ཀེ་རེ་སིའི་འབག་བཟོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀེ་རེ་སིའི་འབག་བཟོ།
ནུབ་ཕྱོགས་ཀྱི་རི་མོའི་སྲོལ་རྒྱུན་ཁྲོད་ཀེ་རེ་སིའི་འབག་བཟོ་ཡིས་གོ་གནས་གལ་ཆེན་ཟིན་ཡོད། ཀེ་རེ་སིའི་ལྷ་སྒྲུང་ནི་ཀེ་རེ་སིའི་འབག་བཟོ་ཡི་ཡོང་ཁུངས་ཡིན་ལ། འབག་བཟོའི་མི་སྣ་སོགས་གཙོ་བོ་ལྷ་སྒྲུང་ལས་ཐོན་པའི་མི་སྣ་ཡིན། དེ་ལས་ཀེ་རེ་སིའི་མི་དམངས་ཀྱིས་རང་བྱུང་ཁམས་དང་སྤྱི་ཚོགས་ལ་བཅངས་པའི་མཛེས་སྡུག་ལྡན་པའི་ཡིད་སྨོན་མཚོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
希腊雕塑
མཚོན་སྟངས།
གསར་དངུལ་ཟངས་ལྕགས་ཀྱི་བཟོ་སྐྲུན། ཀེ་རེ་སིའི་ལྷ་སྒྲུང་། བཟོ་སྐྲུན། བརྐོས་བཟོ།
དར་ཡུལ།
ཀེ་རེ་སིའི་གླིང་ཕྲན་ཕྱེད་མའི་ལྷོ་སྣེ།
འཐུས་ཚབ་མི་སྣ།
ཧྥེ་ཏི་ཡཱ། པོ་ལུ་ཁུ་ལུ་ཐུའོ་སི། ཕུའུ་ལཱ་ཁུ་ཞི་ཐུ་ལིའེ་སི། ལི་ཞི་ཕུའུ་སི།
1 ངོ་སྤྲོད།

འབག་བཟོ་ནི་ཀེ་རེ་སིའི་རི་མོའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་པོ་ཞིག་ཡིན་པ་དང་། དེས་ཀེ་རེ་སི་བས་མཛེས་ཆ་ལ་འཛིན་པའི་ཡིད་སྨོན་དང་། ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་མཁྱེན་དཔྱོད། མིའི་ལུས་ཕུང་ལ་བྱེད་པའི་བསྟོད་བསྔགས་བཅས་མཚོན་ཡོད།  ལོ་ངོ་སྟོང་ཕྲང་དུ་མའི་རིང་ལ་འབག་བཟོ་མཁས་པ་དང་། རི་མོ་བ། ལག་ཤེས་བཟོ་རྩལ་བཟོ་རྩལ་མཁས་པ་བཅས་ཚང་མར་དེས་བློ་སྒོ་ཕྱེས་པ་དང་བག་ཆགས་བཞག་པ་རེད།

2 འབག་གི་ལོ་རྒྱུས།                                         

ཀེ་རེ་སིའི་འབག་བཟོ་ཡི་ལོ་རྒྱུས་ཧྲིལ་པོ་ལོ་ངོ1000ཡས་མས་ཡོད་པ་ལ།  གནའ་ཆོས་དང་།  གནའ་སྲོལ།  ཀེ་རེ་སི་ཅན་བཅས་དུས་སྐབས་སུ་དུ་དབྱེ་བ་སྟེ།  གནའ་ཆོས་དུས་སྐབས་ནི་སྤྱི་ལོའི་སྔོན་གྱི་དུས་རབས7པ་ནས6པའི་བར་ཡིན།  དུས་སྐབས་དེའི་འབག་གི་བཟོ་བཀོད་ཉིད་གནད་དུ་ཟིན་ཡོད་པ་དང་། བརྩམས་ཆོས་ཁག་ཅིག་གསོན་ཉམ་ལྡན་པར་སྣང་མོད་ཀྱི།  མང་ཆེ་བ་ཀེ་རེར་ལངས་པ་དང་ལུས་སྟབས་རེབས་པོ་ཡིན་ལ།  གདོང་གི་རྣམ་གྱུར་ནི་དམིགས་བསལ་ཅན་གྱི་འཛུམ་བག་ཅིག་ཏུ་སྣང་བ་དེ་ལ་གནའ་ཆོས་ཀྱི་འཛུམ་བག་ཅེས་ཟེར། གནའ་སྲོལ་དུས་སྐབས་ནི་སྤྱི་ལོའི་སྔོན་གྱི་དུས་རབས5པ་ནས4པའི་རིང་ཡིན་པ་དེ་ནི་ཀེ་རེ་སིའི་འདྲ་འབག་གི་རྫོགས་ལྡན་དུས་སྐབས་ཡིན་ཞིང་། གྲུབ་འབྲས་ཆེ་ཤོས་དང་གོ་གནས་མཐོ་ཤོས་ཀྱི་དུས་ཡིན།  དེས་ཀེ་རེ་སི་བ་ལྷད་མེད་དང་།  ཞི་མཐུན། ཞིབ་ཚགས་བཅས་ཀྱི་མཛེས་དཔྱོད་ཀྱི་དོན་གཉེར་མཚོན་ཡོད་པ་ལ་བླ་ན་མཐོ་བའི་དཔེ་སྲོལ་ཞེས་ཟེར།  དུས་སྐབས་དེའི་འཐུས་ཚབ་ལ་སྨི་ལུང་གི《ལྕགས་སྒོར་འཕེན་མཁན》དང་།  ཧྥེ་ཏི་ཡ་སིའི《ཡཱ་ཏེན་ནཱའི་ལྷ་སྐུ》དང་ཕཱ་ཐི་སི་ལྷ་ཁང་གི་ཕྱེད་འབག་བཅས་ཡོད།  བརྩམས་ཆོས་དེ་དག་གིས་གནའ་ཆོས་དུས་སྐབས་ཀྱི་རྣམ་པ་ཐོད་བརྒལ་བྱས་ཏེ་སྟངས་སྟབས་གསོན་ཉམས་ལྡན་པ་དང་།  གྲུབ་ཚུལ་གནད་ལ་ཁེལ་བ།  ཉམས་སྣང་ཡོངས་སུ་རྫོགས་པ།  གཤིས་ལུགས་བླ་ན་མཐོ་བ་བཅས་སུ་སྣང་བས་མིའི་ལུས་ཕུང་གི་མཛེས་ཆ་དང་བསམ་བློའི་མཛེས་དཔྱོད་ཀྱི་ཚད་མཐོའི་པོའི་གཅིག་གྱུར་མཚོན་ཡོད། ཀེ་རེ་སི་ཅན་གྱི་དུས་སྐབས་ནི་སྤྱི་ལོའི་དུས་རབས4པ་ཡས་མས་ནས་དུས་རབས1པོའི་རིང་ཡིན་པ་དང་།  དུས་སྐབས་དེར་ འབག་གི་བཞེངས་ཐབས་ཡོངས་སུ་རྫོགས་ཡོད་མོད་ཀྱང་བརྩམས་ཆོས་ལ་སྐྱེ་སྟོབས་མེད་པར་གྱུར་ཡོད་ལ།  བརྩམས་ཆོས་ལ་ལ་ཞིག་གནའ་སྲོལ་རིང་ལུགས་ཀྱི་རྨང་གཞིའི་སྟེང་དུ་ཐོད་བརྒལ་རོལ་ཙམ་བྱུང་ཡོད་པ་རེད། དཔེར་ན་སཱ་མོ་སེ་ལེ་སིའི་ནེ་ཁའེ་ལྷ་མོའི་སྐུ་དང་ལཱ་ཨོ་ཁུན་གྱི་སྐུ་ཚོགས་ལྟ་བུ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།