མི་སྣའི་རི་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སྣའི་རི་མོ།
མི་སྣའི་རི་མོ་ནི་མི་སྣའི་བྱ་བྱེད་ཉིད་བྲི་བྱ་གཙོ་བོ་བྱས་པའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལ་ཟེར། དེ་ཉིད་བརྗོད་བྱའི་སྒོ་ནས་མི་སྣ་དང་། ཆོས་པ། ཡུལ་གོམས། ལྷ་ལྕམ། དངོས་བྲིས་བཅས་སུ་དབྱེ་བ་དང་། འབྲི་ཐབས་ཀྱི་སྒོ་ནས་ཞིབ་བྲིས་དང་། མི་སྣའི་རི་མོ་ནི་ཀྲུང་གོའི་རོ་མོའི་རིག་ཚན་ཆེན་པོ་གསུམ་ལས་བྱུང་བའི་སྔ་ཤོས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人物绘画
ཕྱི་ཡིག་གི་མིང་།
Figure painting
1 ངོ་སྤྲོད།

མི་སྣའི་རི་མོ་ནི་མི་སྣའི་བྱ་བྱེད་ཉིད་བྲི་བྱ་གཙོ་བོ་བྱས་པའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལ་ཟེར།  དེ་ཉིད་བརྗོད་བྱའི་སྒོ་ནས་མི་སྣ་དང་།  ཆོས་པ། ཡུལ་གོམས། ལྷ་ལྕམ། དངོས་བྲིས་བཅས་སུ་དབྱེ་བ་དང་།  འབྲི་ཐབས་ཀྱི་སྒོ་ནས་ཞིབ་བྲིས་དང་། མི་སྣའི་རི་མོ་ནི་ཀྲུང་གོའི་རོ་མོའི་རིག་ཚན་ཆེན་པོ་གསུམ་ལས་བྱུང་བའི་སྔ་ཤོས་ཡིན་པ་དང་། ཀྲོའུ་རྒྱལ་རབས་ཀྱི་སྐབས་སུ་ལོ་རྒྱུས་མི་སྣའི་ལྡེབས་བྲིས་བྱུང་ཡོད་པ་དང་།  ཆིན་དང་ཧན་རྒྱལ་རབས་སུ་ཡང་ལྷ་སྒྲུང་མི་སྣའི་སྣང་བརྙན་མང་པོ་བྱུང་ཡོད། ཝེ་དང་ཅིན་རྒྱལ་རབས་སུ་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱལ་བ་འཁོར་དང་བཅས་པའི་ལྷ་ཚོགས་ཀྱི་སྐུ་རིས་མཚོན་པའི་དགོན་པའི་ལྡེབས་རིས་ཆེས་ཆེར་དར་ཡོད་པ་རེད།  ཅིན་རྒྱལ་རབས་ཤར་མའི་སྐབས་སུ་ཀུའུ་ཁའེ་ཀྲི་ཡིས་མཚོན་པའི་ཆེད་གཉེར་མི་སྣའི་རི་མོའི་རི་མོ་བ་མང་པོ་བྱོན་པ་དེ་དག་ནི་མི་སྣའི་རི་མོའི་བདག་ཉིད་ཆེན་པོ་རབས་དང་པོ་ཡིན།

སུའེ་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་དཔལ་འབྱོར་དང་རིག་གནས་དར་རྒྱས་ཆེ་བས་མི་སྣའི་རི་མོ་ཡང་དཔལ་འབར་གཟི་བྱིན་ཆགས་པ་བྱུང་ཞིང་། ཕོ་བྲང་དང་སྤྱི་ཚོགས་འཚོ་བ་མཚོན་པའི་མཛད་ཆོས་མང་དུ་བྱུང་ཡོད།  ཐང་རྒྱལ་རབས་ཀྱི་དར་རྒྱས་ཆེན་པོའི་དུས་སྐབས་སུ་ནི་ཆོས་ལུགས་ཀྱི་མི་སྣའི་རི་མོ་ཉིད་གསོན་ཉམས་ལྡན་པའི་གོ་འཕང་མཐོན་པོར་བཏེགས།  རྒྱལ་རབས་ལྔ་དང་སུང་རྒྱལ་རབས་ལྷོ་བྱང་གི་སྐབས་སུ་ཞིབ་བྲིས་མི་སྣའི་རི་མོ་ཡར་རྒྱས་ཆེན་པོ་བྱུང་བ་དང་།  སྤྱི་ཚོགས་ཀྱི་ཡུལ་སྲོལ་རི་མོ་དང་ལོ་རྒྱུས་གཏམ་རྒྱུད་ཀྱི་རི་མོ་ཡང་དར་རྒྱས་ཆེན་པོ་བྱུང་ཡོད།  རྒྱལ་རབས་ལྔའི་སྐབས་ཀྱི་ཀོན་ཞིའུ་བྱ་བ་དང་སུང་རྒྱལ་རབས་ལྷོ་མའི་ལིའང་ཁའེ་བྱ་བ་སོགས་ཀྱིས་དོན་མཚོན་མི་སྣའི་རི་མོ་ཉིད་ཆུ་ཚད་གསར་པ་སྤར་བ་དང་། པིར་རིས་ཉུང་འཕྲིའི་འབྲི་ཐབས་གསར་གཏོད་བྱས།  སུང་རྒྱལ་རབས་ལྷོ་མའི་རྗེས་ནས་ཀྲུང་གོའི་མི་སྣའི་རི་མོ་ཉིད་སློབ་གསོ་ལ་དོ་སྣང་ཆེ་བ་ནས་མཛེས་དཔྱོད་ཀྱི་ནུས་པ་ལ་དོ་སྣང་ཆེ་བ་དང་བརྩེ་དུང་མཚོན་པ་ལ་གཙིགས་ཆེ་བར་གྱུར། མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཁྲེན་ཧུང་ཧྲོའུ་དང་རེན་པོ་ཉན་བྱ་བ་སོགས་མི་སྣའི་རི་མོའི་མཁས་པ་མང་པོ་བྱོན་ཡོད།  ཉེ་རབས་ནས་བཟུང་ནུབ་ཕྱོགས་ཀྱི་རི་མོ་དར་བ་དང་དུས་རབས་འཕོ་འགྱུར་བྱུང་བ་དང་སྦྲགས་ནས་ཀྲུང་གོའི་མི་སྣའི་རི་མོ་ཉིད་བསམ་བློའི་གོ་དོན་དང་གཟུགས་འགོད་པ་དང་།  དེ་བཞིན་དུ་མངོན་སུམ་འཚོ་བ་མཚོན་པའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་གང་རུང་གི་ཐད་ནས་གོང་འཕེལ་ཆེན་པོ་བྱུང་བ་དང་།  ཞུས་པེ་ཧུང་དང་།  ཡེ་ཆན་ཡུས།  ཅང་ཀའོ་ཧོ་བྱ་བ་སོགས་རི་མོ་བ་སྐད་གྲགས་ཅན་སྐོར་ཅིག་བྱུང་ཡོད།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རི་མོ། མི་སྣའི་རི་མོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-26

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།