པི་རོད་ཝའེ་རོལ་མོ་ཟློས་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པི་རོད་ཝའེ་རོལ་མོ་ཟློས་གར་ཞེས་པ་ནི་ཟློས་གར་གྱི་ནང་གསེས་ཤིག་སྟེ། དེ་ལ་རོལ་མོ་དང་ཞབས་བྲོ་ཡོད་ལ་ཟློས་གར་གྱི་འཁྲབ་གཞུང་ཡང་ཡོད་པ་དང་། སྐབས་འགར་ཕྲ་རྒྱས་ཅན་གྱི་གར་སྟེགས་ཀྱི་རི་མོའི་རྒྱབ་ལྗོངས་ཀྱང་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
毕瑞维音乐剧
1 ​ངོ་སྤྲོད།

པི་རོད་ཝའེ་རོལ་མོ་ཟློས་གར་ཞེས་པ་ནི་ཟློས་གར་གྱི་ནང་གསེས་ཤིག་སྟེ། དེ་ལ་རོལ་མོ་དང་ཞབས་བྲོ་ཡོད་ལ་ཟློས་གར་གྱི་འཁྲབ་གཞུང་ཡང་ཡོད་པ་དང་། སྐབས་འགར་ཕྲ་རྒྱས་ཅན་གྱི་གར་སྟེགས་ཀྱི་རི་མོའི་རྒྱབ་ལྗོངས་ཀྱང་ཡོད་པ་རེད། ལྟད་མོ་དེ་གཙོ་བོར་ཨ་རི་དང་ཁ་ན་ཏ། དབྱིན་ཇི་རུ་དར་ཁྱབ་ཆེ་བ་རེད། 

པི་རོད་ཝའེ་ཡི་རོལ་མོ་ཟློས་གར་ལ་མིག་སྔར་ནང་གསེས་གསུམ་ཡོད་པ་སྟེ། པི་རོད་ཝའེ་རོལ་མོ་ཟློས་གར་དང་། པི་རོད་ཝའེ་རོལ་མོ་ཟློས་གར་ཕྱི་མ། པི་རོད་ཝའེ་རོལ་མོ་ཟློས་གར་གྱི་ཕྱི་མའི་ཕྱི་མ་བཅས་ཡིན། དེ་གསུམ་ནི་ཟློས་གར་དེའི་གདེང་འཇོག་བཟང་ངན་དང་འཛིན་གོང་གི་ཆེ་ཆུང་ལྟར་དབྱེ་བ་སྟེ། ཕྱི་མའི་ཕྱི་མ་ནི་ཉམས་ལེན་ཟློས་གར་གྱི་ཤས་ཅན་ཡིན་པ་དང་འཛིན་གོང་ཆུང་བ་ལ། གལ་སྲིད་དགའ་བསུ་ཐོབ་ནས་འཛིན་བྲིན་ཡག་པོ་བྱུང་ཚེ་མཐའ་མའི་ནང་དུ་སྤོས་ཏེ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡང་དེ་རུ་འཁྲབ་སྟོན་བྱས་ཏེ་དུས་ཡུན་ངེས་ཅན་ནང་ལ་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཚེ། དངོས་གཞིའི་པི་རོད་ཝའེ་རོལ་མོ་ཟློས་གར་ལ་གནས་སྤར་བྱེད་པ་རེད།

སྐད་གྲགས་ཆེ་བའི་པི་རོད་ཝའེ་རོལ་མོ་ཟློས་གར་ལ《རོལ་མོའི་སྙན་དབྱངས》དང་། 《ཞི་ཀུང་གི་སྲས་མོ་སྐུ་ཞབས》《བྱི་མི》《གླུ་དབྱངས་ཟློས་གར་གྱི་འཕྲུལ་སྣང》སོགས་ཡོད།

བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། ཟློས་གར། རོལ་མོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།