སཱཙྪ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སཱཙྪ་ནི་ལེགས་སྦྱར་སྐད་ཡིན་ལ་ཟུར་ཆག་ནས་ཚ་ཚ་ཞེས་གྲགས། བོད་སྐད་དུ་བསྒྱུར་ན་དམ་པའི་གཟུགས་བརྙན་ནམ། མཆོད་བརྙན་གྱི་དོན་ཡིན། འདི་ཐོག་མར་ལག་ལེན་ནི་མཆོད་རྟེན་ཆུང་ངུ་བཞེངས་པའི་ཆེད་དུ་ཡིན་ལ། འཇིམ་པ་ལ་པར་འདེབས་ཀྱི་ཐབས་ལ་བརྟེན་ཡོད། པར་ལ་ཡང་མཆོད་རྟེན་གཅིག་ཅན། མཆོད་རྟེན་ལྔ་ཅན་སོགས་ལྷ་དང་མཆོད་རྟེན་སོགས་ཀྱི་གཟུགས་བརྙན་ཆུང་བའི་བརྐོས་ཕོར་ནང་ས་སོགས་བླུགས་ཏེ་བཟོས་པ་ཞིག་གི་མིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
神塔小像
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད།

སཱཙྪ་ནི་ལེགས་སྦྱར་སྐད་ཡིན་ལ་ཟུར་ཆག་ནས་ཚ་ཚ་ཞེས་གྲགས། བོད་སྐད་དུ་བསྒྱུར་ན་དམ་པའི་གཟུགས་བརྙན་ནམ། མཆོད་བརྙན་གྱི་དོན་ཡིན། འདི་ཐོག་མར་ལག་ལེན་ནི་མཆོད་རྟེན་ཆུང་ངུ་བཞེངས་པའི་ཆེད་དུ་ཡིན་ལ། འཇིམ་པ་ལ་པར་འདེབས་ཀྱི་ཐབས་ལ་བརྟེན་ཡོད། པར་ལ་ཡང་མཆོད་རྟེན་གཅིག་ཅན། མཆོད་རྟེན་ལྔ་ཅན། མཆོད་རྟེན་བརྒྱད་ཅན་ལ་མཆོད་བརྒྱད་མ་ཟེར་ལ་འབྲིང་ཚད་ཡིན། ཆེ་ཚད་ལ་མཆོད་བརྒྱ་མ་ཞེས་མཆོད་རྟེན་བརྒྱའི་གཟུགས་ཚང་ཡོད་པ་ཡིན། རིམ་བཞིན་མཆོད་རྟེན་མ་ཟད་སྐུ་དང་གསུང་དཔར་བའི་སྲོལ་དར་ཞིང་། ཚ་ཚ་ཁོ་ན་བཞུགས་ས་ལ་ཚ་ཁང་ཞེས་ལམ་འགྲམ་དུ་བཞེངས་ཡོད། དེ་ཡང་ཕར་ཚུར་འགྲོ་འོང་མཁན་གྱིས་ཞོར་དུ་བསྐོར་བའི་ཆེད་དུ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-27

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།