པ་ཏྲ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

པ་ཏྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཐང་ག)

རྩ་བའི་རྨང་གཞི་ནི་པ་ཏྲ་རིགས་བརྒྱད་ཀྱི་སྙིང་བོ་གན་ལོག་གཟུགས་ཀྱི་པ་ཏྲ་སྟེ་སེང་སྣ་པ་ཏྲ་ཁུག་སོ་རིམ་པ་གསུམ་ཅན་དང་།དེ་ནས་རི་མོ་འབྲི་བ་ལ་རྨང་གཞི་པ་ཏྲ་སྟེ་ཕྱི་དབྱིབས་ཟུར་གསུམ་སོགས་གང་འདོད་ཅིག་བཞག་ནས།པ་ཏྲ་ཕྱི་དབྱིབས་སྐོར་ཞིང་འབྲི་ཞེས་པ་ལྟར་རོ།།
1 ཤིང་མཚོན་པ་ཏྲ།

ཞི་བའི་སྐུ་གཟུགས་སྐོར་གྱི་པ་ཏྲ་བཤད་པ་ལ་པ་ཏྲའི་དབྱིབས་ནི་སེང་སྣ་དང་།རྩ་བའི་རྨང་གཞི་ནི་པ་ཏྲ་རིགས་བརྒྱད་ཀྱི་སྙིང་བོ་གན་ལོག་གཟུགས་ཀྱི་པ་ཏྲ་སྟེ་སེང་སྣ་པ་ཏྲ་ཁུག་སོ་རིམ་པ་གསུམ་ཅན་དང་།དེ་ནས་རི་མོ་འབྲི་བ་ལ་རྨང་གཞི་པ་ཏྲ་སྟེ་ཕྱི་དབྱིབས་ཟུར་གསུམ་སོགས་གང་འདོད་ཅིག་བཞག་ནས།པ་ཏྲ་ཕྱི་དབྱིབས་སྐོར་ཞིང་འབྲི་ཞེས་པ་ལྟར་པ་ཏྲའི་ཁུག་མགོ་སེང་སྣ་པ་ཏྲ་དང་།དེ་ཡང་ཁུག་སོ་གསུམ་ལས་ཐོག་མ་རྒྱ་ཆེ་ལ་གཡས་སྐོར་དུ་འབྲི་བ་ཁོག་དབྱིབས་དང་།དེ་ནས་ཁུག་སོ་སྔ་མ་ལ་རེག་པ་གཡོན་འཁྱིལ་དུ་རིམ་ཆུང་གི་ཁུག་སོ་གཉིས་པ་དང་།གཅིག་པ་ཅན་དང་དག་ཆེ་ཆུང་དང་སྐོར་ཕྱོགས་མ་གཏོགས་གཟུགས་འདྲ་བའི་་སྒོ་ནས་རིམ་པ་མཇུག་རྫོགས་པ་འབྲི་བ་དང་།དེ་རྣམས་སྦྲེལ་མཚམས་སུ་པ་ཏྲ་ཆུང་རིགས་རྣམས་གོང་བཞིན་ཁུག་སོ་སྦྲེལ་མཚམས་ནས་སྟོང་ཆ་སྐོང་བཞིན་བྲིས་པ་དེ་ནི་པ་ཏྲའི་རི་མོའི་རྨང་གཞི་འོད་དང་།བྱེ་བྲག་གི་རྨང་གཞི་ནི་འབྲི་ཡུལ་གྱི་གཟུགས་མི་འདྲ་བ་1རྨང་གཞི་པ་ཏྲ་དང་།2ལྟག་མགོའི་པ་ཏྲ་དང་།3གདུང་མའི་པ་ཏྲ།4ཀ་བའི་པ་ཏྲ།5ལྷས་མའི་པ་ཏྲ།6ཆུ་སྲིན་གྱི་པ་ཏྲ་དང་།7ལྷ་ཞི་བའི་རྒྱབ་འོད་ནོར་འཛིན་པ་ཏྲ།༨བྱིས་སྒྲོ་པ་ཏྲ་སོགས་ཁོག་དབྱིབསགཅིག་མཐུན་སེང་སྣ་དང་།འབྲི་གཞི་དབྱིབས་ལ་གྲུ་བཞི་དང་།ཟླ་གམ་དང་།ཟླུམ་པོ་དང་།འཇང་གོར་དང་།ཟུར་གསུམ་དང་།སྐས་དབྱིབས་དང་།གཟེ་དབྱིབས་སོགས་འདྲ་མིན་གང་བྱུང་ཡང་པ་ཏྲའི་རྨང་གཞི་ལས་འགྱུར་བཟོ་དང་།རྒྱས་བསྡུས་རི་མོའི་འགྲོས་དང་བསྟུན་ནས་བརྒྱན་ཆོག་པ་ནི་པ་ཏྲའི་འགྲོས་ཡུལ་ཤེས་ན་སྲིད་གསུམ་པ་ཏྲས་བརྒྱན་ཆོག་ཅེས་ཟེར་བ་ལྟར་འབྲི་ཤེས་པར་བྱའོ།།

2 སྤྲིན་པའི་པ་ཏྲ།

རྨང་གཞི་དངོས་ལས་ཟུར་དུ་བསྟན་པའི་ཤིང་མཚོན་པ་ཏྲ་སྤྲིན་སྒོ་བཞི་མ་ཞེས་པ་འབྲི་བ་ལ།འབྲི་གཞི་ཆེ་ཆུང་གང་འདོད་ཀྱི་ཕྱི་དབྱིབས་གྲུ་བཞི་ནར་མོ་ལ་ཐིག་ཆེན་བརྒྱད་དང་།དེ་ནས་བྱེ་བྲག་གི་དབྱིབས་ཏེ་གཟེ་དབྱིབས་བཞག་ནས་རི་མོའི་མ་ཡི་དབུས་ཀྱི་སྤྲིན་སྒོ་བཞི་སེང་སྣ་པ་ཏྲའི་གཟུགས་ཀྱི་དབུས་འཁྱིལ་པ་དང་།དེ་ནས་འོག་གི་འཁྱིལ་འབྲི་བ་དང་མཉམ་དུ་ཕྱི་དབྱིབས་འབྲི་བ་དང་།རིམ་བཞིན་གཡས་ཀྱི་འཁྱིལ་དང་གོང་ལྟར་ཕྱི་དབྱིབས་ནས་རིམ་བཞིན་གཡོན་སོགས་འབྲིའོ།།དེ་ནས་མཚམས་བཞིའི་གཡས་སྟོད་ཀྱི་སྤྲིན་པ་གཡས་སུ་ནང་དུ་འཁྱིལ་པ་དང་།དེ་ནས་རི་མོའི་མ་ཡིས་དབྱིབས་བཞིན་ཐད་ཀར་ཁུག་གསུམ་དང་ལྟན་པའི་ལྟག་འགོའི་བར་འཐེན་པ་དང་།དེ་ནས་རི་མོའི་བུ་ཡིས་དེ་ལ་བརྟེན་ནས་དབྱིབས་ཟུར་གསུམ་རྣམ་པ་ཅན་འབྲི་བ་དང་།གཞན་རྣམས་ཁ་སྐོང་སྟངས་ཙམ་ལས་འབྲི་ཚུལ་དེ་དང་འདྲ་བས་དེ་ལ་བསམ་གཞིག་བྱ་ནས་གཞན་དག་འབྲི་ཤེས་དགོས་སོ།།དེ་བཞིན་ཕྱོགས་བཞི་ལ་འབྲི་སའི་ཡུལ་ཡོད་ན་དེ་དང་མཐུན་པའི་སྤྲིན་སྒོ་སེང་སྣ་འཚམ་པོ་རེ་འབྲི་བ་དང་།སྤྲིན་པའི་རིགས་ཀྱི་ཤིང་ཚོན་དཀར་བཅད་སུམ་མདངས་ཅན་རྣམས་རྨང་གཞི་འདིས་རྟོགས་ཀྱང་ཀ་འགོ་དང་ཡག་ཟེ་སོགས་འབྲི་གཞི་མི་འདྲ་བ་དང་།གཟུགས གཞན་འབྲི་དགོས་པའི་རྐྱེན་གྱིས་འགྱུར་བཟོ་བྱ་ནས་མཛེས་ཤིང་ཉམས་དགའ་བའི་བཟོ་བཀོད་ལ་མཁས་པར་བྱས་ནས་འབྲི་དགོས་སོ།།


3 མེ་ཏོག་དང་ལོ་མའི་པ་ཏྲ།

དང་པོ་ཕྱི་དབྱིབས་གྲུ་བཞི་ནར་མོ་ཅན་ལ་ཚངས་ཐིག་བཏབ་ནས་བྱེ་བྲག་གི་དབྱིབས་ལ་མེ་ཏོག་གི་དབྱིབས་གོང་ནས་བསྟན་ཟིན་པ་ལྟར་རོ།།ལོ་མའི་པ་ཏྲ་ནི་དབྱིབས་ཟུར་གསུམ་ཅན་ལ་དང་པོ་ཕྱི་དབྱིབས་གཡོན་སྐོར་གྱིས་ཁུག་སོ་དང་པོ་དང་།དེ་ནས་གཉིས་པ་རིམ་བཞིན་ནང་གི་ཁུག་སོ་འབྲི་བ་དང་།དེའང་གཡས་སྐོར་དུ་འབྲི་སྟངས་སྔོན་མ་ཇི་བཞིན་དང་།དེ་ནས་དབུས་ཀྱི་འབྲས་བུ་མཚོན་པ་དེ་ནང་ནས་གཡས་སྐོར་དང་།དེ་ནས་ཕྱི་ཁོག་བྱིས་མཆུའི་ཉམས་དང་བཅས་འབྲིའོ།།འདི་ཡང་རི་མོ་འཐེན་ཚུལ་མ་གཏོགས་ཕྱོགས་གཞན་རྣམས་འདི་དང་འདྲ་བ་ཤིང་ཚོན་གྱི་རྨང་གཞི་དང་།རྨང་གཞི་འདི་དག་རྩ་བའི་རྨང་གཞི་ལས་ཟུར་དུ་འཕྲོས་པའི་རི་མོ་ཡིན་ལ་འབྲི་གཞི་ཡང་གོང་ལྟར་གབ་ཙང་དང་བབ་ལི།ཡག་ཟེ།ཀ་མགོ་སོགས་ཏེ་དེའི་དབྱིབས་གཟུགས་ཀྱི་འབྲི་ཐབས་ནི་དཔེ་རིས་ལས་སྟོན་ཡོད་ཀྱང་མཚོན་དོན་ནི་ཁྱུང་ཆེན་གྱིས་སྒྲོ་གུར་ཕབ་པའི་ཉམས་ཅན་ཡག་ཟེ་དང་།རྒྱལ་སྲིད་སྣ་བདུན་ཚང་བའི་ཀ་གཞུའི་ཚོན་དོན་དག་དང་།དེ་ཡང་ནང་དུ་བྱ་འབྲུག་སོགས་ཀྱིས་བརྒྱན་པའི་གོང་བཞིན་འགྱུར་བཟོར་བྱས་ནས།གཙུག་ལག་ཁང་ནང་གི་ཤིང་ཚོན་པ་ཏྲ་རྣམས་མཛེས་ཤིང་བརྗིད་ཆགས་ལྡན་པ་འབྲི་ཤེས་པར་བྱའོ།།འདི་དག་སོགས་ཀྱི་སྐབས་སུ་སློབ་མ་ལ་དུས་ཚོད་ངེས་ཅན་ཞིག་སྤྲད་ནས།ལེགས་མགྱོགས་དག་གསུམ་གྱི་འགྲན་བསྡུར་ཆུང་ཆུང་རེ་སྤེལ་ན་ལག་པའི་གྲིམ་ལྷོད་དང་དལ་བྲེལ་གྱི་རྩལ་སྟེར་བ་མ་ཚད།བྱིང་ཉོབ་དང་ལེ་ལོ་ཅན་ལའང་ཕན་པས་སྐབས་སྐབས་སུ་ཐབས་ཤེས་དེ་རིགས་ཀྱང་སྤྱད་ནས་རི་མོའི་སློབ་ཁྲིད་བྱས་ན་དགེ་མཚན་མང་པོ་ཡོད་པ་ལགས་སོ།།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རི་མོ། ཐང་ག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-20

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།