གུ་རུའི་སྐུ་ཚབ་རྟེན་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུ་རུའི་སྐུ་ཚབ་རྟེན་ལྔ།
གུ་རུའི་སྐུ་ཚབ་རྟེན་ལྔ་ཅེས་པ་ནི་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་ལྔ་ཡིན་ལ། དེ་གནས་ཆེན་ལྔར་གཏེར་དུ་སྦས་པ་ལ་སྐུ་ཚབ་གཏེར་ལྔར་གྲགས་པ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད་མདོར་བསྡུས། 

དུང་དཀར་ཚིག་མཛོད་ལས། སྤྱིར་གུ་རུའི་སྐུ་ཚབ་རྟེན་ལྔ་ཅེས་པ་ནི་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་ལྔ་ཡིན་ལ། དེ་གནས་ཆེན་ལྔར་གཏེར་དུ་སྦས་པ་ལ་སྐུ་ཚབ་གཏེར་ལྔར་གྲགས་པ་ཡིན་ཏེ། དེ་ཡང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྐུ་འདྲ་ཁྱད་དུ་འཕགས་པ་སྐུའི་རྟེན་དེ་ཉིད་མཁའ་རི་གངས་ཀྱི་བསམ་འགྲུབ་ཏུ་སྦས། བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྐུ་འདྲ་སིན་དུ་རས་བྱུག་པ་གསུང་གི་རྟེན་དེ་ཉིད་མོན་ཁ་སེང་གེ་བསམ་འགྲུབ་དུ་སྦས། མཁར་བ་ནག་པོ་ལས་བཞེངས་པའི་སྐུ་འདྲ་ཐུགས་ཀྱི་རྟེན་དེ་ཉིད་རྟ་མགྲིན་བྲག་ཁུང་གི་བསམ་འགྲུབ་ཕུག་པར་སྦས། རིན་པོ་ཆེ་གསེར་ལས་གྲུབ་པའི་སྐུ་འདྲ་ཡོན་ཏན་གྱི་རྟེན་དེ་ཉིད་ལྷ་མོ་མཁར་གྱི་བསམ་འགྲུབ་ཕུག་ཏུ་སྦས། དྲི་མེད་ཤེལ་ལས་བཞེངས་པའི་སྐུ་འདྲ་འཕྲིན་ལས་ཀྱི་རྟེན་དེ་ཉིད་ཡར་ལྷ་ཤམ་པོའི་བསམ་འགྲུབ་ཕུག་ཏུ་སྦས་པ་བཅས་སོ། ། དེང་སྐབས་རྙིང་མའི་དགོན་སྡེ་གྲགས་ཅན་འགའི་རྟེན་དུ་བཞུགས་པ་དངོས་སུ་མཇལ་རྒྱུ་ཡོད་དོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-05

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།