ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན།
མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དགོངས་པས་གདུལ་བྱའི་ཁམས་ལ་དུས་རྟག་ཏུ་གཟིགས་ཤིང་སྡུག་བསྔལ་སོགས་ལས་སྐྱོབ་པར་མཛད་པ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག་སྟེ། དུང་དཀར་ཚིག་མཛོད་ལས། སྤྱི་ལོའི་དུས་རབས་བདུན་པའི་ནང་ར་ས་འཕྲུལ་སྣང་གཙུག་ཁང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཟེར་བ་འདི་བལ་བོའི་ལྷ་བཟོ་མཁས་ཅན་ཁྲོ་བོ་ཞེས་པས་བཞེངས་པར་གྲགས་སོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད་མདོར་བསྡུས། 

མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དགོངས་པས་གདུལ་བྱའི་ཁམས་ལ་དུས་རྟག་ཏུ་གཟིགས་ཤིང་སྡུག་བསྔལ་སོགས་ལས་སྐྱོབ་པར་མཛད་པ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག་སྟེ། དུང་དཀར་ཚིག་མཛོད་ལས། སྤྱི་ལོའི་དུས་རབས་བདུན་པའི་ནང་ར་ས་འཕྲུལ་སྣང་གཙུག་ཁང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཟེར་བ་འདི་བལ་བོའི་ལྷ་བཟོ་མཁས་ཅན་ཁྲོ་བོ་ཞེས་པས་བཞེངས་པར་གྲགས་སོ། ། 

བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་བོ་སྲོང་བཙན་སྒམ་པོས་སིང་ག་གླིང་གི་རྒྱ་མཚོའི་འགྲམ་དུ་ཡོད་པའི་བྱེ་མའི་གླིང་ནས་ཙན་དན་སྦྲུལ་གྱི་སྙིང་བོ་གདན་དྲངས་པ་དེ་ལས་རང་བྱུང་དུ་འཁྲུངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་སྟེ་ལྷ་ས་གཙུག་ལག་ཁང་དུ་ཞལ་བཞེངས་མི་དགོས་པར་རང་བྱུང་དུ་འཁྲུངས་པའི་ཐུགས་ཀར་གཟུངས་སུ་ཕུལ་བས་རང་བྱུང་གི་སྐུ་གཉིས་ཀྱི་སྟེང་དུ་རྒྱལ་བོ་ཉིད་དང་། རྒྱ་བཟའ། བལ་བཟའ་གསུམ་སྐུ་དེའི་ཐུགས་ཀར་ཐིམ་པ་བསྣན་པས་རང་བྱུང་གི་བྱིན་རླབས་ལྔ་དང་ལྡན་པ་ཡིན་ཞེས་བཤད་སྲོལ་ཡོད། 

གཞན་ཡང་། སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རྩ་ཞལ་གསུམ་དང་དབུ་རྩེའི་རྒྱལ་བ་འོད་དཔག་མེད་ཕུད་ཚད་ཚང་མ་ཁྲོ་ཞལ་དུ་བཞེངས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གཟིགས་སྣང་དང་རྒྱལ་པོའི་སྐུ་ཚད་གཞིར་བཟུང་སྟེ་བཀའ་བཀོད་ལྟར་བལ་བོའི་བཟོ་བོ་ཁྲོ་བོ་ཞེས་པས་བཞེངས་པ་རྒྱལ་བོ་ལུགས་ཀྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞེས་ཀྱང་ཟེར་ལ། བོད་དུ་བཞེངས་པའི་འཇིམ་སྐུ་དང་པོ་འདི་ཡིན་ཞེས་ཀྱང་ཟེར། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-05

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།