མི་དམངས་དཔའ་བོའི་དྲན་རྟེན་རྡོ་རིང་སྟེང་གི་ཕྱེད་འབག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དམངས་དཔའ་བོའི་དྲན་རྟེན་རྡོ་རིང་སྟེང་གི་ཕྱེད་འབག
འབུར་བརྐོས་གཡང་ཊི་དཀར་པོ་ཆེན་པོ་བཅུ་བོ་དེ་མི་དམངས་དཔའ་བོའི་དྲན་རྟེན་རྡོ་རིང་གི་ཕྱོགས་བཞིར་ཕྲ་རྒྱན་ཞིག་གི་ཚུལ་གྱིས་འབུར་དུ་བརྐོས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民英雄纪念碑上的浮雕
ཕྱི་ཡིག་གི་མིང་།
Relief on the monument to the people's Heroes
ཁོངས་གཏོགས།
ཀྲུང་གོ
ས་གནས།
རྒྱལ་ས་པེ་ཅིང་གྲོང་ཁྱེར།
1 ​མཚམས་སྦྱོར།

ཀྲུང་གོའི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་དུ་བཞེངས་ཡོད་པའི་མི་དམངས་དཔའ་བོའི་དྲན་རྟེན་རྡོ་རིང་སྟེང་གི་ཕྱོགས་བཞི་རུ་ཕྱེད་འབག་དུམ་བུ10བཞེངས་ཡོད།  དེ་དག་གིས་སྤྱི་ལོ1840-1949ལོའི་རིང་གི་ཀྲུང་གོའི་བཙན་རྒྱལ་འཛིན་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་མི་རིགས་བཅིངས་འགྲོལ་དང་མི་རིགས་རང་བཙན་ལ་བརྩོན་པའི་རླབས་ཆེ་བའི་འཐབ་རྩོད་མཚོན་ཡོད།  དེ་ཡང་ཤར་ཕྱོགས་ཀྱི་དུམ་བུ་དང་པོ་ནི་ཧུའུ་མོན་དུ་ཉལ་ཐ་བསྲེགས་པ་དང་།   དུམ་བུ་གཉིས་པ་ནི་ཅིན་ཐེན་འོས་ལངས་ཡིན་པ་དང་།  ལྷོ་ཕྱོགས་ཀྱི་དུམ་བུ་དང་པོ་ནི་ཝུའུ་ཁྲང་འོས་ལངས་དང་།  དུམ་བུ་གཉིས་པ་ནི་ལྔ་བཞི་ལས་འགུལ། དུམ་བུ་གསུམ་པ་ནི་ལྔ་སུམ་ཅུ་ལས་འགུལ་བཅས་ཡིན་པ་དང་།  ནུབ་ཕྱོགས་ཀྱི་དུམ་བུ་དང་པོ་ནི་བརྒྱད་གཅིག་ནན་ཁྲང་འོས་ལངས་དང་། དུམ་བུ་གཉིས་པ་ནི་འཇབ་རྒོལ་དམག་འཁྲུག་ཡིན་པ་དང་། མདུན་ཕྱོགས་ནི་རྒྱལ་ཁའི་ངང་འབྲི་ཆུ་བརྒལ་ཏེ་ཀྲུང་གོ་ཧྲིལ་པོ་བཅིངས་འགྲོལ་བཏང་བ་དང་།  མདུན་ས་ལ་རྒྱལ་སྐྱོར་བྱེད་པ། མི་དམངས་བཅིངས་འགྲོལ་དམག་ལ་དགའ་བསུ་ཞུ་བ་བཅས་ཡིན། 

ཕྱེད་འབག་དེ་ནི་ལིའུ་ཁའེ་ཆུས་ལ་སོགས་སྐབས་དེའི་ཀྲུང་གོའི་འདྲ་འབག་མཁས་པ་དང་རི་མོ་བ་མང་པོས་ཐུན་མོང་དུ་བཞེངས་པ་དང་། དེའི་ནང་དུ་ནུབ་ཕྱོགས་ཀྱི་འདྲ་འབག་གི་ཐབས་ཤེས་སྤྱད་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་ཡང་སྦྱར་ཡོད་པ་ལ།  ཀྲུང་གོ་གསར་པའི་འདྲ་འབག་སྒྱུ་རྩལ་གྱི་མཛད་ཆོས་ཕུལ་བྱུང་ཅན་ཡིན་ཟེར་ཆོག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།