ཨ་ཅེ་ལྷ་མོ།

བོད་ཀྱི་ཟློས་གར་ནི་གནའ་བོའི་སྲོལ་རྒྱུན་རིག་གནས་ནང་གི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན། དེ་ལ་ཁྱད་དུ་འཕགས་པའི་འཁྲབ་གཞུང་ཡོད་ལ་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་རྣམ་པའང་མཆིས་པ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་ཁྱད་མཚར་བའི་བློས་བསླངས་དང་ཡིད་དབང་འགུགས་པའི་གཏམ་རྒྱུད་ཀྱིས་ཕྱུར་བུར་གཏམས། བོད་ཀྱི་ཟློས་གར་ནི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་གླུ་གར་གྱི་རྣམ་པ་ལ་བརྟེན་ནས་བརྗོད་བྱ་མཚོན་པར་བྱས་པའི་ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་ཞིག་ཡིན།

རིགས་དབྱེ།  

འཆམ།

ལག་སྟབས་གཙོ་བོ་བྱེད་པ་ལ་གར་དང་། རྐང་སྟབས་གཙོ་བོ་བྱེད་པ་ལ་འཆམ། གཉིས་ཀ་ཟུང་དུ་འབྲེལ་བ་ལ་གར་འཆམ་ཞེས་གྲགས་ཤིང་། དེ་ཡང་དགོན་པ་སོ་སོའི་ནང་དུ་ཆོས་ལུགས་གྲུབ་མཐའ་སོ་སོའི་ལྷ་ཡི་དམ་རྒྱུད་སྡེ་སོ་སོའི་ལུགས་ཀྱི་གར་འཆམ་ལུགས་རིགས་མི་འདྲ་བ་སྣ་ཚོགས་ཡོད་ཅིང་། དོན་དུ་རྒྱུད་སྡེའི་ལྷ་ཚོགས་ཀྱི་རྣམ་པ་དང་ཉམས་འགྱུར་གང་ཡོད་མི་རྣམས་ཀྱི་མིག་ལམ་དུ་སྟོན་པ་ཞིག

རིགས་དབྱེ།  

གར་ཐིག་དབྱངས་གསུམ།

གར་ཐིག་དབྱངས་གསུམ་ནི་གར་དང་ཐིག་དབྱངས་གསུམ་ལ་ཟེར་ཞིང་། དེ་གསུམ་ནི་འཆམ་གྱི་གྲུབ་ཆ་གལ་ཆེན་གསུམ་ཡིན་པ་དེ་ཡང་ཟློས་གར་གྱི་གྲུབ་ཆ་གལ་ཆེན་ཡིན་པ་ལྟར་རེད། “དེ་དག་ཁྲོད་ཀྱི་འཆམ་ནི་ཡི་དམ་དང་སྲུང་མའི་འདྲ་འབག་དང་ཆས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོག་ནས་གར་འཁྲབ་པར་ཟེར་བ་དང་། ཐིག་ནི་དཀྱིལ་འཁོར་འབྲི་ཐབས། དབྱངས་ནི་ཆོས་ཚིག་དབྱངས་སུ་ལེན་པ་ལ་ཟེར།”

རིགས་དབྱེ།  

ལྷ་མོ་ཟློས་གར།

ཟློས་གར་ནི་སྔོན་བྱུང་གི་གཏམ་རྒྱུད་དང་ལོ་རྒྱུས་སོགས་ལས་གསལ་བའི་མི་སྣ་དང་ལྷ་འདྲེའི་སྣང་བརྙན་གཟུགས་སུ་བྱས་ཏེ། རང་སོ་སོའི་ངག་ནས་གླུ་ཟློས་ཤིང་། ལག་པས་རོལ་མོ་དཀྲོལ་བ། ལུས་ཀྱིས་གར་འཁྲབ་པ་བཅས་ཀྱི་སྒོ་ནས་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པར་བྱེད་པ་ཞིག་ལ་གོ །དེར་མདོ་འཛིན་དང་། རོལ་མོ་བ། ཆས་ཞུགས་པ། བཞད་གར་བ། ཟློས་གར་བ་བཅས་ཡན་ལག་ལྔ་ཡོད།

རིགས་དབྱེ།  

འཛམ་ཐང་ཟློས་གར།

འཛམ་ཐང་ཟློས་གར་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་ཕྱོགས་ལ་དར་ཁྱབ་ཆེ་བའི་ཟློས་གར་ཞིག་ཡིན།

རིགས་དབྱེ།  

ཟློས་གར་གྱི་ཡན་ལག་ལྔ།

ཟློས་གར་གྱི་ཡན་ལག་ལྔ་ནི། གར་མཁན་དང་མདོ་འཛིན་པ། རོལ་མོ་བ། ཆས་བཞུགས་པ། བཞད་གད་པ་བཅས་ཡིན་པ་དང་། ཟློས་གར་གྱི་ཡན་ལག་ལྔ་ནི་ཕྱོགས་གཅིག་ནས་ཟློས་གར་གྲུབ་པར་བྱེད་པའི་སྒྱུ་རྩལ་གྱི་གྲུབ་ཆ་ཡིན་ལ། ཕྱོགས་གཞན་ཞིག་ནས་ཟློས་གར་འཁྲབ་སྟོན་ཁྲོད་ཀྱི་གཟུགས་བརྙན་གྱི་ཆ་ཤས་ཡིན། ཟློས་གར་གྱི་གྲུབ་ཆའི་ནང་འཁྲབ་གཞུང་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཡང་། ཟློས་གར་གྱི་སྒྱུ་རྩལ་གཟུགས་བརྙན་བསྐྲུན་རྒྱུ་དང་དེ་ཆ་ཚང་བར་བྱེད་པར་ངེས་པར་དུ་གར་མཁན་གྱི་འཁྲབ་སྟོན་དང་མདོ་འཛིན་པའི་གཞུང་བརྗོད། རོལ་དབྱངས་ཀྱི་རམ་འདེགས། འཁྲབ་ཆས་ཀྱི་མཛེས་མཆོར། དེ་བཞིན་བཞད་གད་པའི་རྩེད་མཚར་གྱི་རྒྱན་སོགས་ཚང་དགོས།

རིགས་དབྱེ།  

ག་ནོན་སྙེག་ཟློས།

ག་ནོན་སྙེག་ཟློས་ཟེར་བ་ནི་སྣེ་ཁྲིད་རྣམ་ཐར་གྱི་དབྱངས་མཇུག་སྒྲ་གདངས་དེ་རམ་སྐྱོར་གདངས་གནས་ཁྲོད་དུ་འགྱུར་བ་ཕྱིན་པ་དང་ལན་སྤྲོད་རྣམ་པའི་སྒྲ་བརྩེགས་ཀྱི་སྙེག་ཟློས་ཤིག་ཡིན་ལ། རྗེས་སྣོན་རྒྱན་དབྱངས་རྣམ་པས་གྲུབ་པའི་སྙེག་ཟློས་ཀྱི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

གེ་སར་ཟློས་གར།

གེ་སར་ཟློས་གར་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ཙམ་དུ་གསེར་རྟ་རྫོང་གེ་སར་ཟློས་གར་ཚོགས་པས་གར་སྟེགས་སུ་འཁྲབ་སྟོན་བྱས་ནས་དེ་ནས་རིམ་བཞིན་ས་གནས་མང་པོ་ལ་འཁྲབ་སྲོལ་དར།

རིགས་དབྱེ།