དགའ་སྐྱོ་གཉིས་ལྡན་གྱི་ཟློས་གར་རམ་དྲང་གར་ནི་སྐྱོ་གར་དང་སྤྲོ་གར་གཉིས་ཀ་བསྡུས་ཤིང་རྒྱ་ཆེ་བའི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པ་དང་ཕུན་སུམ་ཚོགས་ལ་རྙོག་འཛིང་ཆེ་བའི་བསམ་བློའི་བརྩེ་གདུང་མཚོན་པའི་ཟློས་གར་གྱི་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 正剧 ཕྱི་ཡིག་གི་མིང་། Serious drama མིང་གཞན། དྲང་གར། དགའ་སྐྱོ་འདྲེས་མའི་ཟློས་གར། འདྲེས་མའི་ཟློས་གར། གོ་དོན། དགའ་སྐྱོ་གཉིས་ལྡན་གྱི་ཟློས་གར་ནི་སྐྱོ་གར་དང་སྤྲོ་གར་གཉིས་ཀ་བསྡུས་ཤིང་རྒྱ་ཆེ་བའི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པ་དང་ཕུན་སུམ་ཚོགས་ལ་རྙོག་འཛིང་ཆེ་བའི་བསམ་བློའི་བརྩེ་གདུང་མཚོན་པའི་ཟློས་གར་གྱི་རིགས་ཤིག་ཡིན། ཁྱད་ཆོས།
དེང་རབས་ཟློས་གར་ནི་དེང་རབས་ཀྱི་འཚོ་བ་བརྗོད་གཞིར་བྱས་ནས་བརྩམས་པའི་ཟློས་གར་སྒྱུ་རྩལ་གྱི་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 现代剧 ཕྱི་ཡིག་གི་མིང་། Modern drama ངོ་སྤྲོད། དེང་རབས་ཟློས་གར་ནི་དེང་རབས་ཀྱི་འཚོ་བ་བརྗོད་གཞིར་བྱས་ནས་བརྩམས་པའི་ཟློས་གར་སྒྱུ་རྩལ་གྱི་རིགས་ཤིག་ཡིན། ཀྲུང་གོའི་དེང་རབས་ཟློས་གར་ནི་ལྔ་བཞིའི་ལས་འགུལ་གྱི་རྗེས་སུ་དར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ས་གནས་ཀྱི་ཁྲང་ཞིའི་རིགས་མང་པོ་ཞིག་གིས་རང་ངོས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་གཞིར་བཞག་གི་སྟེང་དེང་རབས་ཀྱི་འཚོ་བ་མཚོན་པའི་འཁྲབ་གཞུང་ཁག་ཅིག་བརྩམས་ཡོད་ཅིང་།
འཁྲབ་གཞུང་འདི་ནི་སྤྱི་ལོ1876ལོར་མཛད་པ་རེད་ལ། བརྗོད་བྱ་ནི་ཨུ་རུ་སུའི་གནའ་བོའི་བྱིས་སྒྲུང་ལས་བྱུང་བ་དང་། V.P.པེ་ཅི་ཆེ་ཧྥུ་དངV.F.ཁོ་ལི་ལེ་ཚའར་གཉིས་ཀྱིས་འཁྲབ་གཞུང་བརྩམས་པ་དང་། ཁྲའེ་ཁོ་ཧྥུ་སི་ཅི་ཡིས་རོལ་དབྱངས་བརྩམས་པ་རེད། ངོ་སྤྲོད། འཁྲབ་གཞུང་འདི་ནི་སྤྱི་ལོ1876ལོར་མཛད་པ་རེད་ལ། བརྗོད་བྱ་ནི་ཨུ་རུ་སུའི་གནའ་བོའི་བྱིས་སྒྲུང་ལས་བྱུང་བ་དང་། V.P.པེ་ཅི་ཆེ་ཧྥུ་དངV.F.ཁོ་ལི་ལེ་ཚའར་གཉིས་ཀྱིས་འཁྲབ་གཞུང་བརྩམས་པ་དང་། ཁྲའེ་ཁོ་ཧྥུ་སི་ཅི་ཡིས་རོལ་དབྱངས་བརྩམས་པ་རེད།
ཧྥ་རན་སིའི་རོལ་མོ་རྩོམ་པ་པོG.པི་ཚའེ་ཡི1875ལོར་མེ་ལེ་མེ་ཡི《ཁཱ་མོན》ཞེས་པའི་སྒྲུང་རྩོམ་གཞིར་བཟུང་ནས་སྒྲིག་རྩོམ་བྱས་པའི་གླུ་དབྱངས་ཟློས་གར་ཞིག་ཡིན། གླུ་དབྱངས་ཟློས་གར་དེས་རྣམ་པ་མཛེས་ཤིང་གཤིས་ཀ་རྒོད་པའི་ཅི་ཕུའུ་སའེ་བུ་མོ་ཁཱ་མོན་གྱི་སྣང་བརྙན་བཀོད་ཡོད་པ་རེད། རྒྱ་ཡིག་གི་མིང་། 卡门 ཕྱི་ཡིག་གི་མིང་། Carmen ངོ་སྤྲོད། ཧྥ་རན་སིའི་རོལ་མོ་རྩོམ་པ་པོG.པི་ཚའེ་ཡི1875ལོར་མེ་ལེ་མེ་ཡི《ཁཱ་མོན》ཞེས་པའི་སྒྲུང་རྩོམ་གཞིར་བཟུང་ནས་སྒྲིག་རྩོམ་བྱས་པའི་གླུ་དབྱངས་ཟློས་གར་ཞིག་ཡིན།
པི་རོད་ཝའེ་རོལ་མོ་ཟློས་གར་ཞེས་པ་ནི་ཟློས་གར་གྱི་ནང་གསེས་ཤིག་སྟེ། དེ་ལ་རོལ་མོ་དང་ཞབས་བྲོ་ཡོད་ལ་ཟློས་གར་གྱི་འཁྲབ་གཞུང་ཡང་ཡོད་པ་དང་། སྐབས་འགར་ཕྲ་རྒྱས་ཅན་གྱི་གར་སྟེགས་ཀྱི་རི་མོའི་རྒྱབ་ལྗོངས་ཀྱང་ཡོད་པ་རེད། རྒྱ་ཡིག་གི་མིང་། 毕瑞维音乐剧 ངོ་སྤྲོད། པི་རོད་ཝའེ་རོལ་མོ་ཟློས་གར་ཞེས་པ་ནི་ཟློས་གར་གྱི་ནང་གསེས་ཤིག་སྟེ། དེ་ལ་རོལ་མོ་དང་ཞབས་བྲོ་ཡོད་ལ་ཟློས་གར་གྱི་འཁྲབ་གཞུང་ཡང་ཡོད་པ་དང་། སྐབས་འགར་ཕྲ་རྒྱས་ཅན་གྱི་གར་སྟེགས་ཀྱི་རི་མོའི་རྒྱབ་ལྗོངས་ཀྱང་ཡོད་པ་རེད། ལྟད་མོ་དེ་གཙོ་བོར་ཨ་རི་དང་ཁ་ན་ཏ།
གར་སྟེགས་ཀྱི་གསལ་བཤད་ནི་དོན་བརྗོད་ཀྱི་སྐད་ཆའི་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 舞台说明、舞台提示 ངོ་སྤྲོད། གར་སྟེགས་ཀྱི་གསལ་བཤད་ནི་དོན་བརྗོད་ཀྱི་སྐད་ཆའི་རིགས་ཤིག་ཡིན་ཞིང་གཙོ་བོ་གཏམ་རྒྱུད་ལྷགས་སའི་དུས་ཚོད་དང་ས་གནས། མི་སྣའི་རྣམ་འགྱུར། ཟློས་གར་གྱི་ཕྱག་རྒྱའི་གདོང་གཏུགས། གར་སྟེགས་ཀྱི་ཁོར་ཡུག་གི་ཉམས། མི་སྣ་བརྗེ་བ། བྱུང་རིམ་འགྱུར་བ་འགྲོ་བ་སོགས་གསལ་བཤད་བྱེད་རོགས་བྱས་ནས་མི་སྣའི་བསམ་ཚུལ་མངོན་པར་བྱས་ཏེ་མི་སྣའི་ནང་སེམས་དང་མི་སྣའི་གཤིས་རྒྱུད་སོགས་མཚོན་རྒྱུའི་ནུས་པ་ཐོན་ཐུབ་པ་ཞིག་ཡིན།
འཛམ་གླིང་གི་རོལ་མོའི་ཟློས་གར་སྐད་གྲགས་ཆེ་ཤོས་བཞིའི་ཡ་གྱལ་ཡིན་ཞིང་སྙན་གྲགས་ཆེན་པོ་ཡོད་པ་རེད། དེ་ཡང་སྤྱི་ལོ1981ལོར་ཐོག་མར་འཁྲབ་སྟོན་བྱས་པ་ནས་ད་ལྟའི་བར་གྱི་པི་རོད་ཝའེ་ཡི་འཁྲབ་སྟོན་བྱེད་ཡུན་རིང་ཤོས་ཀྱི་རོལ་མོའི་ཟློས་གར་ཡིན། ཕྱི་ཡིག་གི་མིང་། Cats རིགས་དབྱེ། རོལ་མོའི་ཟློས་གར། རྒྱ་ཡིག་གི་མིང་། 猫 འཁྲབ་གཞུང་རྩོམ་པ་པོ། ཨན་ཏི་རུའུ་ཝེ་པུར།(Andrew Lloyd Webber) མདོར་བསྟན་པ། འཛམ་གླིང་གི་རོལ་མོའི་ཟློས་གར་སྐད་གྲགས་ཆེ་ཤོས་བཞིའི་ཡ་གྱལ་ཡིན་ཞིང་སྙན་གྲགས་ཆེན་པོ་ཡོད་པ་རེད།
འཛམ་ཐང་ཟློས་གར་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་ཕྱོགས་ལ་དར་ཁྱབ་ཆེ་བའི་ཟློས་གར་ཞིག་ཡིན། བོད་ཡིག་གི་མིང་། འཛམ་ཐང་ཟློས་གར། རྒྱ་ཡིག་གི་མིང་། 壤塘藏戏 སྤེལ་མཁན། རིག་འཛིན་འཇའ་ལུས་རྡོ་རྗེ། ངོ་སྤྲོད་རགས་བསྡུས། འདིར་བརྗོད་བྱ་གཙོ་བོ་ཨ་མདོའི་བོད་ཀྱི་ཟློས་གར་ཡིན། དེའི་ཁུངས་ནི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་ཟློས་གར་རིག་པ་ཡིན། ལོ་རྒྱུས་སུ་འཁོད་ཡོད་པ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བསྐྲུན་ཅིང་དེའི་འགྲོ་སོང་ལ་ཉིད་ཀྱིས་སྨན་བཅོས་དང་གྲུ་བཟོ་བ།
《དྲག་ཅིང་འཇིགས་སུ་རུང་བའི་རྦ་རླབས》ཞེས་པ་ནི་བརྒྱད་གཅིག་གློག་བརྙན་ཕབ་སྐྲུན་བཟོ་གྲྭས་བཏོན་པའི་བརྗོད་བྱ་གཙོ་བོའི་གློག་བརྙན་ཞིག་ཡིན་པ་དང་། ཀྲའེ་ཅུན་ཅེ་ཡིས་འཁྲབ་ཁྲིད་བྱས་པ་དང་ལིའུ་ཅན་ཝེ་ཡིས་འཁྲབ་གཞུང་བརྩམས་ཤིང་། ཝུའུ་ཀང་དང་ཉིང་ཅིང་། ལི་ཡིའུ་པིན། ཀྲའོ་ཡིའུ་ལིང་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད་ལ། གློག་བརྙན་དེ་སྤྱི་ལོ2003ལོའི་ཟླ3པའི་ཚེས1ཉིན་ཀྲུང་གོའི་ནང་ལོགས་ནས་འགྲེམས་སྟོན་བྱས་ཡོད། གློག་བརྙན་དེའི་ཁྲོད་སྤྱི་ལོ1998ལོའི་འབྲུབ་འགོག་ཆེན་པོ་རྒྱབ་ལྗོངས་སུ་བྱས་ནས་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་ཆུ་སྐྱོན་ཚབས་ཆེན་དེའི་མདུན་དུ་རྒྱལ་ཡོངས་དམག་དམངས་ཀྱིས་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྒྲིལ་ནས་དཔའ་ངར་ཆེན་པོས་ཆུ་འགོག་
《ཟླ་བྲལ་མཛད་བཟང》ཞེས་པ་ནི་ལིའུ་ཞའོ་ཆིང་གིས་བུད་མེད་འཁྲབ་སྟོན་པ་གཙོ་བོའི་འགན་འཁུར་བའི་གཏམ་བརྗོད་ཟློས་གར་ཞིག་ཡིན། སྤྱི་ལོ2012ལོའི་ཟླ4པའི་ཚེས11ཉིན་པེ་ཅིང་དུ་འཁྲབ་སྟོན་ཐོག་མ་བྱས་རྗེས་གཏམ་བརྗོད་ཟློས་གར《ཟླ་བྲལ་མཛད་བཟང》རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་ལམ་བུར་བསྐྱོད་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བཅུ་གྲངས་སུ་སྔ་རྗེས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་བརྒྱ་བྱས་ཡོད། སྤྱི་ལོ2019ལོའི་ཟླ10པའི་ཚེས20དང་ཚེས21ཉིན《ཟླ་བྲལ་མཛད་བཟང》ཞེས་པ་ཞི་ཉི་ཞིང་གྲུ་ཁའི་གྲོང་ཁྱེར་དུ་འཁྲབ་སྟོན་བྱས་པ་རེད། རྒྱ་ཡིག་གི་མིང་། 《风华绝代》 རིགས་དབྱེ། གཏམ་བརྗོད་ཟློས་གར། ཕབ་སྐྲུན་ས་ཁུལ། ཀྲོང་གོའི་སྐམ་ས་ཆེན་པོ།
《ཏེང་ཞའོ་ཕིང》ནི་ཏིང་དབྱིན་ནན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་འདིས་ཏེང་ཞའོ་ཕིང་གི་ཀྱག་ཀྱོག་གི་གསར་བརྗེའི་ལོ་རྒྱུས་དང་ཁོང་གི་འོད་སྟོང་འབར་བའི་རླབས་ཆེན་གྱི་སྐུ་ཚེ་ཧྲིལ་པོ་མཚོན་ཡོད། རྒྱ་ཡིག་གི་མིང་། 邓小平 ཕྱི་ཡིག་གི་མིང་། Deng xiaoping རིགས་དབྱེ། རྣམ་ཐར། ཕབ་སྐྲུན་དུས་ཚོད། སྤྱི་ལོ2003ལོ། ཕབ་སྐྲུན་ས་ཁུལ། ཀྲུང་གོའི་སྐམ་ས་ཆེན་པོ། པར་ལེན་ལོ་གྲངས། སྤྱི་ལོ2001-སྤྱི་ལོ2002ལོའི་བར།
《སྒྲུབ་པ་ལེགས》ཞེས་པ་ནི་འཇར་འགོག་དམག་འཁྲུག་བརྗོད་བྱ་བྱས་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ཞིང་། སྤྱི་ལོ1941ལོའི་སྟོན་ཁར། ཧྭ་པེ་ས་ཁུལ་དུ་ལག་རྩལ་རྩེར་སོན་པའི་མི་སྣ་སྐོར་ཞིག་གདུག་རྩུབ་ཆེ་བའི་དམག་འཁྲུག་ཁྲོད་མཉམ་དུ་བསྐྱོད་དེ། རྫོང་མཁར་དུ་བཅའ་སྡོད་བྱེད་པའི་འཇར་པན་མཉམ་འབྲེལ་དམག་ལ་རྡུང་རྡེག་བཏང་ནས་སྙིང་འདར་དུ་བཅུག ཁོ་ཚོའི་བྱ་སྤྱོད་ཀྱིས་དམག་སྡེ་བརྒྱད་པའི་ཚད་ལྡན་དམག་དཔུང་ལ་རྒྱལ་ཁ་ཐོབ་པའི་དུས་ཚོད་ཐོབ་པ་མ་ཟད། འཇར་པན་མཉམ་འབྲེལ་དམག་གི་ཧ་ལས་དགོས་པའི་གསང་བ་རྡུལ་དུ་བརླགས་པའི་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་ཅིག་ཡིན། རྒྱ་ཡིག་གི་མིང་།
《སྐྱ་རེངས་མ་བཀྱགས་གོང་ལ》ཞེས་པའི་བརྙན་འཕྲིན་ཟློས་གར་འདི་ནི་སྤྱི་ལོ2010ལོར་ལིའུ་ཅང་གིས་འཁྲབ་ཁྲིད་བྱས་ཤིང་། ཝུའུ་ཞིའུ་པོ་དང་ལིན་ཡུང་ཅན། ལུའུ་ཅན་མིན། ཧའེ་ཆིང་སོགས་ཀྱིས་གཙོ་འཁྲབ་སྟོན་བྱས་པའི་གསང་འཕྲིན་འཐབ་རྩོད་སྐོར་གྱི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། བརྙན་འཕྲིན་ཟློས་གར་དེའི་ནང་གཙོ་བོ་སྤྱི་ལོ1948ལོའི་སྟོན་ཁའི་ཧྲང་ཧའེ་རུ་གསང་མིང་ཆུ་བ་རུ་འབོད་པའི་ཏོན་ཧའེ་ཕིང་གིས་འགོ་ཁྲིད་པའི་ཀྲུང་གུང་གསང་བའི་ཏང་རྩ་འཛུགས་ཀྱིས་གོ་མིན་ཏང་གི་ལྐོག་སྦས་འཆར་གཞིའི་གསང་འཕྲིན་ཐོབ་ཆེད། ལོ་མང་པོར་གོ་མིན་ཏང་ནང་དུ་གསང་མྱུལ་བྱས་པའི་ཀྲུང་གུང་ཏང་ཡོན་ལིའུ་ཞིན་ཅེ་ཡི་ལྐོག་ཏུ་རོགས་རམ་བྱས་པར་བརྟེན་ནས་ཐན་ཀྲུང་ཧྲུའུ་ཡིས་གཙོས་པའི་གོ་མིན་ཏང་གི་གསང་འཕྲིན་ཅུའུ་བརྒྱད་པའི་གསང་མྱུལ་བ་དང་།
ཟློས་གར་འདིའི་ནང་ལི་ཧོ་ནན་ནི་དམག་དཔུང་ནང་ཁུལ་དུ་ཡིབ་ནས་བསྡད་ཡོད་པའི་གུང་ཁྲན་ཏང་ཡིན་པ་དང་། ཐང་ཏུང་དང་དགྲ་ཟླ་ཡིན། ཐང་ཏུང་གིས་ལི་ཧོ་ནན་གྱིས་སྲུང་སྐྱོབ་བྱེད་པའི་མི་དེ་གསོད་ཆེད་ཁོ་དང་འཐབ་འཛིང་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། རྒྱ་ཡིག་གི་མིང་། 《断刺》 ཕབ་སྐྲུན་ཀུང་སི། ཅང་སུའུ་བརྙན་འཕྲིན། འཁྲབ་སྟོན་ས་ཁུལ། ཀྲུང་གོའི་ཅང་སུའུ། ཐོག་མར་གཏོང་བའི་དུས་ཚོད། སྤྱི་ལོ2011ལོའི་ཟླ9པའི་ཚེས11ཉིན། འཁྲབ་ཁྲིད་པ། ཀྲའོ་ཅུན་ཁའེ། འཁྲབ་གཞུང་།
《ཁྱིམ་ཚང་གཅིག་ན་དམག་སྤྱི་གསུམ》ཞེས་པ་ནི་ཏུང་དབྱང་ཅིའུ་ཐེན་གློག་བརྙན་འཕྲིན་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་ཕབ་སྐྲུན་བྱས་པ་དང་སུན་པོ་ཡིས་འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་སྒྲིག་པའི་འགན་གཅིག་ལྕོགས་སུ་ཁུར་ཞིང་། ཡུའུ་ཞའོ་ཀོང་དང་དབྱང་ཧྲོའོ། ཀྲང་ཧུ། ཝུའུ་ཏའེ་ཉིང་སོགས་ཀྱིས་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ལ། ཟློས་གར་དེ་རུ་འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་དབྱང་ཚང་གི་བུ་སྤུན་གསུམ་གྱིས་གཡོ་འགུལ་ཆེ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཁྱིམ་ཚང་གཅིག་ཏུ་དམག་སྤྱི་གསུམ་འཛོམས་པར་བྱས་པའི་གཏམ་རྒྱུད་བརྗོད་ཡོད་པ་དང་།
《རི་ཀླུང》ཞེས་པ་འདི་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཀྲུང་གོ་བརྙན་འཕྲིན་ཟློས་གར་བཟོ་སྐྲུན་ལྟེ་གནས། པེ་ཅིང་ཧྭ་ཀྲོའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི། ནན་ཅིང་ཧོའུ་ལང་གློག་བརྙན་བརྙན་འཕྲིན་བརྡ་ཁྱབ་སྒྱུ་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་གྱིས་བརྙན་ཕབ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཝང་ཡུང་ཁྲུན། ལི་ཡུན་ལེའང་གིས་འཁྲབ་ཁྲིད་བྱས་ཤིང་། ལི་ཡིའུ་པིན་དང་། ལི་ཆང་། ཧྲི་ལན་ཡཱ་སོགས་ཀྱིས་འཁྲབ་སྟོན་བྱས། རྒྱ་ཡིག་གི་མིང་། 江山 ངོ་བོ། ཟློས་གར། གསར་བརྗེ། འཁྲབ་གཞུང་། ཏུན་དབྱི་ཀོང་། འཁྲབ་ཁྲིད་པ། ཝང་ཡུང་ཁྲུན་དང་ལི་ཡུན་ལེའང་། གཙོ་འཁྲབ་པ།
《ཐའེ་ལི་ཧྭ》ནི་ཏཱ་ལེན་ཐེན་ཀུ་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིས་བཏོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཀུའོ་ཅིང་ཡུའུ་ཡིས་འཁྲབ་ཁྲིད་དང་འཁྲབ་གཞུང་བརྩམས། ཁྲེན་ཧྲུའུ་དང་། ཝེ་ཙི། ཀྲང་ཧྲའོ་ཧྭ། དབྱང་ཀྲི་ཀང་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཡོད། ཟློས་གར་དེའི་ནང་ཅིན་ཧྲན་འབྲེལ་མཚམས་ཀྱི་བང་སོ་རྐུ་མཁན་ཚང་གི་བུ་མོའི་ལོ་ཟླའི་གཏམ་རྒྱུད་ངོ་མཚར་ཅན་ཞིག་བརྗོད་ཡོད། རྒྱ་ཡིག་གི་མིང་། 铁梨花 འཁྲབ་ཁྲིད་པ། ཀུའོ་ཅིང་ཡུའུ། རྣམ་པ། དམག་འཁྲུག་དང་གསར་བརྗེ། འཁྲབ་གཞུང་། ཀུའོ་ཅིང་ཡུའུ།
《གཡང་གཟར》ཞེས་པ་ནི་ཀྲང་ཅཱ་དབྱི་དང་སུང་ཅཱ་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་མྱུལ་འཐབ་ཟློས་གར་ཆེན་པོ་ཞིག་ཡིན་ཞིང་། སྤྱི་ལོ2012ལོའི་ལོ་གསར་ལ་ཤར་ཕྱོགས་བརྙན་འཕྲིན་ཁང་དང་། ཐེན་ཅིན་བརྙན་འཕྲིན་ཁང་། ཧེ་ལུང་ཅང་བརྙན་འཕྲིན་ཁང་སོགས་ཀྱིས་ཐོག་མར་བསྟན། ཟློས་གར་དེ་ཆོན་ཡུང་ཞན་གྱིས་སྔོན་གྱི་གསར་རྩོམ་གཏམ་རྒྱུད་ལ་གཞིགས་ནས་བཅོས་སྒྲིག་བྱས་པ་དང་། གཏམ་རྒྱུད་དེ་སྤྱི་ལོ1938ལོའི་ཀྲུང་གོའི་བྱང་ཤར་དུ་བྱུང་བ་ཡིན། རྒྱ་ཡིག་གི་མིང་། 悬崖 འཁྲབ་གཞུང་། ཆོན་ཡུང་ཞན། རྣམ་པ།
《ཉིའེ་རོང་ཀྲེན》ནི་ཀྲོའུ་ཡོའུ་ཁྲའོ་ཡིས་འཁྲབ་ཁྲིད་བྱས་པའི་ལོ་རྒྱུས་ཀྱི་ཟློས་གར་ཞིག་ཡིན་པ་དང་། ལིན་ཡུང་ཅན་དང་། ཆི་ཧོན། ཝང་དབྱིན་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཡོད། ཟློས་གར་དེའི་ནང་དམག་སྤྱི་ཉིའེ་རོང་ཀྲེན་གྱི་སྐུ་ཚེ་ཧྲིལ་པོར་ཧྥ་རན་སིར་སློབ་སྦྱོང་དང་། ས་ཞིང་གསར་བརྗེ། འཇར་འགོག་དམག་འཁྲུག གོ་གུང་ནང་འཁྲུག རྒྱལ་ཁབ་བཙུགས་པ་བཅས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བརྗོད་ཡོད། རྒྱ་ཡིག་གི་མིང་། 聂荣臻 འཁྲབ་ཁྲིད་པ། ཀྲོའུ་ཡོའུ་ཁྲའོ། རྣམ་པ། གསར་བརྗེ་དང་ལོ་རྒྱུས། འཁྲབ་གཞུང་།
《གཟི་བརྗིད་ལྡན་པའི་ས་གཞི་ཆེན་མོ》ཞེས་པ་ནི་ཀྲེ་ཅང་ཐང་ཏུ་གློག་བརྙན་བརྙན་འཕྲིན་མ་རྐང་ཚད་ཡོད་ཀུང་སིས་བཏོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཆི་ཞིན་གྱིས་འཁྲབ་ཁྲིད་དང་འཁྲབ་གཞུང་བརྩམས་པ་ཡིན། ཝུའེ་ཙི་དང་། ཡའོ་ཏི། ཚུའེ་ལིན། ཏུའུ་ཡོན་སོགས་ཀྱིས་གཙོ་འཁྲབ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན། རྒྱ་ཡིག་གི་མིང་། 光荣大地 ཕྱི་ཡིག་གི་མིང་། Glory Land རྣམ་པ། ལོ་རྒྱུས། ལོ་རབས། དམག་འཁྲུག འཁྲབ་ཁྲིད་པ། ཆི་ཞིན། གཙོ་འཁྲབ་པ།
བརྙན་འཕྲིན་ཟློས་གར《གཡུལ་སའི་དམག་བསྡུ》ཞེས་པ་ནི་སུན་ཞའོ་ཀོང་གིས་འཁྲབ་ཁྲིད་བྱས་ཤིང་། ཧོའུ་ཡུང་དང་རེན་ཁྲེང་ཝེ། ཕན་ཡུའུ་ཁྲེན། ཀའོ་ཧྥེང་སོགས་ཀྱིས་གཙོ་འཁྲབ་བྱས་པའི་ལེའུ་སོ་གཉིས་ཅན་གྱི་དམག་དཔུང་གི་འཚོ་བ་བརྗོད་གཞི་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ལ། བརྙན་འཕྲིན་ཟློས་གར་དེས་དུས་རབས་གསར་པ་དང་དུས་སྐབས་གསར་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཕྲག་ཏུ་ཁུར་བའི་ལོ་རྒྱུས་ཀྱི་ལས་འགན་གསར་པ་གཙོ་ཐིག་དུ་བྱས་ནས་ཧྭ་བྱང་གི་དམག་དཔུང་ག་གེ་མོའི་དངོས་འཐབ་ལ་དང་དོད་དང་རྟེན་གཞི་ཅན་གྱི་སྦྱོང་བརྡར་སྒྱུར་བཅོས་རྒྱབ་ལྗོངས་སུ་བྱས་ཏེ།
《སྟག་གསོད་འགག》ཅེས་པ་ནི་ཧའེ་རུན་གློག་བརྙན་བརྙན་འཕྲིན་བཟོ་སྐྲུན་ཚད་ཡོད་ཀུང་སིས་བཏོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཞུའུ་ཅི་ཀྲོའུ་ཡིས་འཁྲབ་ཁྲིད་དང་འཁྲབ་གཞུང་བརྩམས་ཤིང་། ལི་ཀོང་ཅེ་དང་ཀྲང་ལེ། ཐའོ་ཙེ་རུའུ། ཀུའོ་ཁའེ་མིན་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད་ལ། ཟློས་གར་དེ་ནི་འཇར་འགོག་དམག་འཁྲུག་དུས་སྐབས་ཀྱི་གཏམ་རྒྱུད་རྒྱས་བཤད་བྱས་པ་ཞིག་ཡིན་པ་དང་སྤྱི་ལོ2009ལོའི་ཟླ2པའི་ཚེས16ཉིན་ཧྲང་ཧའེ་བརྙན་འཕྲིན་ཁང་གསར་འགྱུར་ཕྱོགས་བསྡུས་འཕྲིན་ལམ་ནས་ཐེངས་དང་པོར་བསྟན།
《ཀྲུང་གོའི་ས་གཞི》ཞེས་པ་ནི་ཧྲེན་ཀྲོའུ་བརྙན་འཕྲིན་ཚད་ཡོད་ཀུང་སིས་བཏོན་པ་དང་། ཡན་ཅན་ཀང་གིས་འཁྲབ་ཁྲིད་བྱས། ལི་ཡིའུ་པིན་དང་ས་རི་ནཱ་ལིང་གིས་གཙོ་འཁྲབ་བྱས་པའི་འཇར་འགོག་དམག་འཁྲུག་གི་བརྗོད་གཞིའི་བརྙན་འཕྲིན་ཟློས་གར་ཞིག་ཡིན། རྒྱ་ཡིག་གི་མིང་། 中国地 རྣམ་པ། དམག་འཁྲུག ལོ་རྒྱུས། འཁྲབ་ཁྲིད་པ། ཡན་ཅན་ཀང་། གཙོ་འཁྲབ་པ། ལི་ཡིའུ་པིན། ས་རི་ན་ལིང་། ལེའུ། 38ཡོད། གློག་བརྙན་འཁྲབ་ཡུལ། ཀྲུང་གོའི་སྐམ་ས་ཆེན་མོ། འཁྲབ་གཞུང་ངོ་སྤྲོད་མདོར་བསྡུས།
《ཐུང་པའེ་དཔའ་བོ》ཞེས་པ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། ཧྲང་ཧའེ་གློག་བརྙན་ཚོགས་པ་ཚད་ཡོད་ཀུང་སི། ཀྲེ་ཅང་ཐེན་ཀོང་ཏི་གློག་བརྙན་བརྙན་འཕྲིན་བཟོ་སྐྲུན་ཚད་ཡོད་ཀུང་སི། ཧོན་རུའེ་དུས་རབས་གློག་བརྙན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི་ཀྲུང་གོའི་བཅིངས་འགྲོལ་དམག་འཁྲུག་གི་བརྗོད་བྱའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། དེ་ནི་བརྩམས་སྒྲུང་མིང་གཅིག་པའི《ཐུང་པའེ་དཔའ་བོ》ཞེས་པར་བསྒྱུར་ཡོད། སང་ཧྭ་དང་། ཀྲུའུ་ཏུང་ཉིན། པའེ་དབྱང་བཅས་ཀྱི་འཁྲབ་ཁྲིད་བྱས་པ་དང་། ཧུ་ཧྲེང་མིང་དང་། ཀྲུའུ་ཏོའུ་ཏོའུ། ཅིན་ཁྲེང་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད། རྒྱ་ཡིག་གི་མིང་།
《དཔའ་བོའི་སྙིང་སྟོབས》ཞེས་པའི་བརྙན་འཕྲིན་ཟློས་གར་ནི་ཧྲང་ཧའེ་ཧྭ་ཅི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་བཏོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། ཁྲེན་ཅན་གྱིས་འཁྲབ་ཁྲིད་དང་ཧུང་ཙི་ཡིས་འཁྲབ་གཞུང་རྩོམ་སྒྲིག ལིའུ་ཞའོ་ཧྥེང་དང་ཝང་ཅིང་། ལིའུ་ཅའོ་ཞིན། ཧྥེང་ཁྲུན་ཀྲེ་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད་པ་དང་། ཟློས་གར་དེ་རུ་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་སྟེ་སྤྱི་ལོ1950ལོར་ཇག་པའི་གནོད་འཚེ་གཙང་སེལ་བྱེད་ཆེད།
《ཨ་ནཱ་ཨེར་ཧན》 ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྙན་འཕྲིན་ཟློས་གར་དོ་དམ་ལྟེ་གནས་དང་ཞིན་ཅང་ཏཱ་སེན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་འབྲེལ་ཐོག་པར་ལེན་བྱས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། ཀྲུང་གུང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རིག་གནས་ཐིང་། ཞིན་ཅང་ཏཱ་སེན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་བཏོན་པའི་ཉེ་རབས་གསར་བརྗེའི་ཟློས་གར་ཞིག་ཡིན། ཡན་ཆིང་ཞིའུ་དང་ཡུའུ་ཏེ་ཨན་གྱིས་འཁྲབ་ཁྲིད་བྱས། ཏི་ལི་རེ་པ་དང་།
ཁྲིམས་ར་འཚོག་མཚམས་འཇོག་པ་ནི་ཁྲིམས་རའི་འདྲི་གཅོད་གོ་རིམ་གནས་སྐབས་མཚམས་འཇོག་པ་ཡིན་ལ། ཁྲིམས་རའི་འདྲི་གཅོད་མི་སྣས་ངལ་གསོ་དང་མཉམ་གྲོས་བྱེད་པའམ་ཡང་ན་གནས་ཚུལ་གཞན་པ་བྱུང་སྐབས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཞིག་ཡིན། རྒྱ་ཡིག་གི་མིང་། 休庭 ཕྱི་ཡིག་གི་མིང་། adjourned to a date to be fixed དོན་འགྲེལ། བཙོན་འཇུག་བྱས་རྗེས་ཁྲིམས་ཁང་གིས་འདྲི་ཞིབ་བྱེད་པའི་ལམ་བར་དུ་གནས་སྐབས་སུ་ཁྲིམས་ར་འཚོག་མཚམས་འཇོག་པ་ལ་གོ དུས་ཚོད་ཚོད་འཛིན།
ཁག་ཐེག་གློད་འགྲོལ་ནི་གློད་འགྲོལ་གཏོང་བའི་བསྡུས་མིང་ཡིན། ཁྲིམས་འཛིན་ལས་ཁུངས་ཀྱིས་བཙོན་འཇུག་བྱས་པའི་ཉེས་དོན་ཞུ་སྦྱོར་ཕྱི་མར་ཁག་ཐེག་བྱས་རྗེས་གློད་འགྲོལ་བཏང་ཆོག མ་རྩ་རིང་ལུགས་ལག་གི་རྒྱལ་ཁབ་དང་ས་ཁུལ་དུ། ངེས་པར་དུ་ཞུ་སྦྱོར་ཕྱི་མའམ་ཡང་ན་དེའི་ཁྲིམས་བཀོད་ངོ་ཚབ་པ་དང་། ཁག་ཐེག་པ་བཅས་ཀྱིས་རེ་ཞུ་བྱེད་དགོས་པ་མ་ཟད་ཁག་ཐེག་དངུལ་ངེས་ཅན་ཞིག་སྤྲོད་དགོས། རྒྱ་ཡིག་གི་མིང་། 保释 ཕྱི་ཡིག་གི་མིང་། bail དོན་འགྲེལ། འཛིན་བཟུང་བྱ་ཡུལ་གྱི་མིས་ཁག་ཐེག་བྱས་ནས་གློད་འགྲོལ་བཏང་བ།
《རྣོ་གྲུ་རུ་ཁག》ནི་ཧང་ཀྲོའུ་ཅ་དབྱི་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་སིས་བཏོན་པའི་དམག་འཁྲུག་ཟློས་གར་ཞིག་ཡིན་པ་དང་། ཀུའུ་ཅིན་ཡུན་གྱིས་འཁྲབ་ཁྲིད་དང་། ཧྥན་ཡུའུ་ལིང་དང་། ཚུའེ་པོ། ལིའུ་ཞའོ་ཧྥུང་། ཧྲེན་ཞའོ་ཧའེ་སོགས་ཀྱིས་གཙོ་འཁྲབ་གནང་བ་རེད། ཟློས་གར་དེའི་ནང་བཅིངས་འགྲོལ་དམག་འཁྲུག་དུས་སྐབས་ཀྱི་རང་རེའི་ཧྭ་ཏུང་བྱེས་འཐབ་དམག་དཔུང་གི“རྣོ་གྲུ་རུ་ཁག”གི་ངོ་མཚར་ཆེ་བའི་དམག་འཐབ་ཀྱི་གཏམ་རྒྱུད་བརྗོད་ཡོད།
《ཝུའུ་ལུང་རི་བོའི་ཇག་འདུལ་ཟིན་ཐོ་གསར་མ》ནི་ལྕགས་རི་རིང་པོའི་གློག་བརྙན་བརྙན་འཕྲིན་མ་རྐང་ཚད་ཡོད་ཀུང་སིས་བཏོན་པའི་དམག་འཁྲུག་ཟློས་གར་ཞིག་ཡིན་པ་དང་། ལིའུ་ཀོང་དང་ཀྲོའུ་མིན་གྱིས་འཁྲབ་ཁྲིད་དང་། ཨན་དབྱི་ཞོན་དང་། ཆིའུ་ཚི་ཞོན། ཕུར་བ་སྐྱབས། ལུའེ་ལིའང་ཝེ། ལིའུ་ཕེ་ཆི། ཧྥེང་ཨེན་ཧོ། ཧྲེན་ཅུན་དབྱི། ཏུའུ་ཀྲི་གོ ཝང་ཞིན་ཅུན་བཅས་ཀྱིས་གཙོ་འཁྲབ་བྱས་པ་རེད། ཟློས་གར་དེ་ཧུའུ་ནན་ནུབ་རྒྱུད་ཀྱི་ཇག་འདུལ་དོན་རྐྱེན་གཞིར་བཟུང་ནས་བཅོས་སྒྲིག་དང་མི་དམངས་བཅིངས་འགྲོལ་དམག་གིས་ཇི་ལྟར་ཇག་པ་བསད་པའི་གཏམ་རྒྱུད་བརྗོད་ཡོད།
ཟློས་གར། བརྡ་འགྲེལ 130 ཡོད། |