རྡོ་རྔའི་ཡི་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་རྔའི་ཡི་གེ
ཐང་རྒྱལ་རབས་ཀྱི་དུས་མགོར་ཧྲའན་ཞིའི་ཧྥེང་ཞང་རྔའི་དབྱིབས་ཀྱི་རྡོ་རིང་གི་ཡི་གེ་ཁག10རྙེད་པ་དང་། དེ་དག་གི་སྟེང་དུ་སོ་སོ་བཞིན་དུ་ཚིག་བཅད་ཤོ་ལོ་ཀ་རེ་བརྐོས་ཡོད་པ་ལ་རྡོ་རྔའི་ཡི་གེ་ཞེས་ཟེར། དེ་ནི་ཀྲུང་གོའི་རྡོ་རིང་གི་ཡི་གེ་སྔ་ཤོས་ཡིན་པ་དང་། ཆིན་རྒྱལ་རབས་ཀྱི་རྒྱལ་རྗེ་སྤྲོ་གསེང་ལ་རི་དྭགས་རྔོན་དུ་སོང་བའི་གནས་ཚུལ་བཀོད་ཡོད་པས་རྔོན་ཡིག་ཅེས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石鼓文
རིགས་དབྱེ།
ཆིན་གྱི་རྡོ་བརྐོས་ཡི་གེ
མིང་གི་བྱུང་རྐྱེན།
རྡོའི་དབྱིབས་རྔ་དང་འདྲ་བས།
1 ངོ་སྤྲོད།

ཐང་རྒྱལ་རབས་ཀྱི་དུས་མགོར་ཧྲའན་ཞིའི་ཧྥེང་ཞང་རྔའི་དབྱིབས་ཀྱི་རྡོ་རིང་གི་ཡི་གེ་ཁག10རྙེད་པ་དང་།  དེ་དག་གི་སྟེང་དུ་སོ་སོ་བཞིན་དུ་ཚིག་བཅད་ཤོ་ལོ་ཀ་རེ་བརྐོས་ཡོད་པ་ལ་རྡོ་རྔའི་ཡི་གེ་ཞེས་ཟེར།  དེ་ནི་ཀྲུང་གོའི་རྡོ་རིང་གི་ཡི་གེ་སྔ་ཤོས་ཡིན་པ་དང་།  ཆིན་རྒྱལ་རབས་ཀྱི་རྒྱལ་རྗེ་སྤྲོ་གསིང་ལ་རི་དྭགས་རྔོན་དུ་སོང་བའི་གནས་ཚུལ་བཀོད་ཡོད་པས་རྔོན་ཡིག་ཅེས་ཀྱང་ཟེར།  རྡོ་རྔའི་ཡི་གེ་དེ་དག་ལ་དུས་རབས་རིམ་བྱོན་གྱིས་མཁན་པ་ཚོས་རྩིས་མཐོང་ཆེན་པོ་བྱས་ཡོད་པ་དང་།  སྙན་ངག་མཁན་པོ་ཏུའུ་ཧྥུ་དང་། ཧན་ཡུས། ཝེ་ཡིང་ཝུའུ་སོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་མྱོང་ཡོད།  ཆིང་རྒྱལ་རབས་དུས་མཇུག་གི་སུག་བྲིས་དང་རི་མོ་མཁས་ཆེན་ཝུའུ་ཁྲང་ཧྲུའོ་ནི་རྡོ་རྔའི་ཡི་གེའི་རྩལ་ལ་སྦྱངས་ནས་བག་ཆགས་སད་དེ་སུག་བྲིས་དང་རི་མོའི་ཀློང་བརྡོལ་བའི་བདག་ཉིད་ཆེན་པོ་གྱུར་བ་རེད།  རྡོ་རྔའི་ཡི་གེའི་ཡིག་གཟུགས་ནི་ཀྲོན་ཆེན་དུ་བར་བརྒལ་བྱེད་པའི་ཡིག་གཟུགས་ཡིན་པ་དང་།  སུག་བྲིས་དང་རི་མོ་བའི་མིག་ལམ་དུ་དེ་ནི་ལྟ་བས་ཆོག་མི་ཤེས་པའི་སྒྱུ་རྪལ་མཛད་ཆོས་ཡིན།  ད་ལྟ་ཉུང་ངུ་ཙམ་ལས་ལུས་མེད་པའི་ཆིན་རྒྱལ་རབས་སྔ་མའི་ཀྲོན་ཡིག་ཁག་གི་ནང་དུ་རྡོ་རྔའི་ཡི་གེ་འདི་དག་ནི་ཆ་ལག་རྗོགས་ཤིང་གོ་འགྲིག་པ་དང་པིར་རྩལ་རྒྱས་པའི་ཐོག་ནས་གོ་འཕང་མཐོན་པོར་བསྙེགས་ཡོད། དེའི་བྱུང་བའི་ལོ་ཚིགས་ཐད་དུ་ཁྲུན་ཆིའུ་དུས་སྐབས་དང་ཀྲན་གོའི་དུས་སྐབས་གང་ཡིན་ལ་བཞེད་པའི་པ་སྒྲོས་མཐུན་བྱུང་མེད།  དེང་སང་པེ་ཅིང་གི་གོང་མའི་ཕོ་བྲང་དུ་ཉར་ཡོད།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རྡོ་བརྐོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།