བོད་ཀྱི་མཁས་གྲུབ་ཀྱི་སྐུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ཁྱད་ཆོས་ཆོས་གོས་གསུམ་དང་ཟླ་གམ་མནབ་པས་དགེ་སློང་ཡིན་པ་མཚོན་ལ། པཎ་ཞྭ་མནབ་པ་ནི་མཁས་པ་ཆེན་པོ་ཡིན་པ་དང་། མཁར་སིལ་དང་ལྷུང་བཟེད་འཛིན་མཁན་ནི་འདུལ་བ་འཛིན་མཁན་ཡིན་པ། ཕྱག་མཚན་རལ་གྲི་འཛིན་པ་ནི་འཇམ་དབྱངས་དང་མཚུངས་པ། གླེགས་བམ་ནི་གསུང་རབ་ཀྱི་མཛོད་ཡིན་པ་སོགས་​བོད་ཀྱི་ཆོས་པ་མཁས་གྲུབ་ཀྱི་གོ་འཕང་ཐོབ་པ་ཚོའི་སྐུ་ཡི་རྣམ་པ་ལ་གོ་དགོས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད།

བོད་ཀྱི་ཆོས་པ་མཁས་གྲུབ་ཀྱི་གོ་འཕང་ཐོབ་པ་ཚོའི་སྐུ་ཡི་རྣམ་པ་ལ་གོ་དགོས། བོད་ཀྱི་ཁྱད་ཆོས་ཆོས་གོས་གསུམ་དང་ཟླ་གམ་མནབ་པས་དགེ་སློང་ཡིན་པ་མཚོན་ལ། པཎ་ཞྭ་མནབ་པ་ནི་མཁས་པ་ཆེན་པོ་ཡིན་པ། མཁར་སིལ་དང་ལྷུང་བཟེད་ཡོད་ན་འདུལ་འཛིན་ཡིན་པ། ཕྱག་མཚན་རལ་གྲི་ནི་འཇམ་དབྱངས་དང་མཚུངས་པ། གླེགས་བམ་ནི་གསུང་རབ་ཀྱི་མཛོད་ཡིན་པ། རྡོར་དྲིལ་གྱིས་གསང་སྔགས་མཁས་པ་ཡིན་པ། པད་དཀར་གྱིས་སྤྱན་རས་གཟིགས་ཡིན་པ། སྒོམ་ཞྭ་མནབ་ན་སྒྲུབ་བརྒྱུད་པ་ཡིན་པ། སྒོམ་ཐག་ཡོད་ན་སྒོམ་ཆེན་ཡིན་པ། ཐོད་ཕོར་བསྣམས་ན་རྟོགས་ལྡན་ཡིན་པ། རས་གོས་མནབ་ན་བདེ་དྲོད་འབར་བ། རལ་བ་དང་རལ་ཅོག་ཡོད་ན་སྔགས་པ་ཡིན་པ། གཏེར་ཞྭ་མནབ་ན་གཏེར་སྟོན་ཡིན་པ་མཚོན་གྱི་ཡོད་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-24

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།