉིས་ཆ། འགྲོས་གཅིག་གི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་བཞི་ཆ། འགྲོས 1/2 གི་ཡུན་ཚད་ལ་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་བརྒྱད་ཆ། འགྲོས 1/4 གི་ཡུན་ཚད་སྒྲ་མངོན་པར་མ་གནས་པ་ལ་མཚམས་གསོ་བཅུ་དྲུག་ཆ་ཞེས་བརྗོད་དོ།།

རིགས་དབྱེ།  

དབྱངས་གཞི།

དབྱངས་གཞི་ནི་དབྱངས་ཀྱི་ཚོགས་པ་གང་ཞིག་དེའི་འཁོར་དང་འཁོར་གཙོ་ལ་སོགས་ཕན་ཚུན་རྣམ་པ་ཇི་ལྟར་རྟེན་ཅིང་འབྲེལ་བར་གྲུབ་པའི་གཞི་དེ་ལ་ཟེར།

རིགས་དབྱེ།  

དབྱངས་གནས།

དབྱངས་ཀྱི་ཚོགས་པའི་འཁོར་གཙོ་དེའི་མཐོ་ཚད་ལ་གནས་ཞེས་བྱ།

རིགས་དབྱེ།  

སྒྲ་གདངས་ཆེ་བA

སྒྲ་གདངས་ཆེ་བAནི་སྒྲ་གདངསAཡི་གདངས་ཆེ་བ་དེ་ཡིན། དེརA、B、C♯、D、E、F♯、G♯、དངAཡིས་གྲུབ་ཡོད། གདངས་རྟགས་ལ་འདེགས་རྟགས་གསུམ་ཡོད། མཉམ་འགྲོ་སྒྲ་གདངས་ཆུང་བ་ནིfའདེགས་པའི་སྒྲ་གདངས་ཆུང་བ་དེ་ཡིན། སྒྲ་གདངས་གཙོ་བོ་མཚུངས་བའི་སྒྲ་གདངས་ཆུང་བ་ནི་སྒྲ་གདངས་ཆུང་བaཡིན།

རིགས་དབྱེ།  

བརྒྱད་ཆའི་སྒྲ་རྟགས།

རོལ་དབྱངས་ཟིན་ཐོར་འགོད་བྱེད་ཀྱི་རྟགས་ལ་སྒྲ་རྟགས་ཞེས་བྱ། དབྱངས་ཧྲིལ་བོ་གཅིག་གི་རིམ་པ་གཉིས་སུ་བགོས་པར་གཉིས་ཆའི་སྒྲ་རྟགས་ཟེར། དེ་ལྟར་རིགས་བསྒྲེ་བྱེད་པ་དང་རིམ་པ་བརྒྱད་དུ་དགར་ན་བརྒྱད་ཆའི་སྒྲ་རྟགས་ཞེས་བྱ། དགར་བ་ཇི་ལྟར་མང་ན་དུས་ཀྱི་ཡུན་དེ་ལྟར་ཐུང་། 8ཆའི་སྒྲ་རྟགས་ཀྱི་དུས་ཡུན་ནི་དབྱངས་ཧྲིལ་བོའི1/8ཡིན། རོལ་མོའི་དབྱངས་ཡིག་ཁྲོད་བརྒྱད་ཆའི་སྒྲ་རྟགས་ནི་སྒྲ་རྟགས་དུས་ཡུན་རིགས་ཤིག་ཡིན། ཐིག་ལྔའི་དབྱངས་ཡིག་ནང་བརྒྱད་ཆའི་སྒྲ་རྟགས་ནི་ཁོག་སྟོང་མིན་པའི་འཇོང་སྒོར་སྟེང་དར་ཆའི་རྟགས་གཅིག་མཇུག་ཏུ་ཡོད་པ་ཞིག་མཚོན་ཡོད།

རིགས་དབྱེ།  

མཚམས་འཇོག་སྒྲ་རྟགས།

སྒྲ་གདངས་རིང་ཐུང་མི་འདྲ་བའི་བར་མཚམས་འཇོག་པའི་དུས་ཡུན་ཟིན་བྲིས་སུ་འགོད་པའི་རྟགས་ལ་མཚམས་འཇོག་སྒྲ་རྟགས་ཟེར། སྒྲ་ནུས་ཀྱི་རྩ་བའི་ཕན་ཚུན་འབྲེལ་བ་ནི། ཅུང་ཆེ་བའི་སྒྲ་ནུས་དང་དེའི་ཆེས་ཉེ་བའི་ཅུང་ཆུང་བའི་སྒྲ་ནུས་བསྡུར་ཚད་ནི2དང1གི་བསྡུར་ཚད་ཡིན། དཔེར་ན་སྒྲ་ཧྲིལ་བོ་ནི་མདོར་ན་གཉིས་ཆའི་སྒྲ་རྟགས་གཉིས་ཡིན། མཚམས་འཇོག་སྒྲ་རྟགས་ཧྲིལ་བོ་ནི་གཉིས་ཆའི་མཚམས་འཇོག་སྒྲ་རྟགས་གཉིས་ཡིན།

རིགས་དབྱེ།  

གཞས་གདངས་སྡེབ་སྒྲོག(རོལ་དབྱངས་གཞུང་ལུགས་ཀྱི་མིང་ཚིག)

གཞས་གདངས་སྡེབ་སྒྲོག་བྱེད་པ་ནི། སྐད་སྒྲ་གཉིས་སམ་གཉིས་ཡན་ངེས་གཏན་ངེས་ལུགས་ཀྱིས་དུས་མཉམ་དུ་སྒྲ་འབྱིན་དེ་གྲུབ་པའི་སྒྲའི་ཚན་སྡེབ་ཞིག་ལ་བྱ།

རིགས་དབྱེ།  

སྒྲ་ཤུགས།

སྒྲ་ཤུགས་ནི་འབྱུང་བྱ་སྒྲ་དེ་ཉིད་འབྱུང་ཡུལ་གང་དེའི་འགུལ་ཤུགས་ཆེ་ཆུང་ལ་བརྟེན་ནས་བྱུང་བའི་སྒྲའི་གྲགས་ཚད་ལ་ཟེར།

རིགས་དབྱེ།  

སྒྲ་ཚད།

སྒྲ་ཚད་ནི་གང་ཞིག་སྒྲ་དེ་ཉིད་མིའི་དབང་པོས་གསལ་བར་འབྱེད་པའི་མཐོ་དམན་བར་གསུམ་གྱི་གཞི་གནས་གང་ཟིན་པའི་ཚད་ལ་ཟེར།

རིགས་དབྱེ།  

ཡང་བའི་རོལ་མོ།

ཡང་བའི་རོལ་མོ་ཞེས་པ་ནི་ཀུན་ཁྱབ་རོལ་མོའི་ནང་གསེས་ཤིག་ཡིན་པ་དང་། དེ་ལ་སྟབས་བདེ་ཞིང་གོ་སླ་ལ། བདེ་ལྕག་འཁྱུག་པ། ཀུན་ཏུ་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དོན་སྙིང་དང་བསམ་བློའི་ནུས་པ་ཁྱབ་ཆེན་པོ་ལྡན་ཡོད་པ་རེད།

རིགས་དབྱེ།  

དྲག་ཆར་འབབ་ལ་ཉེ།

《དྲག་ཆར་འབབ་ལ་ཉེ》ཞེས་པའི་སྙན་ངག་དེབ་འདི་ནི་བྷོ་བྷི.རྡེ་ལོཎ་གྱིས་སྤྱི་ལོ1961—སྤྱི་ལོ1963ལོར་བརྩམས་ཤིང་འདིའི་ནང་དུ་ཁོང་གི་ཆེས་ཐོག་མའི་གྲས་སུ་ཡོད་པའི་གླུ་གཞས་ཆེད་སྒྲིག་གཉིས་བསྡུས་ཡོད།

རིགས་དབྱེ།  

ས་འོག་ནས་ཕ་ཡུལ་དྲན་པའི་གད་རྒྱངས།

བྷོ.བྷི་རྡེ་ལོཎ་གྱི་སྙན་ངག་དེབ《ས་འོག་ནས་ཕ་ཡུལ་དྲན་པའི་གད་རྒྱངས》ཞེས་པ་འདི་རུ་སྤྱི་ལོ1964-སྤྱི་ལོ1965ལོའི་བར་གྱི་ཐོག་མའི་ཆེད་སྒྲིག་ལས་ཉིང་བཏུས་བརྩམས་ཆོས་ཁག་ཅིག་བསྡུས་ཡོད།

རིགས་དབྱེ།  

ཐིག་ལྔའི་དབྱངས་ཡིག

ཐིག་ལྔའི་དབྱངས་ཡིག་ནི་འཛམ་གླིང་ཡོངས་སུ་ཁྱབ་གདལ་དུ་སྤྱོད་པའི་དབྱངས་ཡིག་འགོད་ཐབས་ཡིན་པ་དང་། ཆེས་ཐོག་མར་ཀེ་རི་སེ་ནས་བྱུང་བ་དང་དུས་རབས15པར་ནུབ་གླིང་དུ་དར་ཞིང་། དུས་རབས17པར་ཁོ་ལག་ཡོངས་སུ་རྫོགས་ཤིང་ད་ལྟའི་བར་བེད་སྤྱོད་གཏོང་བཞིན་ཡོད། དུས་རབས19པའི་དུས་དཀྱིལ་ཙམ་ནས་ཀྲུང་གོར་དར་བ་རེད།

རིགས་དབྱེ།  

དར་ཁྱབ་ཆེ་བའི་རོལ་མོ།

དར་ཁྱབ་ཆེ་བའི་རོལ་མོ་ནི་དབྱིན་ཡིག་གིPopular Musicཞེས་པ་ཚུར་བསྒྱུར་བ་ཡིན། ཚིག་ངོས་ནས་གོ་བ་བླངས་ན་དར་ཁྱབ་ཆེ་བའི་རོལ་མོ་ཞེས་པ་ནི་སྒྲིག་གཞི་ཐུང་ལ་ཆུང་བ། ནང་དོན་གོ་བདེ་བ། རྣམ་པ་འཁྲུག་ཆ་དོད་པ། བརྩེ་དུང་ཟབ་པ། རྒྱ་ཆེའི་མང་ཚོགས་རྣམས་དགའ་བ། སྤྱི་ཁྱབ་ཏུ་ལེན་ཤེས་པ་དང་ཉན་སྤྲོ་བ། དུས་སྐབས་རེའམ་ཡང་ན་མི་རབས་རྗེས་མར་རྒྱུན་བསྲིངས་ཏེ་དར་ཁྱབ་ཏུ་འགྲོ་ཐུབ་པའི་རོལ་ཆའི་གདངས་དབྱངས་སམ་གླུ་གཞས་ལ་གོ རོལ་ཆས་གདངས་དབྱངས་སམ་གླུ་གཞས་འདི་དག་ནི་འཚོ་བའི་ས་ཞིང་དུ་སྨིན་པས་ན་མང་ཚོགས་གླུ་དབྱངས་ཞེས་ཀྱང་བྱ།

རིགས་དབྱེ།  

སྡེབ་ལེན་ཆེན་མོ།

སྡེབ་ལེན་ཆེན་མོ་ནི་སྐད་སྒྲ་མང་པོའི་མགྲིན་དབྱངས་བརྩམས་ཆོས་ཀྱི་སྒྱུ་རྩལ་རིགས་ཤིག་ལ་བྱ། དེས་བླངས་བྱ་ནི་མང་པོ་མཉམ་སྡེབ་ཀྱིས་སྒྲ་གདངས་གཅིག་གྱུར་དང་མཐུན་སྦྱོར་ཡིན་དགོས་པ། ཁྱབ་གདལ་རང་བཞིན་ཆེས་ཆེ་བ་དང་། ནང་ཞུགས་རྒྱ་ཆེས་ཆེ་བའི་རོལ་མོའི་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན། མིའི་སྐད་སྒྲ་དེ་སྡེབ་ལེན་སྒྱུ་རྩལ་གྱི་མཚོན་སྟངས་ལག་ཆར་བྱེད་པ། དེར་ཐུན་མོང་མ་ཡིན་པའི་ཁྱད་འཕགས་རང་བཞིན་ལྡན། ཐད་ཀར་རོལ་མོའི་བརྩམས་ཆོས་ཁྲོད་ཀྱི་བསམ་བློའི་བརྩེ་དུང་མཚོན་པར་བྱེད་པ་དང་ཉན་མཁན་གྱི་བརྩེ་དུང་ཤུགས་དྲག་ཏུ་བསྐྱེད་ཐུབ།

རིགས་དབྱེ།