ཟློས་གར་གྱི་ཡན་ལག་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟློས་གར་གྱི་ཡན་ལག་ལྔ་ནི། གར་མཁན་དང་མདོ་འཛིན་པ། རོལ་མོ་བ། ཆས་བཞུགས་པ། བཞད་གད་པ་བཅས་ཡིན་པ་དང་། ཟློས་གར་གྱི་ཡན་ལག་ལྔ་ནི་ཕྱོགས་གཅིག་ནས་ཟློས་གར་གྲུབ་པར་བྱེད་པའི་སྒྱུ་རྩལ་གྱི་གྲུབ་ཆ་ཡིན་ལ། ཕྱོགས་གཞན་ཞིག་ནས་ཟློས་གར་འཁྲབ་སྟོན་ཁྲོད་ཀྱི་གཟུགས་བརྙན་གྱི་ཆ་ཤས་ཡིན། ཟློས་གར་གྱི་གྲུབ་ཆའི་ནང་འཁྲབ་གཞུང་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཡང་། ཟློས་གར་གྱི་སྒྱུ་རྩལ་གཟུགས་བརྙན་བསྐྲུན་རྒྱུ་དང་དེ་ཆ་ཚང་བར་བྱེད་པར་ངེས་པར་དུ་གར་མཁན་གྱི་འཁྲབ་སྟོན་དང་མདོ་འཛིན་པའི་གཞུང་བརྗོད། རོལ་དབྱངས་ཀྱི་རམ་འདེགས། འཁྲབ་ཆས་ཀྱི་མཛེས་མཆོར། དེ་བཞིན་བཞད་གད་པའི་རྩེད་མཚར་གྱི་རྒྱན་སོགས་ཚང་དགོས།
གཞི་རྩའི་གནས་ཚུལ།

དབྱེ་བ།
གར་མཁན། མདོ་འཛིན་པ། རོལ་མོ་བ། ཆས་བཞུགས་པ། བཞད་གད་པ།
1 ངོ་སྤྲོད། 

ཟློས་གར་གྱི་ཡན་ལག་ལྔ་ནི། གར་མཁན་དང་མདོ་འཛིན་པ། རོལ་མོ་བ། ཆས་བཞུགས་པ། བཞད་གད་པ་བཅས་ཡིན་པ་དང་། ཟློས་གར་གྱི་ཡན་ལག་ལྔ་ནི་ཕྱོགས་གཅིག་ནས་ཟློས་གར་གྲུབ་པར་བྱེད་པའི་སྒྱུ་རྩལ་གྱི་གྲུབ་ཆ་ཡིན་ལ། ཕྱོགས་གཞན་ཞིག་ནས་ཟློས་གར་འཁྲབ་སྟོན་ཁྲོད་ཀྱི་གཟུགས་བརྙན་གྱི་ཆ་ཤས་ཡིན། ཟློས་གར་གྱི་གྲུབ་ཆའི་ནང་འཁྲབ་གཞུང་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཡང་། ཟློས་གར་གྱི་སྒྱུ་རྩལ་གཟུགས་བརྙན་བསྐྲུན་རྒྱུ་དང་དེ་ཆ་ཚང་བར་བྱེད་པར་ངེས་པར་དུ་གར་མཁན་གྱི་འཁྲབ་སྟོན་དང་མདོ་འཛིན་པའི་གཞུང་བརྗོད། རོལ་དབྱངས་ཀྱི་རམ་འདེགས། འཁྲབ་ཆས་ཀྱི་མཛེས་མཆོར། དེ་བཞིན་བཞད་གད་པའི་རྩེད་མཚར་གྱི་རྒྱན་སོགས་ཚང་དགོས། ཟློས གར གྱི་གྲུབ་ཆ་དེ་དག་ནི་རིག་པའི་གཞུང་ལུགས་ཐོག་གི་ཕྱོགས་སྡོམ་ཞིག་ཡིན་ལ། ལག་ལེན་ཁྲོད་ཀྱི་རྩ་འཛིན་ས་ཞིག་ཡིན། བོད་ཀྱི་ཨ་ཅེ་ལྷ་མོའི་ཟློས་གར་གྱི་གྲུབ་ཆའི་ནང་། “གར་མཁན་གྱི་འཁྲབ་སྟོན་དང་མདོ་འཛིན་པའི་གཞུང་བརྗོད། རྔ་སྦུབ་ཀྱི་རམ་སྐྱོར། འཁྲབ་ཆས་དང་འཁྲབ་རྫས་བཅས་དགོས་པ་མ་ཟད། ད་དུང་བཞད་གད་པའི་འཁྲབ་སྟོན་ཡང་དགོས།”

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-23

གསར་སྤེལ་མཁན། :འོ་ཟི།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།