ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >འབག་བཟོ།

བཙན་ཡུལ་གྱི་རྫ་བཟོ་ལག་རྩལ།

བཙན་ཡུལ་དུ་ལོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་དུ། གནས་འདིར་བླ་མ་གཏེར་སྟོན་རྩ་ཆེན་ཞིག་གིས་སློབ་མ་མང་པོ་འཁྲིད་ནས་ཕེབས་པ་དང་། ཐོག་མར་རྫ་བུམ་ཞིག་གཏེར་ནས་བཞེས་ཐོག་དེ་ལ་དཔེ་བླངས་ནས་རྫ་ཆས་བཟོ་དགོས་པའི་བཀའ་ལྟར་རྫ་ཆས་བཟོས་ནས་རིམ་བཞིན་རྣམ་གྲངས་མང་དུ་ཕྱིན་པ་དང་། རྫ་གཏེར་བཞེས་པའི་ས་ཆ་དེར་གཏེར་ར་ཞེས་འབོད་པ་དེང་སང་ཡང་མིང་མ་ཉམས་པར་གནས། བོད་ཡིག་གི་མིང་། བཙན་ཡུལ་གྱི་རྫ་བཟོ་ལག་རྩལ། རིགས། འབག་བཟོའི་སྒྱུ་རྩལ། ནང་དོན་མདོར་བསྟན།  བཙན་ཡུལ་དུ་རྫ་ཆས་དར་ནས་ལོ་ངོ་ཇི་ཙམ་སོང་ཡོད་ཅེ་ན། ལོ་འགའི་གོང་དུ་རྫ་བཟོ་མཁས་ཅན་བགྲེས་སོང་རྟ་མགྲིན་ལགས་ཀྱི་ངག་ནས་འདི་སྐད་ཅེས་ཐོས་ཏེ། ལོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་དུ།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

བཀའ་གདམས་པའི་བླ་སྐུ།

སངས་རྒྱས་ཀྱི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཚང་མ་གདམས་ངག་ཏུ་གོ་བའི་གྲུབ་མཐའ་ཞིག ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེ། པོ་ཏོ་བ་དང༌། སྤྱན་སྔ་བ། ཕུ་ཆུང་བ་བཅས་སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། ཕྱི་དར་གྱི་མགོ་ཚུགས་ནས་བཀའ་གདམས་ཀྱི་བསྟན་པ་བོད་དུ་དར་འཕེལ་བྱུང་ཡོད་པ་ཡིན། ཇོ་བོ་ཡབ་སྲས་ནས་དར་ཞིང་རྒྱས་པས་ན་གཙོ་བོ་ཇོ་རྔོག་འབྲོམ་གསུམ་དང་། སྐུ་མཆེད་གསུམ་གྱི་སྐུ་ནི་མཚོན་བྱེད་དུ་གྱུར་ཡོད། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

རྒྱ་གར་མཁས་གྲུབ་ཀྱི་སྐུ།

རྒྱ་གར་གྱི་མཁས་གྲུབ་རྒྱན་དྲུག་མཆོག་གཉིས། མཁས་པ་སྒོ་བཞི། རྨད་བྱུང་གི་སློབ་དཔོན་གཉིས་སོགས་ནང་བསྟན་ལ་མཁས་པ་དང་གྲུབ་ཐོབ་པའི་གང་ཟག་གི་སྐུ་ཡི་རྣམ་པ་ལ་གོ་དགོས་པ་ཡིན། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། ངོ་སྤྲོད། ནང་བསྟན་ལ་མཁས་པ་དང་གྲུབ་ཐོབ་པའི་གང་ཟག་གི་སྐུ་ཡི་རྣམ་པ་ལ་གོ་དགོས་པ་ཡིན། རྒྱ་གར་གྱི་མཁས་གྲུབ་རྒྱན་དྲུག་མཆོག་གཉིས། མཁས་པ་སྒོ་བཞི། རྨད་བྱུང་གི་སློབ་དཔོན་གཉིས་ལྟ་བུ་ཡིན་ལ། ཁོང་རྣམས་ནི་དགེ་སློང་ཤ་སྟག་ཡིན་པས་ཆོས་གོས་གསུམ་དང་། མཁས་པ་ཆེན་པོ་ཡིན་པས་པཎ་ཞྭ་མནབ་པ།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

བཀའ་བརྒྱུད་ཀྱི་བླ་སྐུ།

རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་བཀའ་བརྒྱུད་པ། བོད་དུ་དེའི་རིང་ལུགས་སྲོལ་འབྱེད་མཁན་གྲུབ་ཆེན་ཁྱུང་པོ་མཁས་གྲུབ་ནས་བརྒྱུད་པ་ལ་ཤངས་པ་བཀའ་བརྒྱུད་དང༌། ལྷོ་བྲག་མར་པ་ནས་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་ཟེར། དྭགས་པོ་ལའང་ནང་གསེས་ཕྱེ་ན་ཀརྨ་དང༌། ཚལ་པ། འབའ་རོམ། ཕག་གྲུ་བཅས་བཞི། ཕག་གྲུ་ལ་ཡང་འབྲི་གུང་དང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། ཡེལ་པ། སྨར་ཚང་རྣམས་སོ་སོར་ཕྱེ་ཡོད། སྐབས་དེ་དུས་ཀྱི་སྐྱེས་ཆེན་དག་ལ་སྐུ་བརྙན་བཞེངས་ཡོད་པ་ལ་བཀའ་བརྒྱུད་ཀྱི་བླ་སྐུ་ཞེས་གསུངས།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

ཇོ་ནང་པའི་བླ་སྐུ།

ཀུན་སྤངས་པས་ཇོ་མོ་ནང་དུ་རི་ཁྲོད་བཏབ་པས་ས་མིང་ཆོས་བརྒྱུད་ལ་ཐོགས་པ་ཞིག་ཡིན་ལ། དུས་འཁོར་གྱི་བཤད་སྒྲུབ་གཉིས་ཀ་གཙོ་བོ་བྱེད་པ་ཡིན། ཐོག་མར་ཡུ་མོ་བ་མི་བསྐྱོད་རྡོ་རྗེས་སྲོལ་བཏོད། དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་རྒྱ་ཆེར་སྤེལ་ཞིང་། ཕྱིས་སུ་ཏ་ར་ན་ཐས་ཉམས་གསོ་མཛད། ཁོང་གསུམ་ནི་མཚོན་བྱེད་ཡིན། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། ངོ་སྤྲོད། ཀུན་སྤངས་པས་ཇོ་མོ་ནང་དུ་རི་ཁྲོད་བཏབ་པས་ས་མིང་ཆོས་བརྒྱུད་ལ་ཐོགས་པ་ཞིག་ཡིན་ལ། དུས་འཁོར་གྱི་བཤད་སྒྲུབ་གཉིས་ཀ་གཙོ་བོ་བྱེད་པ་ཡིན། ཐོག་མར་ཡུ་མོ་བ་མི་བསྐྱོད་རྡོ་རྗེས་སྲོལ་བཏོད།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

གངས་ལྗོངས་མ་ཎི་རྡོ་འབུམ།

གངས་ལྗོངས་མ་ཎི་རྡོ་འབུམ་ནི། སྤྱི་ལོ་༢༠༡༡ལོར་མང་བུ་སྣང་གྲགས་སམ་བསྟན་འཛིན་མཁས་གྲུབ་ཀྱིས་ལས་དབུ་བརྩམས་ཤིང་། སྤྱི་ལོ་༢༠༡༧ལོར་ལེགས་པར་གྲུབ། བོད་ཡིག་གི་མིང་། གངས་ལྗོངས་མ་ཎི་རྡོ་འབུམ། གནས་ཡུལ། མང་རྫོང་སུམ་མདོ་གྲོང་རྡལ་གསེར་གཤོང་དགོན་པ། ངོ་སྤྲོད། གངས་ལྗོངས་མ་ཎི་རྡོ་འབུམ་ནི། བོན་རྒྱ་གསེར་གཤོང་དགོན་པར་ཡོད་ལ། སྤྱི་ལོ་༢༠༡༡ལོར་མང་བུ་སྣང་གྲགས་སམ་བསྟན་འཛིན་མཁས་གྲུབ་ཀྱིས་ལས་དབུ་བརྩམས་ཤིང་། སྤྱི་ལོ་༢༠༡༧ལོར་ལེགས་པར་གྲུབ།  དེ་ནི་མ་ཎི་ཆིག་འབུམ་ཆིག་སྟོང་ལྷག་རྡོ་ཆེ་ཆུང་ཆིག་འབུམ་ཆིག་སྟོང་ལྷག་གི་སྟེང་བརྐོས་ཡོད་པ་དང་།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

སཱཙྪ།

སཱཙྪ་ནི་ལེགས་སྦྱར་སྐད་ཡིན་ལ་ཟུར་ཆག་ནས་ཚ་ཚ་ཞེས་གྲགས། བོད་སྐད་དུ་བསྒྱུར་ན་དམ་པའི་གཟུགས་བརྙན་ནམ། མཆོད་བརྙན་གྱི་དོན་ཡིན། འདི་ཐོག་མར་ལག་ལེན་ནི་མཆོད་རྟེན་ཆུང་ངུ་བཞེངས་པའི་ཆེད་དུ་ཡིན་ལ། འཇིམ་པ་ལ་པར་འདེབས་ཀྱི་ཐབས་ལ་བརྟེན་ཡོད། པར་ལ་ཡང་མཆོད་རྟེན་གཅིག་ཅན། མཆོད་རྟེན་ལྔ་ཅན་སོགས་ལྷ་དང་མཆོད་རྟེན་སོགས་ཀྱི་གཟུགས་བརྙན་ཆུང་བའི་བརྐོས་ཕོར་ནང་ས་སོགས་བླུགས་ཏེ་བཟོས་པ་ཞིག་གི་མིང་ཡིན། རྒྱ་ཡིག་གི་མིང་། 神塔小像 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

ཡི་དམ་གྱི་ལྷའི་སྐུ།

ཡི་དམ་གྱི་ཡི་གེ་རྙིང་པར་ཡིད་དམ་ཞེས་བྲིས་ཡོད་ལ། ཕྱིས་སུ་ཟོར་ཡངས་པའི་ཆེད་དུ་ཡིད་དམ་ལ་ཡི་དམ་དང་། ཡིད་རངས་ལ་ཡི་རངས་ཞེས་འབྲི་བཞིན་ཡོད། ཡི་དམ་ནི་གང་ཟག་རང་གི་ཡིད་ཀྱི་དམ་པར་བཟུང་བ་སྟེ་སྲོག་ལྟར་འཛིན་པའི་གསང་སྔགས་ཀྱི་ལྷའི་མིང་ཡིན། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། ངོ་སྤྲོད། ཡི་དམ་ནི་གང་ཟག་རང་གི་ཡིད་ཀྱི་དམ་པར་བཟུང་བ་སྟེ་སྲོག་ལྟར་འཛིན་པའི་གསང་སྔགས་ཀྱི་ལྷ་ཡི་དོན་ཡིན། ཡི་དམ་གྱི་ཡི་གེ་རྙིང་པར་ཡིད་དམ་ཞེས་བྲིས་ཡོད་ལ། ཕྱིས་སུ་ཟོར་ཡངས་ཆེད་ཡིད་དམ་ལ་ཡི་དམ་དང་། ཡིད་རངས་ལ་ཡི་རངས་ཞེས་འབྲི་བཞིན་ཡོད།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

ཀེ་རེ་སིའི་འབག་བཟོ།

ནུབ་ཕྱོགས་ཀྱི་རི་མོའི་སྲོལ་རྒྱུན་ཁྲོད་ཀེ་རེ་སིའི་འབག་བཟོ་ཡིས་གོ་གནས་གལ་ཆེན་ཟིན་ཡོད། ཀེ་རེ་སིའི་ལྷ་སྒྲུང་ནི་ཀེ་རེ་སིའི་འབག་བཟོ་ཡི་ཡོང་ཁུངས་ཡིན་ལ། འབག་བཟོའི་མི་སྣ་སོགས་གཙོ་བོ་ལྷ་སྒྲུང་ལས་ཐོན་པའི་མི་སྣ་ཡིན། དེ་ལས་ཀེ་རེ་སིའི་མི་དམངས་ཀྱིས་རང་བྱུང་ཁམས་དང་སྤྱི་ཚོགས་ལ་བཅངས་པའི་མཛེས་སྡུག་ལྡན་པའི་ཡིད་སྨོན་མཚོན་ཡོད། རྒྱ་ཡིག་གི་མིང་། 希腊雕塑 མཚོན་སྟངས། གསར་དངུལ་ཟངས་ལྕགས་ཀྱི་བཟོ་སྐྲུན། ཀེ་རེ་སིའི་ལྷ་སྒྲུང་། བཟོ་སྐྲུན། བརྐོས་བཟོ། དར་ཡུལ། ཀེ་རེ་སིའི་གླིང་ཕྲན་ཕྱེད་མའི་ལྷོ་སྣེ། འཐུས་ཚབ་མི་སྣ། ཧྥེ་ཏི་ཡཱ། པོ་ལུ་ཁུ་ལུ་ཐུའོ་སི།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

རྡོ་རྔའི་ཡི་གེ

ཐང་རྒྱལ་རབས་ཀྱི་དུས་མགོར་ཧྲའན་ཞིའི་ཧྥེང་ཞང་རྔའི་དབྱིབས་ཀྱི་རྡོ་རིང་གི་ཡི་གེ་ཁག10རྙེད་པ་དང་། དེ་དག་གི་སྟེང་དུ་སོ་སོ་བཞིན་དུ་ཚིག་བཅད་ཤོ་ལོ་ཀ་རེ་བརྐོས་ཡོད་པ་ལ་རྡོ་རྔའི་ཡི་གེ་ཞེས་ཟེར། དེ་ནི་ཀྲུང་གོའི་རྡོ་རིང་གི་ཡི་གེ་སྔ་ཤོས་ཡིན་པ་དང་། ཆིན་རྒྱལ་རབས་ཀྱི་རྒྱལ་རྗེ་སྤྲོ་གསེང་ལ་རི་དྭགས་རྔོན་དུ་སོང་བའི་གནས་ཚུལ་བཀོད་ཡོད་པས་རྔོན་ཡིག་ཅེས་ཀྱང་ཟེར། རྒྱ་ཡིག་གི་མིང་། 石鼓文 རིགས་དབྱེ། ཆིན་གྱི་རྡོ་བརྐོས་ཡི་གེ མིང་གི་བྱུང་རྐྱེན། རྡོའི་དབྱིབས་རྔ་དང་འདྲ་བས། ངོ་སྤྲོད།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

པཎ་ཆེན་རྫ་སྐུ།

པན་ཆེན་རྫ་སྐུ་ཞེས་པ་ནི། ཚོགས་པ་བཞིའི(གྲ་ནང་ཚོང་འདུས་ཚོགས་པ། གྲ་ནང་རྒྱ་གླིང་ཚོགས་པ། སྣེ་གདོང་རྩེ་ཚོགས་པ། གཙང་ཆོས་ལུང་ཚོགས་པ)ནང་བརྟེན་དུ་གྲགས་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་སྐུ་འདྲ་རྫ་སྐུ་ལས་གྲུབ་པ་ཞིག་ཡིན་ལ། རྩེ་ཕོ་བྲང་དང་གྲྭ་ནང་རྒྱལ་གླིང་ཚོགས་པར་ད་ལྟའང་པཎ་ཆེན་རྫ་སྐུ་དེ་དངོས་སུ་མཛལ་རྒྱུ་ཡོད། བཤད་སྲོལ་ལ་སྐུ་འདྲ་རེ་རེའི་བཞུགས་ཁྲིའི་མདུན་ངོས་སུ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་སྣེ་ཁ་མི་འདྲ་བ་རེ་བཀོད་ཡོད་པར་གསུངས་སོ།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

གུ་རུའི་སྐུ་ཚབ་རྟེན་ལྔ།

གུ་རུའི་སྐུ་ཚབ་རྟེན་ལྔ་ཅེས་པ་ནི་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་ལྔ་ཡིན་ལ། དེ་གནས་ཆེན་ལྔར་གཏེར་དུ་སྦས་པ་ལ་སྐུ་ཚབ་གཏེར་ལྔར་གྲགས་པ་ཡིན། ཁོངས་གཏོགས། ལོ་རྒྱུས་ཤེས་བྱ། ངོ་སྤྲོད་མདོར་བསྡུས།  དུང་དཀར་ཚིག་མཛོད་ལས། སྤྱིར་གུ་རུའི་སྐུ་ཚབ་རྟེན་ལྔ་ཅེས་པ་ནི་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་ལྔ་ཡིན་ལ། དེ་གནས་ཆེན་ལྔར་གཏེར་དུ་སྦས་པ་ལ་སྐུ་ཚབ་གཏེར་ལྔར་གྲགས་པ་ཡིན་ཏེ། དེ་ཡང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྐུ་འདྲ་ཁྱད་དུ་འཕགས་པ་སྐུའི་རྟེན་དེ་ཉིད་མཁའ་རི་གངས་ཀྱི་བསམ་འགྲུབ་ཏུ་སྦས།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན།

མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དགོངས་པས་གདུལ་བྱའི་ཁམས་ལ་དུས་རྟག་ཏུ་གཟིགས་ཤིང་སྡུག་བསྔལ་སོགས་ལས་སྐྱོབ་པར་མཛད་པ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག་སྟེ། དུང་དཀར་ཚིག་མཛོད་ལས། སྤྱི་ལོའི་དུས་རབས་བདུན་པའི་ནང་ར་ས་འཕྲུལ་སྣང་གཙུག་ཁང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཟེར་བ་འདི་བལ་བོའི་ལྷ་བཟོ་མཁས་ཅན་ཁྲོ་བོ་ཞེས་པས་བཞེངས་པར་གྲགས་སོ།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།

ཞི་བྱེད་གཅོད་ཡུལ་བའི་བླ་སྐུ།

དམ་པ་སངས་རྒྱས་ཀྱིས་བོད་དུ་སྤེལ་ཞིང་མ་གཅིག་ལབ་སྒྲོན་གྱིས་དར་བར་བྱས་པའི་ཆོས་སྲོལ་ཞིག་གི་སྐུ་ཡིན། སྡུག་བསྔལ་ཀུན་ཞི་བར་བྱེད་པའི་ཐབས་བདག་འཛིན་གཅོད་པས་ན་གཅོད་ཡུལ་བ་ཞེས་གྲགས། ཕྱག་གཡས་ཌ་རུ་དཀྲོལ་བས་ཤེས་རབ་ཕ་རོལ་ཕྱིན་པ་སྟོན་པ་དང་། ཕྱག་གཡོན་རྐང་དུང་འབུད་པས་སྡུག་བསྔལ་གྱི་གཞི་ཕུང་པོ་ངར་འཛིན་པའི་ལྟ་བ་སྐྱི་གཡའ་བར་བྱེད་པ་མཚོན་སོགས་སྐུ་བརྙན་བཞེངས་ཡོད་པར་གསུངས། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། ངོ་སྤྲོད། དམ་པ་སངས་རྒྱས་ཀྱིས་བོད་དུ་སྤེལ་ཞིང་མ་གཅིག་ལབ་སྒྲོན་གྱིས་དར་བར་བྱས་པའི་ཆོས་སྲོལ་ཞིག་གི་སྐུ་ཡིན། སྡུག་བསྔལ་ཀུན་ཞི་བར་བྱེད་པའི་ཐབས་བདག་འཛིན་གཅོད་པས་ན་གཅོད་ཡུལ་བ་ཞེས་གྲགས།

རིགས་དབྱེ།   སྒྱུ་རྩལ།འབག་བཟོ།