འབུར་དོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐུ་འབུར་དུ་དོད་པའི་རིགས་ཀུན་ལ་གོ་དགོས་པ་ཡིན། བྲག་བརྐོས། རྡོ་བརྐོས། ཤིང་བརྐོས། འཇིམ་བཟོ་སོགས་མི་རིགས་སོ་སོར་བརྐོ་ཐབས་མང་དུ་བྱུང་ཡོད། རྒྱ་གར་དང་རྒྱ་ནག་ཨོ་རྒྱན་ལི་ཡུལ་སོགས་ལ་བྲག་བརྐོས་དར་བཟོ་ཆེ་ལ། རྒྱ་གར་དུ་རྡོ་ནག་དང་ཀ་མ་རུ་དང་རུས་པ་སོགས་ལ་བརྐོ་བ་དར་ཡོད་པ་དང་། བྲག་བརྐོས་བོད་ལའང་དར་མྱོང་ལ་རྡོ་བརྐོས་ནི་ད་བར་ཡང་བོད་ཡུལ་དུ་དར་ཁྱབ་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凸出花纹
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད། 

སྐུ་འབུར་དུ་དོད་པའི་རིགས་ཀུན་ལ་གོ་དགོས་པ་ཡིན། བྲག་བརྐོས། རྡོ་བརྐོས། ཤིང་བརྐོས། འཇིམ་བཟོ་སོགས་མི་རིགས་སོ་སོར་བརྐོ་ཐབས་མང་དུ་བྱུང་ཡོད། རྒྱ་གར་དང་རྒྱ་ནག་ཨོ་རྒྱན་ལི་ཡུལ་སོགས་ལ་བྲག་བརྐོས་དར་བཟོ་ཆེ་ལ། རྒྱ་གར་དུ་རྡོ་ནག་དང་ཀ་མ་རུ་དང་རུས་པ་སོགས་ལ་བརྐོ་བ་དར་ཡོད་པ་དང་། བྲག་བརྐོས་བོད་ལའང་དར་མྱོང་ལ་རྡོ་བརྐོས་ནི་ད་བར་ཡང་ཡོད་པ་རེད། ཤིང་བརྐོས་ནི་རྒྱ་བལ་གང་སར་དར་ཞིང་ཙནྡ་ཇོ་བོ་སོགས་བརྐོས་ཡོད་པ་རེད། འཇིམ་བཟོ་ནི་ནང་བསྟན་དར་བའི་ས་ཕྱོགས་ཚང་མར་དར་ཡོད་པ་རེད། འཇིམ་པའི་ནང་སྨན་རྫས་བཏབ་ཡོད་ན་སྨན་སྐུ་ཡང་ཟེར་ཆོག དུས་རབས་སོ་སོའི་འཇིམ་བཟོའི་ལག་རྩལ་ཡང་མི་འདྲ་བ་ཡོད་པ་རེད། བསེ་བཟོ་ནི་འདམ་པ་སྲ་མོ་རྫས་སོགས་དང་མཉམ་དུ་སྦྱར་ནས་བཟོས་པ་དང་། ཀོ་བསེ། ཤིང་བསེ། དར་བསེ། རས་བསེ། ཤོག་བསེ་སོགས་འབག་བཟོའི་ལག་རྩལ་ཡང་འདིར་གཏོགས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།