ཞི་བྱེད་གཅོད་ཡུལ་བའི་བླ་སྐུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམ་པ་སངས་རྒྱས་ཀྱིས་བོད་དུ་སྤེལ་ཞིང་མ་གཅིག་ལབ་སྒྲོན་གྱིས་དར་བར་བྱས་པའི་ཆོས་སྲོལ་ཞིག་གི་སྐུ་ཡིན། སྡུག་བསྔལ་ཀུན་ཞི་བར་བྱེད་པའི་ཐབས་བདག་འཛིན་གཅོད་པས་ན་གཅོད་ཡུལ་བ་ཞེས་གྲགས། ཕྱག་གཡས་ཌ་རུ་དཀྲོལ་བས་ཤེས་རབ་ཕ་རོལ་ཕྱིན་པ་སྟོན་པ་དང་། ཕྱག་གཡོན་རྐང་དུང་འབུད་པས་སྡུག་བསྔལ་གྱི་གཞི་ཕུང་པོ་ངར་འཛིན་པའི་ལྟ་བ་སྐྱི་གཡའ་བར་བྱེད་པ་མཚོན་སོགས་སྐུ་བརྙན་བཞེངས་ཡོད་པར་གསུངས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད།

དམ་པ་སངས་རྒྱས་ཀྱིས་བོད་དུ་སྤེལ་ཞིང་མ་གཅིག་ལབ་སྒྲོན་གྱིས་དར་བར་བྱས་པའི་ཆོས་སྲོལ་ཞིག་གི་སྐུ་ཡིན། སྡུག་བསྔལ་ཀུན་ཞི་བར་བྱེད་པའི་ཐབས་བདག་འཛིན་གཅོད་པས་ན་གཅོད་ཡུལ་བ་ཞེས་གྲགས། དམ་པ་སངས་རྒྱས་གྲུབ་ཆེན་གྱི་ཆ་ལུགས་ཀྱིས་གྲུབ་ཆེན་ཡིན་པ་མཚོན་ལ། ཕྱག་གཡས་ཌ་རུ་དཀྲོལ་བས་ཤེས་རབ་ཕ་རོལ་ཕྱིན་པ་སྟོན་པ་དང་། ཕྱག་གཡོན་རྐང་དུང་འབུད་པས་སྡུག་བསྔལ་གྱི་གཞི་ཕུང་པོ་ངར་འཛིན་པའི་ལྟ་བ་སྐྱི་གཡའ་བར་བྱེད་པ་མཚོན་ལ། མ་གཅིག་སྐུ་གཅེར་བུས་ཆོས་བརྒྱད་དང་གཉིས་འཛིན་མེད་པ་མཚོན་པ་དང་། ཌ་མ་རུས་སྣང་སྲིད་ཀུན་དབང་དུ་འདུ་བ་དང་། དྲིལ་བུས་ཟབ་མོ་སྟོང་ཉིད་ཕར་ཕྱིན་གྱིས་ཆོས་སྟོན་པ་མཚོན་ཡོད། དོམ་རྭ་ནི་ཐོག་མར་ཐོད་སྨྱོན་བསམ་འགྲུབ་གངས་ཁྲོད་བཞུགས་དུས་མིག་རྭ་མཛད་པའི་ཆེད་དུ་ཡིན་པས། གངས་ཁྲོད་ལས་གཞན་ལ་མི་དགོས་པ་ཡིན་ཀྱང་ཕྱིས་སུ་གང་བྱུང་བྱེད་པ་ནི་ནོར་བ་ཡིན། གཅོད་ཞྭ་ཞེས་པ་འདྲ་མིན་དར་ཡོད་ན་ཡང་། མ་གཅིག་ཡུམ་སྲས་ཀྱིས་ཞྭ་མོ་གྱོན་མི་རུང་བ་གསུངས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-27

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།