བྲིས་སྐུའི་ཆ་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐུ་ཉམས་འབྲི་ཚུལ་གྱི་ཐིག་རྩ་འདི་དག་ནི་ལས་དང་པོ་བ་དག་གི་ཐོག་མའི་སྦྱངས་བྱ་ཡིན་ལ། དེ་ལས་མཉམ་མེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བྱང་ཆུབ་པར་འབྲི་ཤེས་པ་བྱུང་ན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཐའ་དག་གི་སྐུ་བརྙན་ཚད་དང་ལྡན་པ་འབྲི་ཤེས་པར་འགྱུར་བ་དང་། དེ་བཞིན་བླ་རྒྱུད་དང་གཞི་བདག་སོགས་ཀྱི་གཟུགས་སྐུའི་ཆ་ཚད་ཀྱང་གཚོ་བོའི་སྐུ་འབྲི་ཤེས་པར་གྱུར་ན་ནི་གཞན་དག་འབྲི་ཤེས་པར་འགྱུར་རོ། །
1 རྨང་གཞི་ཤེས་བྱ། 

སྐུ་ཉམས་འབྲི་ཚུལ་གྱི་ཐིག་རྩ་འདི་དག་ནི་ལས་དང་པོ་བ་དག་གི་ཐོག་མའི་སྦྱངས་བྱ་ཡིན་ལ། དེ་ལས་མཉམ་མེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བྱང་ཆུབ་པར་འབྲི་ཤེས་པ་བྱུང་ན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཐའ་དག་གི་སྐུ་བརྙན་ཚད་དང་ལྡན་པ་འབྲི་ཤེས་པར་འགྱུར་བ་དང་། དེ་བཞིན་དུ་འཇམ་དཔལ་གཞོན་ནུའི་སྣང་བརྙན་ལས་བྱང་སེམས་ལོངས་སྐུའི་རིགས་མཐའ་དག་དང་། རྗེ་བཙུན་ཨཱརྱ་ཏ་རེ་མ་ལས་ལོ་ལྷའི་རིགས་སུ་གྱུར་བ་རྒྱལ་ཡུམ་ལྷ་མོ་ཕལ་མོ་ཆེ། གསང་བའི་བདག་པོ་ཕྱག་རྡོར་ལས་ཅུང་ཁྲོ་བའི་རིགས་སུ་གྱུར་བ་མཐའ་དག  རྗེ་ཙོང་ཁ་པ་ལས་བླ་རྒྱུད་ཀྱི་རིགས་སུ་གྱུར་བ་ཕལ་མོ་ཆེ། ཨ་མྱེས་རྨ་ཆེན་ལས་འཇིག་རྟེན་པའི་ཡུལ་ལྷ་གཞི་བདག་དབང་འདུས་ཅན་ཕལ་མོ་ཆེའི་ཆ་ཚད་ཚང་ལ་མ་ནོར་བར་འབྲི་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་དང་། ཇི་ལྟར་བཞེངས་པའི་འབྲི་རིམ་དང་ཐིག་རགས་པ་ནི་གཙོ་བོ་དགེ་རྒན་མཁས་པའི་ངག་དང་ཞལ་བཀོད་ལ་བརྟེན་ན་བཟང་སྟེ། འདིར་ནི་རི་མོའི་ལམ་ནས་ཕྱོགས་ཙམ་བསྟན་ན། 

 བྱང་སེམས་བཞེངས་སྐུའི་ཆ་ཚད།

QQ截图20151221085049.png

བྱང་སེམས་བཞེངས་པའི་སྐུའི་ཆ་ཚད།

QQ截图20151221090407.png

བཞུགས་སྐུ་རྡོ་རྗེ་སྐྱིལ་ཀྲུང་གི་ཆ་ཚད།

QQ截图20151221090648.png

ཁྲོ་བོ་སྤྱིའི་ཆ་ཚད། 

2 སྐུ་གཟུགས་འགྱུར་སྟངས།

སྐུ་གཟུགས་ཀྱི་ཆ་ཚད་དག་བློར་ངེས་རྗེས་བྲི་བྱ་གཞིར་བཟུང་སྟེ་སངས་རྒྱས་དང་བྱང་སེམས། འགྲོ་བའི་སྣང་བརྙན་སོགས་འབྲི་བའི་སྐབས་སུ་ཆ་ཚད་མི་བཀོད་པར་རང་མོས་ཀྱིས་འབྲི་སྦྱོང་བྱ་དགོས་པ་དེ་ཡང་བོད་ཀྱི་ལྷ་རིས་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཡིན། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུའི་ཆ་ཚད་བྱང་ཆུབ་པར་བློ་ལ་ངེས་རྗེས་རང་མོས་ཀྱིས་སངས་རྒྱས་ཀྱི་སྐུའི་རྣམ་པ་སྣ་ཚོགས་འབྲི་སྦྱོང་བྱས་ན་ལག་རྩལ་ཡར་རྒྱས་འཆར་འགོད་ཀྱི་བློ་གྲོས་སོགས་ལ་ཕན་པ་ཆེན་པོ་ཡོད། 

QQ截图20151221091055.png   QQ截图20151221091111.png

བཞེངས་སྐུ། 

QQ截图20151221091257.png   QQ截图20151221091319.png

བཞུགས་སྐུ། 

3 ཉན་ཐོས་དང་རྣལ་འབྱོར་བ་སོགས་འབྲི་ཚུལ།

ཉན་ཐོས་དང་རྣལ་འབྱོར་བའི་སྣང་བརྙན་འབྲི་དུས་སྐའི་ཆ་ཚད་སངས་རྒྱས་ལས་ཆུང་པ་དང་། ལུས་ཀྱི་འགྱུར་བརྙན་ཡང་བྱེད་ལས་དང་བསྟུན་དགོས། ལྷག་པར་དུ་གདོང་གི་རྣམ་འགྱུར་དང་ཡན་ལག་གི་འགུལ་སྟངས་སོགས་བྱེད་ལས་དང་མཐུན་དགོས་པ་དང་།  དེ་བཞིན་ན་བཟའི་ལྟེབ་རིས་ཀྱང་ལུས་པོའི་འགུལ་སྟངས་དང་མཐུན་པར་བྱས་ན་འགུལ་ཉམས་མངོན་པར་ཐོན་སྲིད་པ་ཡིན། གཤམ་ནས་རི་མོ་ལས་ཅུང་མཚོན་པར་བྱས་ན།

QQ截图20151221091657.png

ཉན་ཐོས། 

QQ截图20151221091809.png

བླ་སྐུ། 

QQ截图20151221091956.png  QQ截图20151221091931.png

རྣལ་འབྱོར་པ། 

4 ལོངས་སྐུ་འབྲི་ཚུལ།

ལོང་སྐུའི་ཁྱད་ཆོས་གཙོ་བོ་ནི་རྒྱན་གོས་ཡིན་པ་དང་། དེ་ཡང་དང་ཐོག་རྒྱ་གར་རྒྱལ་བོའི་ཆ་ལུགས་ལ་བལྟས་ནས་བྱུང་བ་ཞིག་ཡིན། མི་རིགས་རེ་རེའི་རྒྱན་གོས་མི་གཅིག་པས་དད་པའི་སྟོབས་ཀྱིས་ལོངས་སྐུས་བོད་ལྭ་མནབས་ནའང་མི་འགྲིག་རྒྱུ་མེད་དོ། །

QQ截图20151221092231.png

ལོངས་སྐུ།     

5 རྒྱལ་བོ་འབྲི་ཚུལ།

རྒྱལ་བོ་འབྲི་བ་ལ་བོད་ཁམས་ཐོག་མར་གཅིག་གྱུར་བྱེད་མཁན་དང་། བོད་མི་རིགས་ལེགས་པའི་ལམ་དུ་འཇུག་མཁན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་འབྲི་རྩལ་སྦྱངས་ཆོག། དེ་འབྲི་དུས་ཁྱད་ཆོས་གཙོ་བོ་འཇིགས་པ་མེད་པའི་དཔའ་བོའི་སྙིང་སྟོབས་དང་ཉམས་པ་མེད་པའི་ཡེ་ཤེས་ཀྱི་བློ་གྲོས་མཚོན་དགོས་པར་མ་ཟད་། ཞལ་རས་སུ་བྱམས་དང་སྙིང་རྗེ་སོགས་ཀྱི་ཉམས་ཐོན་དུ་བཅུག་ན་ལེགས་པ་ཡིན།             

QQ截图20151221092408.png

རྒྱལ་པོའི་ཆ་བྱད། 

6 ལྷ་མོ་འབྲི་ཚུལ། 

འདིར་ལྷ་མོ་འབྲི་བ་ལ་ཐོག་མར་བོད་མི་རིགས་ཀྱི་ནང་ནས་མཛེས་མ་དག་གི་གཟུགས་བྱད་ཚད་གཞི་བྱས་པའི་ཐོག་བྱེད་ལས་དང་སྦྱར་ནས་སྒེག་ཉམས་མངོན་པར་བྱ་དགོས་ཏེ། གཤམ་ནས་རི་མོ་ལས་ཅུང་མཚོན་པར་བྱས་ན། 

QQ截图20151221092629.png

རྒྱལ་ཡུམ་ལྷ་མོ། 

7 ཆོས་སྐྱོང་འབྲི་ཚུལ།

ཆོས་སྐྱོང་ནི་བསྟན་པ་སྲུང་སྐྱོབ་བྱ་མཁན་དང་མ་རུང་བའི་བསྟན་དགྲ་ཚར་གཅོད་བྱེད་མཁན་ཡིན། ཆོས་སྐྱོང་གི་རིགས་འབྲི་ན་སྤྱིར་ཁྲོ་བོའི་ཉམས་འབུར་དུ་དོད་དེ་དེའི་བྱེད་ལས་དང་མཐུན་པར་བྱ་རྒྱུ་དང་། ལྷག་པར་དུ་གདོང་གི་སྤྱན་ཞལ་གཉིས་ལ་དྲག་པོའི་ཉམས་ཐོན་རྒྱུ་ནི་གལ་ཆེའོ། །

QQ截图20151221092800.png

ཆོས་སྐྱོང་།

8 བརྟན་མ་འབྲི་ཚུལ།

བརྟན་མའི་སྐོར་ནི་ཞི་བའི་ལྷ་མོའི་རིགས་ཅུང་ཙམ་ཁྲོ་བར་བྱས་ནས་ཞི་མ་ཁྲོའི་སྣང་བརྙན་མངོན་ན་ལེགས་པ་ཡིན། 

QQ截图20151221092954.png

བརྟན་མ།

9 ཡུལ་ལྷ་གཞི་བདག་འབྲི་ཚུལ།

ཡུལ་ལྷ་གཞི་བདག་ནི་བསང་མཆོད་ལྟར་ལུས་ཀྱི་སྣང་བརྙན་ལེགས་པོར་འབྲི་དགོས་ཏེ། གཤམ་ནས་རི་མོ་ལས་མཚོན་པར་བྱས་ན། 

QQ截图20151221093137.png

ཡུལ་ལྷ་གཞི་བདག

10 འགྲོ་བ་གཞན་དག་འབྲི་ཚུལ།

གཟུགས་མེད་ཀྱི་འགྲོ་བ་དག་ནི་འཚོ་བའི་ཁྲོད་དུ་མཐོང་ཁག་པོ་ཡིན་མོད། ཆོས་གཞུང་དུ་དེ་དག་གི་སྣང་བརྙན་གསལ་བོར་བསྟན་ཡོད། 

QQ截图20151221093302.png

ཀླུ་མོ།

QQ截图20151221093421.png

འགྲོ་བ་གཞན་དག

11 སྲོག་ཆགས་འབྲི་ཚུལ།

སྲོག་ཆགས་ལ་རིགས་མང་པོ་ཡོད་དེ། དཔེ་རིས་འབྲི་དུས་ཐོག་མར་སྲོག་ཆགས་དེ་དག་དངོས་བྲིས་ལས་ཅུང་ཙམ་ཉམས་ཐོན་ན་ལྷ་བྲིས་དང་མཐུན་ནོ། །

QQ截图20151221093604.png

རྟ་མཆོག

QQ截图20151221093733.png

འབྲུག་དང་སེང་གེ 

གོང་གི་རི་མོ་དག་ནི་རི་མོའམ་ཐང་ག་འབྲི་བའི་རྨང་གཞིའི་ཤེས་བྱ་ཙམ་གྱི་སླད་དུ་མདོར་བསྡུས་སུ་བཀོད་པ་ཡིན་པས། ཀུན་ཀྱིས་གཞུང་ལུགས་དང་འབྲེལ་ཏེ་འབྲི་སྦྱོང་བྱེད་པར་ཕན་ངེས་པར་སེམས་སོ། ། 


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། ཐང་ག། བྲིས་སྐུའི་ཆ་ཚད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-13

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།