ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >ཟློས་གར། >གཞན་དག

མོ་སྟོན་ཕག་མགོ།

《མོ་སྟོན་ཕག་མགོ》ཞེས་པ་འདི་ནི་མི་རོ་རྩེ་སྒྲུང་ལས་བཅོས་སྒྲིག་བྱས་པ་དང་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་འཁྲབ་ཁྲིད་དང་གཙོ་འཁྲབ་བྱས་པའི་སྤྲོ་གར་རིགས་ཀྱི་བོད་སྐད་བརྙན་འཕྲིན་ཟློས་གར་ཞིག་ཡིན། བརྙན་འཕྲིན་ཟློས་གར་འདིའི་ནང་དུ་མོ་སྟོག་ཕག་མགོ་ཡི་དགོད་བྲོ་ཞིང་ངུ་སྐྱེན་པའི་མི་ཚེའི་དར་རྒུད་དང་ཁོའི་སྙིང་རྗེ་ཞིང་ཞེ་མེར་བའི་འཚོ་བའི་གོམས་སྟངས། ཡང་ན་གཞན་དང་མི་འདྲ་བའི་ཡ་མ་གཟུགས་ཀྱི་སྣང་བརྙན་ཚུལ་ནས་དུས་ཡུན་རིང་བོ་ཞིག་ལ་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ན་ཆོས་ལུགས་པའི་ཕྱི་གོས་གྱོན་ནས་འཛེམ་མེད་དུ་འདྲེ་སྲིན་ལྟར་རྒྱུ་ཞིང་། ངལ་རྩོལ་མི་དམངས་ཀྱི་ཟུངས་ཁྲག་རང་འདོད་དུ་འཇིབ་པའི་ཁྲེལ་མེད་ཀྱི་བྱ་སྤྱོད་དང་སྐྱུག་ལོག་པའི་མི་གཤིས་ཐེར་འདོན་བྱས་ཡོད།

རིགས་དབྱེ།  

གར་སྟེགས་ཀྱི་གསལ་བཤད།

གར་སྟེགས་ཀྱི་གསལ་བཤད་ནི་དོན་བརྗོད་ཀྱི་སྐད་ཆའི་རིགས་ཤིག་ཡིན།

རིགས་དབྱེ།  

ཟློས་གར་གྱི་གདོང་གཏུགས།

ཟློས་གར་གྱི་གདོང་གཏུགས་ནི་འཁྲབ་གཞུང་ནང་གི་མི་སྣའི་དབར་གྱི་འགལ་བ་དང་མི་སྣའི་ནང་སེམས་ཀྱི་འགལ་ཟླ་མཚོན་པའི་དམིགས་བསལ་གྱི་སྒྱུ་རྩལ་གྱི་མཚོན་ཚུལ་ཞིག་ཡིན།

རིགས་དབྱེ།  

སྣ་མང་ཟློས་གར།

སྣ་མང་ཟློས་གར་ནི་ཡོན་རྒྱལ་རབས་ཀྱི་དུས་སུ་དར་ཆེ་བའི་གླུ་གར་དང་གཏམ་གླེང་། ཞབས་བྲོ་བཅས་ཟུང་དུ་སྦྲེལ་བའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

སྤྲོ་གར།

སྤྲོ་གར་ཞེས་པ་ནི་འཁྲབ་གཞུང་ནང་དུ་སྤྱི་ཚོགས་སྟེང་གི་སྲོལ་ངན་དང་མི་ངན་གྱི་སྐྱོན་མཚང་བསྔོག་འདོན་དང་ཟུར་ཟ། འཕྱ་སྨོད་སོགས་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ཏེ་སྟོན་པ་ཞིག་ཡིན། སྐུ་ཞབས་ལུའུ་ཞུན་གྱིས་སྤྲོ་གར་ནི་རིན་ཐང་མེད་པའི་དངོས་པོ་རྣམས་ཀྱིས་ཕྱི་ཤུན་བཤུས་ནས་མི་རྣམས་ལ་སྟོན་པ་ཡིན་ཞེས་གསུངས་ཡོད།

རིགས་དབྱེ།  

ཟློས་གར་ལོ་རྒྱུས།

ཟློས་གར་ལོ་རྒྱུས་ནི་གནའ་སྔ་མོའི་དུས་སྐབས་སུ་མིའི་རིགས་ཀྱི་ཆེས་ཐོག་མའི་གྲོང་སྡེ་ཚོགས་པའི་ཆོས་ལུགས་མཛད་སྒོ་ལས་བྱུང་བ་དང་། གནའ་བོའི་ཀེ་རི་སིའི་ཆང་ལྷར་མཆོད་འབུལ་བྱེད་པའི་བྱེད་སྒོ་དང་ལོ་ལེགས་མཛད་སྒོ་དང་འབྲེལ་ཡོད།

རིགས་དབྱེ།  

ཟློས་གར་གཞུང་ལུགས།

ཟློས་གར་གཞུང་ལུགས་ནི་འཁྲབ་སྟོན་གྱིས་ཉིན་རྒྱུན་འཚོ་བའི་ཁྲོད་མི་དང་མིའི་བར་གྱི་ཕན་ཚུན་ནུས་པ་ཐོན་པའི་མཚོན་རྟགས་ཀྱི་མཉམ་འགུལ་གཞུང་ལུགས་ཤིག་ཡིན། འཐུས་ཚབ་མི་སྣ་གཙོ་བོ་ནི་ཀེ་ཧྥུ་མན་ཡིན།

རིགས་དབྱེ།  

ཟློས་གར་རིག་པ།

ཟློས་གར་རིག་པ་ནི་གསར་དར་རིག་གཞུང་རིག་ཚན་ཞིག་ཡིན་ཞིང་། སྒྲ་དོག་འཇུག་གི་ཟློས་གར་རིག་པ་ནི་ཟློས་གར་ལ་ཟེར་ཞིང་། སྔ་དུས་ཟློས་གར་ལ་ཟེར་ཞིང་། རྗེས་སུ་ཟློས་གར་དང་གཏམ་བརྗོད་ཟློས་གར། གླུ་གར། བྲོ་གར། སྙན་ངག་ཟློས་གར་སོགས་ཀྱི་སྤྱི་མིང་ལ་ཟེར།

རིགས་དབྱེ།  

ཟློས་གར་འཁྲབ་སྟོན།

ཟློས་གར་འཁྲབ་སྟོན་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་སྟོན་ལ་ཟེར་ཞིང་། ཟློས་གར་གྱི་ནང་དོན་ལ་གཞས་གཏོང་དང་། རོལ་དབྱངས། གླུ་གཞས། ཞབས་བྲོ། དྲག་རྩལ། རྩལ་རྩེད་སོགས་འཁྲབ་སྟོན་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་བྱས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

དགའ་སྐྱོ་གཉིས་ལྡན་གྱི་ཟློས་གར།

དགའ་སྐྱོ་གཉིས་ལྡན་གྱི་ཟློས་གར་རམ་དྲང་གར་ནི་སྐྱོ་གར་དང་སྤྲོ་གར་གཉིས་ཀ་བསྡུས་ཤིང་རྒྱ་ཆེ་བའི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པ་དང་ཕུན་སུམ་ཚོགས་ལ་རྙོག་འཛིང་ཆེ་བའི་བསམ་བློའི་བརྩེ་གདུང་མཚོན་པའི་ཟློས་གར་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

དེང་རབས་ཀྱི་ཟློས་གར།

དེང་རབས་ཟློས་གར་ནི་དེང་རབས་ཀྱི་འཚོ་བ་བརྗོད་གཞིར་བྱས་ནས་བརྩམས་པའི་ཟློས་གར་སྒྱུ་རྩལ་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

འཁྲབ་ཚན་མང་བའི་ཟློས་གར།

འཁྲབ་ཚན་མང་བའི་ཟློས་གར་ནི་ཟློས་གར་ཧྲིལ་བོའི་བྱུང་རིམ་དེ་འཁྲབ་ཚན་མང་པོའི་ནང་བསྡུས་པའི་ཟློས་གར་ཆེ་གྲས་ཤིག་ཡིན།

རིགས་དབྱེ།  

འཁྲབ་ཚན་རྐྱང་པའི་ཟློས་གར།

འཁྲབ་ཚན་རྐྱང་པའི་ཟློས་གར་ནི་འཁྲབ་ཚན་གཅིག་ལས་མེད་པ་དང་འཁྲབ་གཞུང་ནང་མི་སྣ་ཉུང་བ། བྱུང་རིམ་གྱི་ཁུངས་སྣེ་རྐྱང་པ་ཡིན་ཞིང་། འཚོ་བའི་ངོས་གཅིག་ནས་སྤྱི་ཚོགས་ཀྱི་འགལ་བ་མཚོན་པར་བྱེད་པའི་མ་ལག་ཚང་བའི་ཟློས་གར་ཡིན།

རིགས་དབྱེ།  

ལོ་རྒྱུས་ཟློས་གར།

ལོ་རྒྱུས་ཟློས་གར་ཞེས་པ་ནི་དོན་ངོ་མའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་མི་སྣ་བརྗོད་གཞིར་བྱས་པའི་ཟློས་གར་སྒྱུ་རྩལ་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

པི་རོད་ཝའེ་རོལ་མོ་ཟློས་གར།

པི་རོད་ཝའེ་རོལ་མོ་ཟློས་གར་ཞེས་པ་ནི་ཟློས་གར་གྱི་ནང་གསེས་ཤིག་སྟེ། དེ་ལ་རོལ་མོ་དང་ཞབས་བྲོ་ཡོད་ལ་ཟློས་གར་གྱི་འཁྲབ་གཞུང་ཡང་ཡོད་པ་དང་། སྐབས་འགར་ཕྲ་རྒྱས་ཅན་གྱི་གར་སྟེགས་ཀྱི་རི་མོའི་རྒྱབ་ལྗོངས་ཀྱང་ཡོད་པ་རེད།

རིགས་དབྱེ།  

གླུ་དབྱངས་ཟློས་གར་གྱི་འཕྲུལ་སྣང་།

A.L.ཝེ་པོ་ཡིས་དབྱངས་བརྩམས་པའི་པི་རོད་ཝེ་ཡི་རོལ་མོའི་ཟློས་གར་ཞིག་ཡིན་ལ《ཟློས་གར་ཁང་གི་རྣམ་ཤེས་འཁྱམས་པོ》ཞེས་ཀྱང་བསྒྱུར་སྲོལ་ཡོད། སྤྱི་ལོ1986ལོར་ཐོག་མར་འཁྲབ་སྟོན་བྱས་ཤིང་། སྤྱི་ལོ1988ལོར་ཐོ་ནེའི་བྱ་དགའི་རྣམ་གྲངས7ཐོབ་ཡོད་པ་ནི་ལོ་རྒྱུས་སྟེང་གི་གྲུབ་འབྲས་ལེགས་ཤོས་ཀྱི་རོལ་མོའི་ཟློས་གར་གྲས་ཤིག་ཡིན།

རིགས་དབྱེ།  

སྐྱོ་གར།

སྐྱོ་གར་ནི་སྤྱི་ཚོགས་ཀྱི་ནང་གི་ནག་ཕྱོགས་དང་། མ་རབས་ངན་ཕྱོགས་རྒྱལ་ཞིང་། དཀར་ཕྱོགས་དང་ཡ་རབས་བཟང་ཕྱོགས་ཕམ་པ་དང་འདོད་དོན་མ་འགྲུབ་པའི་གནས་ཚུལ་སྟོན་པ་ཡིན།

རིགས་དབྱེ།  

ཁཱ་མོན།

ཧྥ་རན་སིའི་རོལ་མོ་རྩོམ་པ་པོG.པི་ཚའེ་ཡི1875ལོར་མེ་ལེ་མེ་ཡི《ཁཱ་མོན》ཞེས་པའི་སྒྲུང་རྩོམ་གཞིར་བཟུང་ནས་སྒྲིག་རྩོམ་བྱས་པའི་གླུ་དབྱངས་ཟློས་གར་ཞིག་ཡིན། གླུ་དབྱངས་ཟློས་གར་དེས་རྣམ་པ་མཛེས་ཤིང་གཤིས་ཀ་རྒོད་པའི་ཅི་ཕུའུ་སའེ་བུ་མོ་ཁཱ་མོན་གྱི་སྣང་བརྙན་བཀོད་ཡོད་པ་རེད།

རིགས་དབྱེ།  

ཞི་མི།

འཛམ་གླིང་གི་རོལ་མོའི་ཟློས་གར་སྐད་གྲགས་ཆེ་ཤོས་བཞིའི་ཡ་གྱལ་ཡིན་ཞིང་སྙན་གྲགས་ཆེན་པོ་ཡོད་པ་རེད། དེ་ཡང་སྤྱི་ལོ1981ལོར་ཐོག་མར་འཁྲབ་སྟོན་བྱས་པ་ནས་ད་ལྟའི་བར་གྱི་པི་རོད་ཝའེ་ཡི་འཁྲབ་སྟོན་བྱེད་ཡུན་རིང་ཤོས་ཀྱི་རོལ་མོའི་ཟློས་གར་ཡིན།

རིགས་དབྱེ།  

པག་སྐོང་།

པག་སྐོང་ཞེས་པ་ནི་འཁྲབ་ཚན་ལེའུ་དྲུག་ཙམ་ཡོད་པའི་གླུ་དབྱངས་ཟློས་གར་ཞིག་ཡིན་ལ། དེའི་ལེའུ་དང་པོར་བལ་པོའི་གསེར་སྐྱེམས་ཁྲུས་གསོལ་ཞེས་པ་དང་། ལེའུ་གཉིས་པར་གཟུགས་པ་རྒྱག་མཁན། (གཟུགས་པ་ཞེས་ཨར་པོ་རྒྱག་མཁན) ལེའུ་གསུམ་པར་མོ་རྒྱག་མཁན། ལེའུ་བཞི་པར་རྒྱ་བཟའ་བལ་བཟའ། ལེའུ་ལྔ་པར་ཁྱི་ར་མགོན་པོ་རྡོ་རྗེ་དང་བླ་མ་རས་ཆུང་བ། ལེའུ་དྲུག་པར་རྒྱ་ཡི་ཡོས་མ་ཟེར་མཁན་གྱི་ཐོས་པ་ཟེར་བ་བཅས་ཟློས་གར་རོལ་དབྱངས་ལ་རྔ་དང་སྦུབ་ཀྱི་རམ་འདེགས་དང་གཞས་ལ་ཡང་རམ་སྐྱོར་བྱས་ཏེ་འཁྲབ་སྟོན་བྱེད་ཀྱི་ཡོད་པའོ། །

རིགས་དབྱེ།  

རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ཟློས་གར་དུས་ཆེན།

​རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ཟློས་གར་དུས་ཆེན་ནི་འཛམ་གླིང་ཟློས་གར་སློབ་གླིང་མནའ་འབྲེལ་གྱི་གྲོས་ཆོད་དོན་ཚན8པ་གཞིར་བཟུང་མནའ་འབྲེལ་གྱིས་ལོ་གཉིས་རེར་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ཟློས་གར་དུས་ཆེན་ཐེངས་རེ་འཚོག་བཞིན་ཡོད། ཀྲུང་དབྱང་ཟློས་གར་སློབ་གླིང་གིས་གཉེར་འགན་ཁུར་ཡོད།

རིགས་དབྱེ།  

ཟློས་གར་རིག་པ།(གསར་དར་རིག་ཚན་ཞིག)

རིག་ཚན་གསར་པ་ཞིག་ཡིན། སྒྲ་དོག་འཇུག་གི་ཟློས་གར་རིག་པ་ནི་ཟློས་གར་ལ་ཟེར་ཞིང་། སྔ་དུས་ཟློས་གར་ཁོ་ན་ལ་གོ། རྗེས་སུ་ཟློས་གར་དང་གཏམ་བརྗོད་ཟློས་གར། གླུ་གར། བྲོ་གར། སྙན་ངག་ཟློས་གར་སོགས་ཀྱི་སྤྱི་མིང་ལ་ཟེར།

རིགས་དབྱེ།