ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་། དེ་ནི་ཨར་བསྐྲུན་གྱི་ཞོར་གཏོགས་ཆ་ཤས་ཡིན། རྒྱ་ཡིག་གི་མིང་། 壁画 ཕྱི་ཡིག་གི་མིང་། Mural འགྲེལ་བཤད། གྱང་ངོས་སུ་བྲིས་པའི་རི་མོ། རིགས་དབྱེ། འཛུགས་སྐྲུན་དངོས་པོའི་ཞོར་གཏོགས་ཆ་ཤས། བྱེད་ནུས། རྒྱན་སྤྲོས་དང་མཛེས་བཟོའི་ནུས་པ་ལྡན། འབྲི་ཐབས། ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་།
རི་མོའི་ངོས་སུ་མི་སྣ་དང་ཡུལ་ལྗོངས་མེད་པར་བཟའ་བཅའ་དང་། ཐབ་ཆས། སྔོ་ཚལ། ཤིང་ཏོག མེ་ཏོག དཔེ་དེབ། རོལ་ཆས། སྲོག་ཆགས་ཀྱི་དམར་དཔེ་ལ་སོགས་ཉིན་རྒྱུན་གྱི་བེམ་པོའི་གཟུགས་ཀྱི་ཉེར་སྤྱད་བྲི་བྱ་གཙོ་བོ་བྱེད་པའི་རི་མོ་ལ་གོ རྒྱ་ཡིག་གི་མིང་། 静物画 ཕྱི་ཡིག་གི་མིང་། still life འབྲི་ཐབས། རི་མོའི་ངོས་སུ་མི་སྣ་དང་ཡུལ་ལྗོངས་མེད་པར་བཟའ་བཅའ་དང་། ཐབ་ཆས། སྔོ་ཚལ། ཤིང་ཏོག མེ་ཏོག དཔེ་དེབ། རོལ་ཆས། སྲོག་ཆགས་ཀྱི་དམར་དཔེ་ལ་སོགས་ཉིན་རྒྱུན་གྱི་བེམ་པོའི་གཟུགས་ཀྱི་ཉེར་སྤྱད་བྲི་བྱ་གཙོ་བོ་བྱེད་པའི་རི་མོ་ནི་བེམ་གཟུགས་རི་མོ་ཡིན།
ཕོ་ཕུའུ་སྒྱུ་རྩལ་ནི་ནུབ་ཕྱོགས་ཀྱི་དེང་རབས་རི་མོའི་བསམ་བློའི་རླབས་རྒྱུན་ཞིག་ཡིན་པ་དང་། དེ་ནི་དུས་རབས20པའི་ལོ་རབས50པར་དབྱིན་ཇི་རུ་ཐོག་མར་བྱུང་བ་དང་ལོ་རབས50བའི་དུས་དཀྱིལ་དུ་ཨ་རི་ནས་དར་རྒྱས་ཀྱི་རྩེར་སོན་པ་རེད། རྒྱ་ཡིག་གི་མིང་། 波普艺术 ཕྱི་ཡིག་གི་མིང་། popular art མིང་གཞན། དར་ཁྱབ་ཆེ་བའི་སྒྱུ་རྩལ། དངོས་མཚོན་རིང་ལུགས་གསར་བ། མཚོན་བྱེད། དར་ཁྱབ་ཆེ་བའི་རིག་གནས་ཀྱི་རིགས་ཤིག ངོ་སྤྲོད། ཕོ་ཕུའུ་སྒྱུ་རྩལ་ནི་ནུབ་ཕྱོགས་ཀྱི་དེང་རབས་རི་མོའི་བསམ་བློའི་རླབས་རྒྱུན་ཞིག་ཡིན་པ་དང་།
རོལ་སྨོན་རིང་ལུགས་ཀྱི་བསམ་བློ་ནི་ཧྥུ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་བྱུང་བ་དང་། དེས་མིའི་བསམ་པའི་རིན་ཐང་ཁས་ལེན་པ་དང་དེ་ལ་བསྔགས་སྐུལ་བྱེད་ཅིང་། སོ་སོ་བའི་གཤིས་ལུགས་བཅིངས་འགྲོལ་བྱ་རྒྱུ་དང་འགྲོ་བ་མིའི་ཐོང་ཐང་བརྩོན་ལེན་བྱེད་རྒྱུ་དེ་བསམ་བློའི་རྩ་དོན་དུ་འཛིན་པ་རེད། རི་མོའི་ཕྱོགས་སུ་རང་ཆོས་དང་ཁྱད་ཆོས་ཅན་གྱི་འབྲི་འགོད་དང་བརྩེ་དུང་མཚོན་རྒྱུ་ཉེ་བར་ལེན་པ་རེད། རྒྱ་ཡིག་གི་མིང་། 浪漫主义美术 རྒྱ་ཡིག་གི་མིང་། Romantic art ངོ་སྤྲོད། རོལ་སྨོན་རིང་ལུགས་ཀྱི་བསམ་བློ་ནི་ཧྥུ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་བྱུང་བ་དང་།
མགྱོགས་བྲིས་ཞེས་པ་ནི་དུས་ཡུན་ཐུང་ངུའི་ནང་དུ་ཞ་སྨྱུག་དང་ལྕགས་སྨྱུག སྤུ་སྨྱུག་གསུམ་ལ་སོགས་པའི་སྟབས་བདེའི་འབྲི་སྤྱད་སྤྱད་དེ་ཐིག་རིས་སླ་མོས(ཚོན་སྤྱད་པའང་ཡོད)བྲི་བྱའི་གཟུགས་ཀྱི་བཟོ་ལྟ་དང་སྟངས་སྟབས། ཉམས་འགྱུར་བཅས་རགས་བསྡུས་སུ་འགོད་པ་དེ་ལ་ཟེར། རྒྱ་ཡིག་གི་མིང་། 速写 ཕྱི་ཡིག་གི་མིང་། quick sketch རིགས་དབྱེ། རི་མོའི་སྒྱུ་རྩལ་རྣམ་པ། ཞིབ་ཕྲ། མགྱོགས་མྱུར་གྱི་གཟུགས་དངོས་འབྲི་བའི་ཐབས་ལམ། ངོ་སྤྲོད། མགྱོགས་བྲིས་ཞེས་པ་ནི་དུས་ཡུན་ཐུང་ངུའི་ནང་དུ་ཞ་སྨྱུག་དང་ལྕགས་སྨྱུག
མངོན་སུམ་རིང་ལུགས་ནི་སྒྱུ་རྩལ་གྱི་ལས་འགུལ་ཞིག་ཡིན་པའི་ཆ་ནས་ཧྥ་རན་སེའི་སྤྱི་ལོ1848ལོའི་གསར་བརྗེ་དང་དུས་མཉམ་དུ་བྱུང་བ་རེད། དེའི་སྲོལ་འབྱེད་པོ་ནི་རི་མོ་བGཁོར་པེ་དང་རིགས་པའི་གཞུང་ལུགས་པ་ཞུང་ཧྥོ་ལའེ་གཉིས་ཡིན། སྤྱི་ལོ1855ལོར། ཁོར་པེ་ཡིས་རང་ཉིད་ཀྱི་རི་མོའི་བཤམས་སྟོན་བསྐོངས་ནས་མཛད་ཆོས་ཀྱི་དཀར་ཆག་གི་སྟེང་དུ་རང་ཉིད་ཀྱི་སྒྱུ་རྩལ་སྐོར་གྱི་ལྟ་བ་བཀོད་པ་ནི་ཁོར་པེའི་མངོན་སུམ་རིང་ལུགས་ཀྱི་བསྒྲགས་གཏམ་དུ་གྲགས། རྒྱ་ཡིག་གི་མིང་། 现实主义绘画 ཕྱི་ཡིག་གི་མིང་། Realism
མེ་ཏོག་འདབ་ཆགས་རི་མོ་ཞེས་པ་ནི་མེ་ཏོག་རྩི་ཤིང་དང་། རི་དྭགས་འདབ་ཆགས་དང་། ཆུ་སྐྱེས་སྲོག་ཆགས་བཅས་གཙོ་བོར་འབྲི་བའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལ་ཟེར། རི་མོ་བས་ ཟུར་དང་ཤུགས་ནས་སྤྱི་ཚོགས་འཚོ་བ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད་པ་རེད། རྒྱ་ཡིག་གི་མིང་། 花鸟画 ཕྱི་ཡིག་གི་མང་། flower-bird painting མཚན་ཉིད། མེ་ཏོག་དང་འདབ་ཆགས། འབུ་སོགས་བྲི་ཡུལ་དུ་བྱས་པའི་རི་མོ། འབྲི་ཐབས་རིགས་དབྱེ། ཞིབ་བྲིས། དོན་བྲིས། ཞིབ་བྲིས་དང་དོན་བྲིས་གཉིས་ཀ་སྤྱོད་པ།
རིག་གནས་པའི་རི་མོ་ཞེས་པ་ནི་རྩོམ་རིག་དང་། སུག་བྲིས། ཀྲོན་བརྐོས། རི་མོ་བཅས་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་། ལྷག་པར་དུ་སུག་བྲིས་དང་འབྲེལ་བ་དམ་ཚགས་ཡོད། རྒྱ་ཡིག་གི་མིང་། 文人画 ཕྱི་ཡིག་གི་མིང་། Literati painting འབྱུང་རྩ། ཧན་རྒྱལ་རབས། དབྱེ་བ། རིག་གནས་པའི་རི་མོ་ཞེས་པ་ནི་རྩོམ་རིག་དང་། སུག་བྲིས། ཀྲོན་བརྐོས། རི་མོ་བཅས་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་། ལྷག་པར་དུ་སུག་བྲིས་དང་འབྲེལ་བ་དམ་ཚགས་ཡོད་ཅིང་།
པིར་དང་། སྣག་ཚ། ཤོག་བུ། སྣག་གཞོང་བཅས་ལ་ཡིག་ཆས་རྣམ་བཞི་ཞེས་ཟེར། སྒྲ་ཡངས་འཇུག་གི་ཡིག་ཆས་རྣམ་བཞིའི་ཁོངས་སུ་ད་དུང་པིར་ཟོམ་དང་། པིར་འཁྲུད། ཤོག་མནོན། པིར་སྒྲོམ། ཐིག་སྤྱད་ལ་སོགས་ཡོ་སྤྱད་ཀྱང་ཚུད་ཡོད། དེ་བས་ཡིག་ཆས་རྣམ་བཞི་ཞེས་པ་ནི་ཀྲུང་གོའི་སྲོལ་རྒྱུན་སུག་བྲིས་དང་རི་མོའི་ཡོ་ཆས་ཀུན་གྱི་སྤྱི་མིང་ཡང་ཡིན། རྒྱ་ཡིག་གི་མིང་། 文房四宝 བྱེ་བྲག པིར་དང་སྣག་ཚ། ཤོག་བུ། སྣག་གཞོང་བཅས་ཡིན། དར་བའི་དུས། རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སྐབས།(སྤྱི་ལོ420--སྤྱི་ལོ589ལོའི་བར།) ངོ་སྤྲོད། ཀྲུང་གོའི་རྒྱ་ཡིག་གི་སུག་བྲིས་སྒྱུ་རྩལ་དང་རི་མོ་གཉིས་ནི་ཐོག་མ་ཉིད་ནས་ཕན་ཚུན་གཞི་གཅིག་ཏུ་འབྲེལ་བའི་སྒྱུ་རྩལ་གྱི་རྣམ་པ་ཅན་ཡིན།
རེབ་གོང་ལྷ་རིས་སྒྱུ་རྩལ་ནི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་ཏེ། རྒྱ་གར་དང་བལ་ཡུལ། སྟག་གཟིག་དང་ཨོ་རྒྱན། བྷང་ག་ལ། མི་ཉག་ཐོ་ཀེར། ཟ་ཧོར། རྒྱ་ནག་སོགས་ལ་སྲིད་འབྱོར་རིག་གསུམ་གྱི་སྒོ་ནས་འབྲེལ་འདྲིས་བྱུང་བར་བརྟེན། བོད་ཀྱི་བཟོ་རིག་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པར་སོང་བ་དང་དུས་མཚུངས་སུ་རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཁྱབ་བྱུང་བར་བཤད། རེབ་གོང་ལྷ་རིས་སྒྱུ་རྩལ་ནི་རི་མོ་གང་རུང་རང་སྣང་གང་དྲན་གྱིས་བྲིས་མི་ཆོག་པར།
ལོ་གསར་རི་མོ་དང་ཤོག་དྲས་ལ་སོགས་མི་དམངས་མང་ཚོགས་ཀྱིས་གསར་གཏོད་བྱས་ཤིང་། ཁོར་ཡུག་རྒྱན་བྱེད་དང་དམངས་སྲོལ་བྱེད་སྒོ་ཕུན་ཚོགས་བཟོ་བྱེད་ཀྱི་རི་མོའི་མཛད་ཆོས་ལ་དམངས་ཁྲོད་རི་མོ་ཞེས་ཟེར། རྒྱ་ཡིག་གི་མིང་། 民间美术 ངོ་སྤྲོད། ལོ་གསར་རི་མོ་དང་ཤོག་དྲས་ལ་སོགས་མི་དམངས་མང་ཚོགས་ཀྱིས་གསར་གཏོད་བྱས་ཤིང་། ཁོར་ཡུག་རྒྱན་བྱེད་དང་དམངས་སྲོལ་བྱེད་སྒོ་ཕུན་ཚོགས་བཟོ་བྱེད་ཀྱི་རི་མོའི་མཛད་ཆོས་ལ་དམངས་ཁྲོད་རི་མོ་ཞེས་ཟེར།
བོད་ཀྱི་རི་མོའི་སྒྱུ་རྩལ་འདི་ནི་འཛམ་གླིང་མི་རིགས་གཞན་ལ་ངོམ་ཆོག་ཆོག་གི་རང་མི་རིགས་ཀྱི་རིག་པའི་དཔལ་ཡོན་ཞིག་ཡིན་པར་མ་ཟད། བོད་རང་གནས་ཀྱི་ཆོས་ལུགས་དང་། ལོ་རྒྱུས། འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པའི་བསམ་བློའི་ཐོན་རྫས་ཤིག་ཀྱང་ཡིན། ནང་དོན། ཐང་ཀའི་རིགས་ཆེན་པོ་བཞི། ངོ་བོ། ཐང་ཀའི་འབྲི་ལུགས། དབྱེ་བ། བྱིའུ་སྒང་ལུགས། མཁྱེན་བརྩེ་ལུགས། སྨན་ཐང་ལུགས། སྒར་བྲིས་ལུགས། བྱིའུ་སྒང་ལུགས། བྱིའུ་སྒང་ལུགས་ཀྱི་རི་མོ་ནི་དུས་རབས་བཅུ་གསུམ་པའི་ནང་ལྷོ་ཁ་ཡར་ཀླུང་དུ་སྐུ་འཁྲུངས་པའི་བོད་ཀྱི་རི་མོ་བ་ཡར་སྟོད་བྱིའུ་སྒང་པས་གསར་གཏོད་མཛད་པ་དང་།
ཐུབ་པ་འོད་ཟེར་ཅན་དང་ཆུ་ལོན་མ་ཞེས་པ་ནི། ཨུ་ཏྲ་ཡ་ན་མུ་ཏིག་འཁྲི་ཤིང་ལ། ། བསྐུར་བའི་བྲིས་སྐུ་ཆུ་ལོན་འོད་ཟེར་མ། ། བསྟན་འདིར་སྐུ་ཡི་རྟེན་ལ་སྔ་བར་གྲགས། ། སྟོན་པ་ཞལ་བཞུགས་དུས་སུ་སིང་ག་ལའི་ཡུལ་གྱི་རྒྱལ་པོར་མུ་ཏིག་འཁྲི་ཤིང་ཞེས་པའི་སྲས་མོ་ཞིག་བྱུང་བ་ལ། སྲས་མོ་དེས་སྟོན་པའི་ཡོན་ཏན་ཐོས་ཏེ་དད་པ་སྐྱེས་པས་དེ་འདུལ་སླད། སྟོན་པ་ཉིད་ཀྱིས་སྐུ་ལས་འོད་ཟེར་བཀྱེས་པ་རས་ཀྱི་གཞི་ལ་རི་མོ་ཕབ་པ་དེ་ལ་བྱ་ཞིང་། ནང་བསྟན་ལས་བྱུང་བའི་སྐུའི་རྟེན་ཐོག་མར་གྲགས་སོ། ། ཁོངས་གཏོགས། ལོ་རྒྱུས་ཤེས་བྱ།
གཙང་བྲིས་སྨན་གསར་ཞེས་པ་ནི་དུས་རབས་བཅུ་བདུན་པའི་ནང་དུ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་རྙིང་གི་བྲིས་རྒྱུན་ལ་ཚོན་མདངས་དང་གསེར་རིས་ཀྱི་ཐད་ལ་རང་གི་ཁྱད་ཆོས་འགའ་ཞིག་གསར་དུ་བསྣན་ཏེ་སྨན་གསར་ཞེས་པའི་བྲིས་རྒྱུན་ཞིག་སྤེལ་ཞིང་། རྗེས་སུ་གཙང་བྲིས་ཞེས་ཀྱང་འབོད་པ་དེའོ། ། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད་མདོར་བསྡུས། གཙང་བྲིས་སྨན་གསར་ཞེས་པ་ནི་དུས་རབས་བཅུ་བདུན་པའི་ནང་དུ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་རྙིང་གི་བྲིས་རྒྱུན་ལ་ཚོན་མདངས་དང་གསེར་རིས་ཀྱི་ཐད་ལ་རང་གི་ཁྱད་ཆོས་འགའ་ཞིག་གསར་དུ་བསྣན་ཏེ་སྨན་གསར་ཞེས་པའི་བྲིས་རྒྱུན་ཞིག་སྤེལ་ཞིང་། རྗེས་སུ་གཙང་བྲིས་ཞེས་ཀྱང་འབོད་དོ། ། དེ་ཡང་དུས་རབས་བཅོ་བརྒྱད་པའི་ལོ་རབས་བཞི་བཅུ་ཡས་མས་སུ་སྡེ་དགེ་དཔལ་སྤུངས་དགོན་པར་ཆེད་དུ་
ཐིག་རྩ་ནི་ལྷ་སྐུ་དང་མཆོད་རྟེན་སོགས་རྟེན་བཞེངས་བྱེད་སྐབས་ཆེ་ཆུང་བོངས་ཚད་ཅི་ཙམ་དགོས་པ་ལ་གཞུང་ཐིག་དང་གསེག་ཐིག ཡན་ལག་སོ་སོ་དང་ཆ་ཤས་སོ་སོའི་ཆེ་ཆུང་གི་ཆ་ཆེན་ཆ་ཆུང་འགོད་པའི་ཐིག་གདབ་ཚུལ་ལ་བརྗོད། བོད་ཡིག་གི་མིང་། ཐིག་རྩ། རྒྱ་ཡིག་གི་མིང་། 尺度经 དབྱིན་ཡིག་གི་མིང་། yardsticks གོ་དོན། ཐིག་རྩ་ནི་ལྷ་སྐུ་དང་མཆོད་རྟེན་སོགས་རྟེན་བཞེངས་བྱེད་སྐབས་ཆེ་ཆུང་བོངས་ཚད་ཅི་ཙམ་དགོས་པ་ལ་གཞུང་ཐིག་དང་གསེག་ཐིག ཡན་ལག་སོ་སོ་དང་ཆ་ཤས་སོ་སོའི་ཆེ་ཆུང་གི་ཆ་ཆེན་ཆ་ཆུང་འགོད་པའི་ཐིག་གདབ་ཚུལ་ལ་བརྗོད་པ་དང་།
དེང་རབས་རི་མོ་མཁས་ཅན་དག་གིས་ཀྱང་རི་མོའི་ཚན་རིག་ནི་ཐོག་མ་ཐོ་རིས་ནས་འགོ་རྩོམ་དགོས་ཞེས་གསུངས་པ་བཞིན་ཏེ།དེ་ཡང་རི་མོ་འབྲི་ཡུལ་ཆེས་མཐོ་ས་དང་ཆེས་དམའ་བའི་ས་ཐོ་རིས་དང་།གཡས་གཡོན་དང་དབུས་སོགས་ཐོ་རིས་བཞག་སྟངས་འདྲ་མིན་གང་འདྲ་དགོས་པ་རི་མོ་གང་དེའི་ཁྱད་ཆོས་དང་བསྟུན་ནས་དཔྱད་ཅིང་ཐོ་རིས་ཤིག་གི་བར་ཐག་དེས་ཕྱི་དབྱིབས་འབྲི་ཡུལ་གཏན་འཁེལ་བྱ་བའོ།། རི་མོ་འབྲི་སྐབས་ཀྱི་བསམ་གཞིག རི་མོ་འབྲི་བ་ལ་དུས་ནམ་ཡང་བསམ་གཞིག་གི་སྒོ་མ་འགག་པ་ཞིག་དགོས་པ་ལས་བསམ་ཤེས་མེད་པ་དང་། རྣམ་གཡེང་གི་ངང་ནས་དཔྱད་པ་མེད་པར་བྱུང་རྒྱལ་དུ་བྲིས་པའི་རི་མོ་ལ་ཚད་དང་ལྡན་པ་ཕར་ཞོག་མི་ཕལ་བ་ཞིག་གིས་ཀྱང་སྐྱོན་བསྔོག་རྒྱུ་ཡོད་པ་ལས་ཆ་འཇོག་བྱེད་ས་ཉུང་བ་ཡིན་ནོ།།
རི་མོའི་བྱེ་བྲག་གི་དབྱིབས་ཞེས་པ་ནི་རི་མོ་ཞིག་གི་གཟུགས་ཧྲིལ་བོའི་ཆ་ཤས་སོ་སོ་ལ་ཟེར་བ་ཡིན། བོད་ཡིག་གི་མིང་། བྱེ་བྲག་གི་དབྱིབས། ཁོངས་གཏོགས། སྒྱུ་རྩལ། གོ་དོན། རི་མོའི་བྱེ་བྲག་གི་དབྱིབས་ཞེས་པ་ནི་རི་མོ་ཞིག་གི་གཟུགས་ཧྲིལ་བོའི་ཆ་ཤས་སོ་སོ་ལ་ཟེར་བ་ཡིན་ལ། ཆ་ཤས་དེ་དག་ཕྱོགས་གཅིག་ཏུ་འདུས་ནས་དོན་ཆ་ཚང་མཚོན་པའི་རི་མོ་ཧྲིལ་གཟུགས་གཅིག་གྲུབ་པ་ཡིན། དཔེར་ན། ཚེ་རིང་རྣམ་དྲུག་ལ་མཚོན་ན་སྤྱི་དབྱིབས་ཚེ་རིང་རྣམ་དྲུག་དང་། བྱེ་བྲག་གི་དབྱིབས་ནི་ཤ་བ་ལྟ་བུ་དང་།ཤ་བ་ལ་མཚོན་ན་སྤྱི་དབྱིབས་ཤ་བ་དང་།
ལྷ་སྐུའི་ཚངས་ཐིག་ཅེས་པ་ནི་ལྷ་སྐུ་སོགས་ལ་ཐོག་མར་སྐྱ་རིས་འབྲི་སྐབས་སྐུའི་གཟུགས་ཀྱི་ཆེ་ཆུང་དང་བོངས་ཚད། སྙོམས་ཚད་སོགས་ཀྱི་མཛེས་ཉམས་ཀྱི་ཆ་ཡང་དག་པར་འོང་ཆེད་གནས་ངེས་ཅན་ཞིག་ལྟེ་བ་བྱས་ནས་ཐོག་མར་བཏབ་པའི་དྲང་ཐིག་གམ་དབུས་ཐིག་ལ་གོ། བོད་ཡིག་གི་མིང་། ཚངས་ཐིག རྒྱ་ཡིག་གི་མིང་། 基线,中线,梵线 དབྱིན་ཡིག་གི་མིང་། diameter ཁོངས་གཏོགས། སྒྱུ་རྩལ། གོ་དོན། ལྷ་སྐུའི་ཚངས་ཐིག་ཅེས་པ་ནི་ལྷ་སྐུ་སོགས་ལ་ཐོག་མར་སྐྱ་རིས་འབྲི་སྐབས་སྐུའི་གཟུགས་ཀྱི་ཆེ་ཆུང་དང་བོངས་ཚད། སྙོམས་ཚད་སོགས་ཀྱི་མཛེས་ཉམས་ཀྱི་ཆ་ཡང་དག་པར་འོང་ཆེད་གནས་ངེས་ཅན་ཞིག་ལྟེ་བ་བྱས་ནས་ཐོག་མར་བཏབ་པའི་དྲང་ཐིག་གམ་དབུས་ཐིག་ལ་གོ་བ་ཡིན་ཞིང་།
ཐང་གའི་ས་བཅད་བགོས་པ་ཧ་ཅང་ཞིབ་ཚགས་དང་ལྡན་ཏེ། ཕལ་ཆེར་སྟོད་སྨད་བར་གསུམ་དུ་བགོས་འདུག སྟོད་ནི་ལྷ་ཡུལ་ཏེ་ལྷ་རྣམས་བཞུགས་ས་ཡིན་ལ། བར་ནི་མི་ཡུལ་ཏེ་བཙན་དང་གཉན་གྱི་སྡོད་གནས་ཡིན་ཞིང་། སྨད་ནི་ཀླུ་ཡུལ་ཏེ་ཀླུ་རྣམས་སྡོད་ས་ཡིན། བོད་ཡིག་གི་མིང་། ཐང་གའི་ས་བཅད། ཁོངས་གཏོགས། སྒྱུ་རྩལ། ས་བཅད་བགོ་བའི་ནང་དོན། ཐང་གའི་སྒྱུ་རྩལ་གྱིས་འཁྱུག་ཡུན་ཙམ་གྱི་འགུལ་ཉམས་དེ་མཚོན་པར་བྱ་ན། བློ་སྐྱེད་རང་བཞིན་དང་མཚོན་བྱེད་རང་བཞིན་གྱི་སྒྱུ་རྩལ་གྱི་སྐད་ཆར་བརྟེན་པ་དང་། མཚོན་ཐབས་སྣ་ཚོགས་བེད་སྤྱད་དེ་དུས་ཡུན་མཚོན་པ་དང་བར་སྟོང་བསྐྱེད་པ་བཅས་བྱ་དགོས།
གསེར་ཚོན་གཏོང་པ་ནི་པིར་རྩེར་གསེར་ཁུ་བསྒྲེས་ཏེ་ཐང་ག་བཞེང་སྟངས་ཤིག་ཡིན། བོད་ཡིག་གི་མིང་། གསེར་ཚོན། རྒྱ་ཡིག་གི་མིང་། 金粉 ཁོངས་གཏོགས། སྒྱུ་རྩལ། སྤྱིར་བསྟན་པ། ཚོན་ཐང་བཞེངས་སྐབས་གཙོ་སྐུའི་སྐུ་མདངས་དང་རྒྱན་ཆར་གསེར་ཚོན་གཏང་དགོས། གསེར་ཚོན་བཏང་བའི་ཐང་ག་ནི་གསེར་འོད་ལམ་མེར་བརྗིད་ཉམས་ཀྱིས་ཕྱུག་པ་ཞིག་ཡིན། གསེར་ཚོན་གཏོང་སྐབས་སྤྱིན་ཆུའི་ནང་དུ་ཟར་ཁུ་ཉུང་ཙམ་བསྲེས་རྗེས་འོང་ཤིང་འཚམ་པའི་གསེར་བྱེ་བཏབ་སྟེ་དཀྲུགས་ཤིང་། གསེར་བྱེ་དང་ཟར་ཁུ་འདྲེས་ཡག་ཏུ་གྱུར་བའི་གསེར་ཁུ་པིར་རྩེ་ནས་མི་ཐིགས་པ་ཡིན་ན་རན་འདུག གསེར་ཚོན་གཏོང་སྐབས་དང་ཐོག་གསེར་ཚོན་གཏོང་སར་གསེར་ཚོན་རིམ་པ་ཞིག་བསྐུ་བ་དང་།
བོད་པ་རྣམས་གཟའ་ཆེན་བརྒྱད་ལ་ངོས་འཛིན་གསལ་པོ་ཞིག་ཡོད་པས། ལྷ་བཟོས་སྲོལ་རྒྱུན་བྲིས་རིས་ཀྱི་རྣམ་པ་ལྟར་གཟའ་སྐར་བརྒྱད་པོ་རི་མོའི་ལམ་ནས་མིག་ལམ་དུ་བཀོད་འདུག མིང་། གཟའ་ཆེན་བརྒྱད། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད བོད་པ་རྣམས་གཟའ་ཆེན་བརྒྱད་ལ་ངོས་འཛིན་གསལ་པོ་ཞིག་ཡོད་པས། ལྷ་བཟོས་སྲོལ་རྒྱུན་བྲིས་རིས་ཀྱི་རྣམ་པ་ལྟར་གཟའ་སྐར་བརྒྱད་པོ་རི་མོའི་ལམ་ནས་མིག་ལམ་དུ་བཀོད་འདུག ཉི་མ། སྐུ་མདོག་དམར་པོར་སྣང་བའི་ཉི་མའི་ལྷ་ནི་རྟ་བདུན་གྱིས་དྲུད་པའི་ཤིང་རྟ་རུ་བཞུགས་ཤིང་།
བཟོ་བཀོད་ནི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་འདུག བོད་ཡིག་གི་མིང་། བཟོ་བཀོད། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། བཟོ་བཀོད་ནི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་འདུག བཟོ་བཀོད་ཀྱིས་མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་གསར་བཏོད་ཀྱི་ཤེས་རབ་མཚོན་དེ་མཚོན་པ་ཡིན། ནང་བསྟན་གྱི་བཟོ་བཀོད་མང་ཤོས་ནི་རྒྱ་ཕིབས་ལས་གསེར་འོད་ལམ་ལམ་དུ་འཕྲོ་བའི་དགོན་པ་དང་དབྱིབས་རྣམ་མི་འདྲ་བའི་མཆོད་རྟེན་བཅས་རེད། བོད་བརྒྱུད་ནང་བསྟན་དགོན་པ་ནི་ས་རྡོ་ཤིང་གསུམ་ལས་གྲུབ་པ་ཞིག་ཡིན་ལ།
བཀྲ་ཤིས་པའི་རྫས་བརྒྱད་ནི་མེ་ལོང་དང་གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་སྟེ། མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་ཡིན། མིང་། བཀྲ་ཤིས་རྫས་བརྒྱད། རྒྱ་ཡིག་གི་མིང་། 八瑞物 ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། བཀྲ་ཤིས་པའི་རྫས་བརྒྱད་ནི་མེ་ལོང་དང་གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་སྟེ། མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་ཡིན།
གཟི་རྒྱག་པ་འམ་གཟི་དབུར་རྒྱག་པ་ནི་བོད་ཀྱི་རི་མོ་ཁོ་ནར་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་འདུག་ལ། དེ་ནི་ཐང་ག་ལ་རི་མོ་གཞན་ལས་ལྷག་པའི་བཀྲག་མདངས་དང་བརྗིད་ཉམས་ཡོད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཀྱང་ཡིན། མིང་། གཟི་རྒྱག་པ། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། གཟི་རྒྱག་པ་འམ་གཟི་དབུར་རྒྱག་པ་ནི་བོད་ཀྱི་རི་མོ་ཁོ་ནར་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་འདུག་ལ། དེ་ནི་ཐང་ག་ལ་རི་མོ་གཞན་ལས་ལྷག་པའི་བཀྲག་མདངས་དང་བརྗིད་ཉམས་ཡོད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཀྱང་ཡིན། གཟི་པིར་ལ་མཚོན་ནའང་མི་རིགས་གཞན་པའི་རི་མོ་པར་མེད་པའི་ལག་ཆ་ཞིག་ཡིན་ལ་དེའི་རྒྱུ་ནི་མ་ན་ཧོ་སོགས་རིན་པོ་ཆེའི་རྡོ་རིགས་ཁྲེག་པོ་ལས་བྱས་པ་ཡིན། གཟི་རིས་འགོད་པའི་སྨྱུ་གུ་རྩེ་ཕྲ་ན་ལེགས་
ཐང་ཀའི་གོང་གཤམ་ཞེས་པ་ནི་ཐང་ཀའི་མེ་ལོང་གི་ཕྱོགས་བཞིའི་གོས་ཆེན་མཐའ་ལྕགས་ཕྱི་ནང་ལ་ཟེར། མིང་། ཐང་ཀའི་གོང་གཤམ། ཁོངས་གཏོགས། སྒྱུ་རྩལ། གོ་དོན། ཐང་ཀའི་གོང་གཤམ་ཞེས་པ་ནི་ཐང་ཀའི་མེ་ལོང་གི་ཕྱོགས་བཞིའི་གོས་ཆེན་མཐའ་ལྕགས་ཕྱི་ནང་ལ་ཟེར། ཁ་དོག དེང་གི་བར་དུ་རྟོགས་ཞིབ་བྱས་པར་གཞིགས་ན་ཐང་གའི་གོང་གཤམ་ལ་མདོ་རྒྱུད་གང་རུང་དང་ཡང་ན་སྐྱེས་བུ་དམ་པ་གང་ཞིག་གིས་ཀྱང་ཆེ་ཆུང་དང་ཚོན་མདོག་སོགས་གཏན་འབེབས་བྱས་པའི་ཡིག་ཆ་གང་ཡང་མ་མཆིས་མོད། རྒྱུན་མཐོང་གི་ཚོན་མདངས་སྤེལ་ལུགས་ཆེ་ཤོས་ནི་མེ་ལོང་གི་ངོས་ནས་ཕྱིར་བགྲང་ཚེ་དམར་པོ་དང་དེའི་མཚམས་སེར་པོ།
སྐམ་མདངས་ལ་ནང་གསེས་སུ་དབྱེ་ན། བཙགས་མདངས་དང་འབུར་མདངས། བཤལ་མདངས་གསུམ་ཡོད། མིང་། སྐམ་མདངས། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། སྐམ་མདངས་ལ་ནང་གསེས་སུ་དབྱེ་ན། བཙགས་མདངས་དང་འབུར་མདངས། བཤལ་མདངས་གསུམ་ཡོད། དབྱེ་བ། བཙགས་མདངས། བཙགས་མདངས་ནི་པིར་རྙིང་བ་མགོ་ཐར་ཐོར་དུ་གྱུར་བ་ཞིག་གིས་ཚོན་གྱི་དྭངས་མ་པིར་མགོ་བང་ཙམ་གྱི་ཁབ་ཀྱི་གཙག་པ་ལྷར་མདངས་པ་ཡིན། མདངས་པའི་དངོས་པོ་ཡུངས་དཀར་ཐང་ལ་བརྡལ་བ་དང་མཚུངས་པས་བཙགས་མདངས་སུ་འབོད། འབུར་མདངས།
དུས་རབས་བཅོ་ལྔ་བའི་ནང་དུ་རྡོ་བ་བཀྲ་ཤིས་རྒྱལ་བོའི་སློབ་མ་མཁྱེན་བརྩེ་བ་ཆེན་མོ་དགེ་བསྙེན་རྣམ་པར་རྒྱལ་བས་བྱིའུ་སྒང་ལུགས་ཀྱི་ལེགས་ཆ་སོར་བཞག་ཐོག་ཟུར་དུ་བཟོ་རྒྱུན་མི་འདྲ་བ་ཞིག་མཛད་དེ་མཁྱེན་བརྩེ་ལུགས་ཞེས་པའི་རི་མོའི་སྲོལ་བཏོད། མིང་། མཁྱེན་བརྩེའི་ལུགས། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། དུས་རབས་བཅོ་ལྔ་བའི་ནང་དུ་རྡོ་བ་བཀྲ་ཤིས་རྒྱལ་བོའི་སློབ་མ་མཁྱེན་བརྩེ་བ་ཆེན་མོ་དགེ་བསྙེན་རྣམ་པར་རྒྱལ་བས་བྱིའུ་སྒང་ལུགས་ཀྱི་ལེགས་ཆ་སོར་བཞག་ཐོག་ཟུར་དུ་བཟོ་རྒྱུན་མི་འདྲ་བ་ཞིག་མཛད་དེ་མཁྱེན་བརྩེ་ལུགས་ཞེས་པའི་རི་མོའི་སྲོལ་བཏོད།
དེང་གི་ཆར་རིག་དངོས་དོ་དམ་བྱེད་པ་དང་རིག་དངོས་ཀྱི་འདུ་ཤེས་ཇེ་ཆེར་འགྲོ་བའི་དབང་གིས་རིམ་བཞིན་མི་རྣམས་ཀྱིས་སྔར་དང་མི་འདྲ་བར་དེར་བདག་ཉར་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཐ་ན་རིག་དངོས་བདག་གཉེར་ཚན་པ་ཁག་གིས་དེའི་བདག་ཉར་བྱ་ལུགས་ཐད་ཞིབ་འཇུག་ཀྱང་མི་ཉུང་བ་བྱེད་བཞིན་ཡོད། མིང་། ཐང་ཀའི་བདག་གཉེར། ཁོངས་གཏོགས། སྒྱུ་རྩལ། སྤྱིར་བཤད་པ། དེང་གི་ཆར་རིག་དངོས་དོ་དམ་བྱེད་པ་དང་རིག་དངོས་ཀྱི་འདུ་ཤེས་ཇེ་ཆེར་འགྲོ་བའི་དབང་གིས་རིམ་བཞིན་མི་རྣམས་ཀྱིས་སྔར་དང་མི་འདྲ་བར་དེར་བདག་ཉར་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཐ་ན་རིག་དངོས་བདག་གཉེར་ཚན་པ་ཁག་གིས་དེའི་བདག་ཉར་བྱ་ལུགས་ཐད་ཞིབ་འཇུག་ཀྱང་མི་ཉུང་བ་བྱེད་བཞིན་ཡོད།
ཐང་ཀ་ལ་མིང་གི་རྣམ་གྲངས་ག་འདྲ་ཡོད་པ། ཐང་ཀ་ནི་གྲུབ་ཆ་གང་དག་གིས་གྲུབ་པ། བཟོ་རྒྱུན་མི་འདྲ་བ་གང་དག་ཡོད་པ་སོགས་བསྟན་ཡོད། མིང་། ཐང་ཀའི་རྒྱུན་ཤེས། ཁོངས་གཏོགས། སྒྱུ་རྩལ། མིང་གི་རྣམ་གྲངས། ཐང་ཀའི་མིང་གི་རྣམ་གྲངས་སུ་འགེལ་རིས་དང་། སྐུ་ཐང་། ཞལ་ཐང་། འདྲ་ཐང་། རས་བྲིས། ཐང་སྐུ་སོགས་མང་། གྲུབ་ཆ། ཐང་ཀ་གང་འདྲ་ཞིག་ཡིན་རུང་དེར་ཚང་དགོས་པའི་གྲུབ་ཆ་འགའ་ཡོད་པ་ནི། དབུས་ཀྱི་ལྷ་སྐུ་འབྲི་སའི་རས་གཞི་སམ་མེ་ལོང་དང་། དེའི་གཡས་གཡོན་གོང་འོག་བཅས་སུ་ཚོས་གཞི་རྐྱང་པའམ་འཇའ་ཚོན་སྤེལ་ནས་སྒྲིག་པའི་གོང་གཤམ།
དེ་ཡང་སྐྱེས་བུ་ཆུང་བའི་སྲུང་མ་ཆོས་རྒྱལ་དང་། སྐྱེས་བུ་འབྲིང་བའི་སྲུང་མ་རྣམ་ཐོས་སྲས། སྐྱེས་བུ་རབ་ཀྱི་སྲུང་མ་མགོན་པོ་བཅས་ཀྱི་བསྡུས་མིང་ཡིན། མིང་། སྐྱེས་བུ་གསུམ་གྱི་སྲུང་མ། ཁོངས་གཏོགས། ཐང་ག འགྲེལ་བཤད། དེ་ཡང་སྐྱེས་བུ་ཆུང་བའི་སྲུང་མ་ཆོས་རྒྱལ་དང་། སྐྱེས་བུ་འབྲིང་བའི་སྲུང་མ་རྣམ་ཐོས་སྲས། སྐྱེས་བུ་རབ་ཀྱི་སྲུང་མ་མགོན་པོ་བཅས་ཀྱི་བསྡུས་མིང་ཡིན། ལོ་ཙཱ། 法王, 多闻子, 护法
རི་མོ། བརྡ་འགྲེལ 247 ཡོད། |