པཎ་ཆེན་རྫ་སྐུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པཎ་ཆེན་རྫ་སྐུ།
པན་ཆེན་རྫ་སྐུ་ཞེས་པ་ནི། ཚོགས་པ་བཞིའི(གྲ་ནང་ཚོང་འདུས་ཚོགས་པ། གྲ་ནང་རྒྱ་གླིང་ཚོགས་པ། སྣེ་གདོང་རྩེ་ཚོགས་པ། གཙང་ཆོས་ལུང་ཚོགས་པ)ནང་བརྟེན་དུ་གྲགས་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་སྐུ་འདྲ་རྫ་སྐུ་ལས་གྲུབ་པ་ཞིག་ཡིན་ལ། རྩེ་ཕོ་བྲང་དང་གྲྭ་ནང་རྒྱལ་གླིང་ཚོགས་པར་ད་ལྟའང་པཎ་ཆེན་རྫ་སྐུ་དེ་དངོས་སུ་མཛལ་རྒྱུ་ཡོད། བཤད་སྲོལ་ལ་སྐུ་འདྲ་རེ་རེའི་བཞུགས་ཁྲིའི་མདུན་ངོས་སུ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་སྣེ་ཁ་མི་འདྲ་བ་རེ་བཀོད་ཡོད་པར་གསུངས་སོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད་མདོར་བསྡུས། 

པན་ཆེན་རྫ་སྐུ་ཞེས་པ་ནི། ཚོགས་པ་བཞིའི(གྲ་ནང་ཚོང་འདུས་ཚོགས་པ། གྲ་ནང་རྒྱ་གླིང་ཚོགས་པ། སྣེ་གདོང་རྩེ་ཚོགས་པ། གཙང་ཆོས་ལུང་ཚོགས་པ)ནང་བརྟེན་དུ་གྲགས་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་སྐུ་འདྲ་རྫ་སྐུ་ལས་གྲུབ་པ་ཞིག་ཡིན་ལ། དེ་ཡང་ཚོགས་པའི་གནས་ཡིག་དད་པའི་སྒོ་འབྱེད་ཞེས་པའི་ནང་དུ་འདི་ལྟར་གསལ་ཏེ། ཁ་ཆེ་པཎ་ཆེན་འདི་དྲང་སྲོང་སྲིན་པོ་རིར(དེང་སྐབས་ཀྱི་ཟམ་གཅིག་ཕུག་གཉིས་ཉེ་འདབས་སུ)བཞུགས་པའི་ཚེ། དེར་རྫ་མཁན་བཀྲ་ཤིས་འོད་འབར་བྱ་བ་མཁས་པའི་མཆོག་ཏུ་གྱུར་པ་ཞིག་ཡོད་པ་དེས་རྗེ་ཉིད་ལ་ཤིན་ཏུ་གུས་པ་ཐོབ་ནས་ཞལ་བལྟ་རུ་ཡོང་བའི་དུས་ཤིག་ན། རྫ་མཁན་ཚེ་ཞག་བདུན་ལས་མེད་པ་མངོན་པར་མཁྱེན་ནས་བརྩེ་བས་ལུང་བསྟན་པ་ན། ཁོ་པ་ཉིད་ཤིན་ཏུ་བྲེད་དེ་མིག་ནས་མཆི་མ་དང་བཅས་ཐལ་མོ་སྦྱར་ཞིང་། ཁྱེད་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་ལ་མཐུ་ནུས་གྲུབ་པའི་མཁས་པ་ཆེན་པོ་ལགས་པས། བདག་འཆི་བདག་ལས་སྒྲོལ་བའི་མགོན་སྐྱབས་ཐུགས་རྗེས་འཛིན་པར་འཚལ་ཞེས་ཞབས་ལ་འཇུས་ནས་གསོལ་ཤུགས་དྲག་ཏུ་བཏབ་པས། བླ་མ་པན་ཆེན་གྱི་ཞལ་སྔ་ནས། དེ་ལྟར་ནའང་ངའི་འདྲ་འབག་ཉིན་གཅིག་ལ་ཇི་ལྟར་གྲུབ་པ་ཁྱེར་ལ་ཤོག་ཅིག་དང་ཁྱོད་ལ་ཚེ་བྱིན་གྱིས་རློབས་ཤིང་བསྲིང་ངོ་གསུངས་པ་བཞིན། དེའི་ནངས་པར་རྣམ་གཡེང་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་ཏུ་ཆོས་རྗེ་ཉིད་ལ་གསོལ་བ་འདེབས་པའི་ངང་ནས་འགྲུབ་པར་བཟོས་པས། པན་ཆེན་གྱི་སྐུ་མཚར་དུ་དངར་བ་ཁྲི་སོགས་བཀོད་པས་མཛེས་པ་བྱིན་རླབས་ཀྱིས་གཟི་འོད་འཕྲོ་བ་བདུན་གྲུབ་པ་ཁྱེར་ཡོང་ནས་བླ་མའི་དྲུང་དུ་ཕུལ་བས། པཎ་ཆེན་གྱི་ཞལ་ནས་ཕ་ལ་ཕ་ལ་ཞེས་མཉེས་པར་མཛད་ཅིང་བྱིན་གྱིས་བརླབས། ད་ནི་ཁྱོད་ཀྱི་ཚེ་ཞག་བདུན་གྱིས་གཏུགས་ནའང་ལོ་བདུན་གྱི་ཚེ་སྦྱིན་དངོས་གྲུབ་བསྩལ་བར་གནང་། 

གོང་གི་ལོ་རྒྱུས་དུམ་བུ་འདིའི་ནང་གསལ་བའི་རྫ་སྐུ་བདུན་དེ་རྣམས་ད་ལྟ་གར་ཡོད་མི་ཤེས། འོན་ཏེ་རྩེ་ཕོ་བྲང་དང་གྲྭ་ནང་རྒྱལ་གླིང་ཚོགས་པར་ད་ལྟའང་པཎ་ཆེན་རྫ་སྐུ་དེ་དངོས་སུ་མཇལ་རྒྱུ་ཡོད་དོ། ། བཤད་སྲོལ་ལ་སྐུ་འདྲ་རེ་རེའི་བཞུགས་ཁྲིའི་མདུན་ངོས་སུ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་སྣེ་ཁ་མི་འདྲ་བ་རེ་བཀོད་ཡོད་པར་གསུངས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-05

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།