བྲག་རིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྲག་རིས།
བྲག་རིས་ལ་གཡའ་རིས་སམ་བྲག་བརྐོས་ཀྱང་ཟེར་བ་དང་། རྡོ་ཆས་དང་ལྕགས་ཆས་སམ་ཚོན་མདོག་གིས་བྲག་ངོས་སུ་བརྐོས་པའམ་བྱུགས་པའི་བརྙན་རིས་ལ་གོ
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岩画
རང་བཞིན།
རྡོ་བརྐོས་རི་མོ།
1 ​བྲག་རིས་ཀྱི་དབྱེ་བ་དང་ཁྱད་ཆོས།

བྲག་རིས་ལ་གཡའ་རིས་སམ་བྲག་བརྐོས་ཀྱང་ཟེར་བ་དང་།  རྡོ་ཆས་དང་ལྕགས་ཆས་སམ་ཚོན་མདོག་གིས་བྲག་ངོས་སུ་བརྐོས་པའང་བྱུགས་པའི་བརྙན་རིས་མ་གོ   མིག་སྔར་འཛམ་གླིང་ཡོངས་སུ་རྒྱལ་ཁབ120ལྷག་ཏུ་བྲིས་རིས་ཡོད་ཡོད་པ་ཤེས་རྟོགས་བྱུང་ཡོད།  དེ་དག་ལས་སྐད་གྲགས་ཆེ་ཤོས་ལ་ད་ཕན་ལོ་ངོ་ཁྲི་ཚོ1.5ཙམ་གོང་གི་རྡོ་ཆས་དུས་སྐབས་རྙིང་མའི་དུས་འཇུག་དུ་བྱུང་བའི་སེ་ཕེན་གྱི་ཨ་སྨི་ཐ་སྨི་ལ་དང་ཧྥ་རན་སིའི་ལ་སི་ཁེ་ཡི་གདོད་མའི་བྲག་ཕུག་ནང་གི་ལྡེབས་རིས་ཡིན།  བྲག་རིས་ནི་ཡོ་རོབ་ཏུ་རྡོ་ཆས་དུས་སྐབས་རྙིང་མའི་དུས་མཇུག་ནས་ལྕགས་ཆས་དུས་སྐབས་ཀྱི་དུས་སྟོད་དུ་བྱུང་བ་ཁྱབ་ཆེ་བ་རེད།  དེ་དག་གི་བརྗོད་བྱ་ནི་གཙོ་བོར་རྔོན་བདའི་གནས་ཚུལ་དང་རི་དྭགས་དང་ཁྱིམ་ཕྱུགས་སོགས་ཀྱི་བརྙན་རིས་ཡིན།

2 བྲག་རིས་ཁྱབ་ཡུལ།

ཀྲུང་གོ་རུ་ནང་སོག་རང་སྐྱོང་ལྗོངས་ཀྱི་དབྱིན་ཧྲན་ས་ཁུལ་དང་།  ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཧོ་ལན་ཧྲན་ས་ཁུལ།  ཅང་སུའུ་ཞིང་ཆེན་གྱི་ལེན་ཡུན་ཀང་ས་ཁུལ།  ཡིན་ནན་ཞིང་ཆེན་གྱི་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་ལ་སོགས་ཞིང་ལྗོངས18དུ་བྲག་རིས་ཡོད་པ་གསལ་རྟོགས་བྱུང་པ་དང་།  དེ་དག་གི་ནང་དུ་རྔོན་བདའ་དང་།  ཕྱུགས་ཟོག  ཞབས་བྲོ།  དམག་འཁྲུག   མཆོད་ཆོག  སྲོག་ཆགས  ལྷ།  ཉི་ཟླ་སྐར་གསུམ།  རྟགས་རིས་སོགས་ཡོད་ལ། ཕྱོགས་མང་པོའི་ཐད་ནས་སྐབས་དེའི་མི་རྣམས་ཀྱི་འཚོ་བའི་རྣམ་པ་མཚོན་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།