སྤྲོ་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྲོ་གར།
སྤྲོ་གར་ཞེས་པ་ནི་འཁྲབ་གཞུང་ནང་དུ་སྤྱི་ཚོགས་སྟེང་གི་སྲོལ་ངན་དང་མི་ངན་གྱི་སྐྱོན་མཚང་བསྔོག་འདོན་དང་ཟུར་ཟ། འཕྱ་སྨོད་སོགས་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ཏེ་སྟོན་པ་ཞིག་ཡིན། སྐུ་ཞབས་ལུའུ་ཞུན་གྱིས་སྤྲོ་གར་ནི་རིན་ཐང་མེད་པའི་དངོས་པོ་རྣམས་ཀྱིས་ཕྱི་ཤུན་བཤུས་ནས་མི་རྣམས་ལ་སྟོན་པ་ཡིན་ཞེས་གསུངས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喜剧
ཕྱི་ཡིག་གི་མིང་།
comedy
1 ​ངོ་སྤྲོད།

སྤྲོ་གར་ཞེས་པ་ནི་འཁྲབ་གཞུང་ནང་དུ་སྤྱི་ཚོགས་སྟེང་གི་སྲོལ་ངན་དང་མི་ངན་གྱི་སྐྱོན་མཚང་བསྔོག་འདོན་དང་ཟུར་ཟ།  འཕྱ་སྨོད་སོགས་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ཏེ་སྟོན་པ་ཞིག་ཡིན།  སྐུ་ཞབས་ལུའུ་ཞུན་གྱིས་སྤྲོ་གར་ནི་རིན་ཐང་མེད་པའི་དངོས་པོ་རྣམས་ཀྱིས་ཕྱི་ཤུན་བཤུས་ནས་མི་རྣམས་ལ་སྟོན་པ་ཡིན་ཞེས་གསུངས་ཡོད། སྤྲོ་གར་ནི་ཐོག་མར་ཀེ་རི་སེ་ནས་དར་ཞིང་།  དེ་ནི་སྟོན་ལེན་པའི་དུས་ཚིགས་སུ་ཆང་ལྷ་ལ་མཆོད་འབུལ་བྱེད་པའི་དགའ་སྤྲོའི་ཁྲོམ་སྐོར་ནས་རིམ་འགྱུར་བྱུང་བ་ཡིན།  སྤྲོ་སྣང་རང་བཞིན་དེ་མཛེས་དཔྱོད་ཀྱི་ཁོངས་ཡིན་པའི་ངོས་ནས་དེའི་ངོ་བོ་དེ་དགོད་བྲོ་པོ་ཡོང་བ་བྱ་རྒྱུ་ཡིན་པ་དང་དེའི་གཙོ་བོའི་མཚོན་ཐབས་ནི་དགོད་ཁ་སློང་བ་དེ་ཡིན།  སྤྲོ་གར་ནང་མཚོན་ཐུབ་པའི་འཚོ་བའི་འཁོར་རྒྱ་ཆེན་པོ་ཡོད་ཅིང་།  འཚོ་བའི་ནང་གི་སྐྱུག་བྲོ་བ་དང་དྲི་ངན་ཁ་བའི་བྱ་བ་མཚོན་ཐུབ་ཀྱི་ཡོད་ལ་བྱ་བ་ཡག་པོ་ལའང་བསྟོད་གླུ་འབུལ་བ་དང་ལྟ་ན་སྡུག་པའི་ཕུགས་འདུན་མངོན་པར་བྱེད་པ།  སྐྱིད་སྣང་དོད་པའི་སེམས་པར་ཡི་རངས་ཞུ་བ་དང་མཚོན་པ་བཅས་ཀྱང་བྱེད་ཆོག་པ་མ་ཟད་མི་ཚེའི་སྐྱོ་གདུང་དང་དཀའ་སྡུག་ཀྱང་མཚོན་པར་བྱེད་ཐུབ་པ་ཡིན། 

2 རིགས་དབྱེ།

སྤྲོ་གར་གྱི་མཚོན་ཡུལ་མི་འདྲ་བས་སྒྱུ་རྩལ་མཁས་པས་འཛིན་པའི་རྣམ་འགྱུར་ཡང་མི་འདྲ་བ་དང་དེས་བསླངས་པའི་གད་མོ་ལའང་ངོ་བོ་མི་འདྲ་བ་ཡོད་པས་སྤྲོ་གར་ལ་མཛེས་དཔྱོད་ཀྱི་ངོ་བོ་དང་རིན་ཐང་མི་འདྲ་བར་བརྟེན་རིགས་མི་འདྲ་བ་དབྱེ་ཡོད་ཅིང་།  གཙོ་བོའི་ཁོངས་སུ་ཟུར་ཟའི་སྤྲོ་གར་དང་དགོད་སློང་སྤྲོ་གར།  སྤྲོ་སྣང་ལྡན་པའི་སྤྲོ་གར།  དངོས་གཞིའི་སྤྲོ་གར།  ཁུངས་མེད་སྤྲོ་གར་སོགས་ཡོད།

3 ཚབ་མཚོན་བརྩམས་ཆོས།

མིང་དུ་གྲགས་པའི་སྤྲོ་གར་གྱི་བརྩམས་ཆོས་སྐོར་ལ《བྱ》དང《ཨམ་བན་ཆེན་པོ》《གཡོག་པོ་གཅིག་ལ་བདག་པོ་གཉིས》《བེ་ཉི་སེའི་ཚོང་པ》《ཟོག་པོ》སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། ཟློས་གར། སྤྲོ་གར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-28

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།