སྔ་དར་གྱི་སྐུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ནང་བསྟན་དར་སྟངས་ལས་སྔ་དར་གྱི་སྐུ་བརྙན་ལ་ཇོ་བོ་རྣམ་གཉིས་སོགས་ནི་ནང་འདྲེན་གྱི་སྐུ་བརྙན་དང་། ར་ས་དང་བསམ་ཡས་གཙུག་ལག་ཁང་སོགས་ཀྱི་སྐུ་ནི་བལ་ལུགས་དང་བོད་ལུགས་ཟུང་འབྲེལ་དང་། ལྡན་སྐྱུ་རའི་བྲག་བརྐོས་རྣམ་སྣང་སོགས་ནི་རྒྱ་ལུགས་ཀྱི་སྐུ་ཡིན། བསྟན་པ་སྔ་དར་སྐབས་སུ་བོད་དུ་དར་བའི་སྐུ་བརྙན་སོགས་ལ་སྔ་དར་གྱི་སྐུ་ཞེས་གསུངས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ངོ་སྤྲོད།

བོད་ཀྱི་ནང་བསྟན་དར་སྟངས་ལས་སྔ་དར་གྱི་སྐུ་བརྙན་ལ་ཇོ་བོ་རྣམ་གཉིས་སོགས་ནི་ནང་འདྲེན་གྱི་སྐུ་བརྙན་དང་། ར་ས་དང་བསམ་ཡས་གཙུག་ལག་ཁང་སོགས་ཀྱི་སྐུ་ནི་བལ་ལུགས་དང་བོད་ལུགས་ཟུང་འབྲེལ་དང་། ལྡན་སྐྱུ་རའི་བྲག་བརྐོས་རྣམ་སྣང་སོགས་ནི་རྒྱ་ལུགས་དང་། སྐབས་དེའི་གཙུག་ལག་ཁང་ཚོའི་རྟེན་གཙོ་ནི་རྣམ་པར་སྣང་མཛད་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་དུས་གསུམ་སངས་རྒྱས་རྐྱང་རེད། དེའི་ཐོག་ནས་སྐབས་དེའི་ནང་བསྟན་གྱི་འཕེལ་ཕྱོགས་མཚོན་བཞིན་ཡོད་ལ། མཁན་སློབ་ཆོས་གསུམ་གྱིས་སྔ་དར་དུས་མདོ་སྔགས་གཉིས་ཀྱི་སྲོལ་དར་བ་དང་། དེ་ཡང་བཙན་པོའི་རྒྱབ་སྐྱོར་གྱི་མཐུ་ལས་བོད་དུ་རྐང་ཚུགས་པ་མཚོན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-24

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།