འདྲ་འབག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདྲ་འབག
འདྲ་འབག་ནི་བརྐོ་བ་དང་ལུག་པ་དང་སྦྱོར་བ་ལ་སོགས་ཐབས་ཀྱིས་བཞེངས་པའི་གདོས་བཅས་ཀྱི་སྐུ་བརྙན་ལ་ཟེར། འདྲ་འབག་ལ་སྤྱིར་བཏང་རིལ་འབག་དང་ཕྱེད་འབག་རིགས་གཉིས་ཡོད། རིལ་འབག་ནི་སྐུ་འདྲའི་ངོས་གཞི་ཧྲིལ་པོ་བཞེངས་པའི་འདྲ་འབག་ཡིན་པ་དང་། ཕྱེད་འབག་ནི་གཞི་མའི་སྟེང་དུ་ངོས་གཞི་ཕྱེད་ཙམ་བཞེངས་བའི་འདྲ་འབག་ཡིན། འདྲ་འབག་སྒྱུ་རྩལ་ལ་ཡུལ་བཅས་ཀྱི་སྒྱུ་རྩལ་དང་། མཐོང་བཅས་ཀྱི་སྒྱུ་རྩལ་ལམ་རེག་བཅས་ཀྱི་སྒྱུ་རྩལ་ཡང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雕像
ཕྱི་ཡིག་གི་མིང་།
statue
1 ​མཚམས་སྦྱོར།

འདྲ་འབག་ནི་བརྐོ་བ་དང་ལུག་པ་དང་སྦྱོར་བ་ལ་སོགས་ཐབས་ཀྱིས་བཞེངས་པའི་གདོས་བཅས་ཀྱི་སྐུ་བརྙན་ལ་ཟེར།  འདྲ་འབག་ལ་སྤྱིར་བཏང་རིལ་འབག་དང་ཕྱེད་འབག་རིགས་གཉིས་ཡོད། རིལ་འབག་ནི་སྐུ་འདྲའི་ངོས་གཞི་ཧྲིལ་པོ་བཞེངས་པའི་འདྲ་འབག་ཡིན་པ་དང་།  ཕྱེད་འབག་ནི་གཞི་མའི་སྟེང་དུ་ངོས་གཞི་ཕྱེད་ཙམ་བཞེངས་བའི་འདྲ་འབག་ཡིན། འདྲ་འབག་སྒྱུ་རྩལ་ལ་ཡུལ་བཅས་ཀྱི་སྒྱུ་རྩལ་དང་།  མཐོང་བཅས་ཀྱི་སྒྱུ་རྩལ་ལམ་རེག་བཅས་ཀྱི་སྒྱུ་རྩལ་ཡང་ཟེར། 

འདྲ་འབག་སྒྱུ་རྩལ་ནི་མིའི་རིགས་ཀྱི་འཚོ་བ་དང་ཉེ་འབྲེལ་ཡོད་ལ། དེ་མིན་དུས་སྐབས་མི་འདྲ་བའི་ཆོས་ལུགས་དང་མཚན་ཉིད་རིག་པ། རིག་གནས་བཅས་ཀྱི་ཤུགས་རྐྱེན་ཡང་ཐེབས་ཡོད་པ་རེད། ཀྲུང་གོར་སྔ་ཤོས་ལ་རྡོ་ཆས་གསར་མའི་དུས་སྐབས་སུ་འདྲ་འབག་བྱུང་ཡོད་པ་སྟེ།  དཔེར་ན་མི་སྣ་དང་སྲོག་ཆགས་ཀྱི་འདྲ་བརྙན་ལྟ་བུ་ཡིན།  ཧྲང་དང་ཀྲོའུ་རྒྱལ་རབས་སྐབས་སུ་ལི་ཆས་ཀྱི་ཕྱེད་འབག་བྱུང་བ་དང་། ཆིན་རྒྱལ་རབས་སུ་གླུད་རྫས་འདྲ་འབག་བྱུང་ལ། ཐང་རྒྱལ་རབས་སུ་ནང་པའི་ཆོས་ཀྱི་ལྷ་སྐུའི་འདྲ་འབག་བྱུང་བ་བཅས་པའི་ཆོས་ཀྱི་ལྷ་སྐུའི་འདྲ་འབག་བྱུང་ལ། ཐང་རྒྱལ་རབས་སུ་ནང་པའི་ཆོས་ཀྱི་ལྷ་སྐུའི་འདྲ་འབག་བྱུང་བ་བཅས་པས་འདྲ་འབག་གི་ཡུན་བཏན་གྱི་དང་བ་འདྲེན་ནུས་བསྟན་ཡོད།    འདྲ་འབག་ནི་དུས་རབས་དང་།  བསམ་བློ།  བརྩེ་དུང་།  མཛེས་དཔྱོད་ལྟ་བ་བཅས་པ་གཟུགས་སུ་གྲུབ་པའི་མཛད་ཆོས་ཡིན་པས་དཀག་པའི་ཞབས་བྲོ་ཞེས་ཟེར་སྲོལ་ཡོད།  ནུབ་ཕྱོགས་སུ་འདྲ་འབག་གིས་སྒྱུ་རྩལ་ལོ་རྒྱུས་སྟེང་དུ་གོ་གནས་ཆེན་པོ་ཟིན་ཡོད་པ་དང་།  འདྲ་འབག་སྒྱུ་རྩལ་པ་འབོར་ཆེན་རིམ་པ་བྱོན་པ་དཔེར་ན་ཨེ་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་འདྲ་འབག་མཁས་ཆེན་སྨི་ཁའེ་ལང་ཅི་ལོ་དང་། ཧྥ་རན་སེའི་རོལ་སྨོན་རིང་ལུགས་པའི་འདྲ་འབག་མཁས་ཆེནF.རུ་ཏེ།  དེང་རབས་རིང་ལུགས་པའི་སྲོལ་འབྱེད་པོA.རོ་ཏིན། དབྱིན་ཇིའི་འདྲ་འབག་མཁས་ཆེནH.མཱོ་ཨེར་སོགས་ལྟ་བུ་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།