ཆུ་ཚོན་རི་མོ།

ཆུ་ཚོན་རི་མོ་ནི་ཆུས་ཆུ་ཚོན་ཚོན་རྫས་སྦྱར་ནས་བྲིས་པའི་རི་མོ་ལ་ཟེར། ཆུ་ཚོན་གྱི་ཚོན་མདོག་ཅུང་ཟད་དྭངས་གསལ་ཡིན་པ་དང་། ཆུའི་བྱེད་ལས་ལ་བརྟེན་ནས་ཚོན་མདངས་ཀྱི་གར་སླ་དང་གསལ་མུན་མཚོན་ཐུབ་པ་རེད། ཆུ་ཚོན་རི་མོའི་ཤོག་བུ་སྤྱིར་བཏང་རྒྱུ་སྲ་མོ་དང་ཆུ་ལེན་ཤས་འབྲིང་ཙམ་ན་ཡིན་དགོས།

རིགས་དབྱེ།  

ཐོད་བརྒལ་མངོན་སུམ་རིང་ལུགས་ཀྱི་རི་མོ།

ཐོད་བརྒལ་མངོན་སུམ་རིང་ལུགས་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་སུ་ཧྥ་རན་སེ་རུ་བྱུང་བའི་སྤྱི་ཚོགས་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་ལས་འགུལ་ཞིག་ཡིན་པ་དང་། དེའི་ཤུགས་རྐྱེན་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཁྱབ་ཅིང་། དེ་ཉིད་རྩོམ་རིག་དང་། རི་མོ། ཟློས་གར། རོལ་མོ་ལ་སོགས་ཁྱབ་ཁོངས་ཀུན་ལ་ཁྱབ་ཡོད།

རིགས་དབྱེ།  

དེང་རབས་རིང་ལུགས་ཀྱི་རི་མོ།

དེང་རབས་རིང་ལུགས་རི་མོ་ནི་དུས་རབས20བའི་ཚུན་ལ་ཉེན་སྲུང་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་རྩལ་དང་ཁ་བྲལ་དུ་སོང་བའི་གྲུབ་མཐའ་འམ་བསམ་བློའི་འཕེལ་ཕྱོགས་ལ་གོ

རིགས་དབྱེ།  

པཱ་རོ་ཁོ་སྒྱུ་རྩལ།

པ་རོ་ཁོ་ནི་སྤྱི་ལོ1600ནས་སྤྱི་ལོ1750ལོ་བར་ཡོ་རོབ་ནས་དར་རྒྱས་ཆེན་པོ་བྱུང་བའི་སྒྱུ་རྩལ་ཁྱད་ཆོས་ཤིག་ཡིན། དེ་ནི་ཆོས་ལུགས་བཅོས་བསྒྱུར་ལ་ངོ་རྒོལ་བྱེད་པའི་སྐབས་ཀྱི་དབྱི་ཐ་ལི་ནས་བྱུང་བ་ཡིན་ལ། འཕེལ་རྒྱས་དུས་སྐབས་ནི་ཡོ་རོབ་ཀྱི་ས་ཆ་མང་ཆེ་ཤོས་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད་པའི་སྐབས་དང་། གནམ་བདག་ཆོས་ལུགས་ཀྱི་ཁྱབ་སྤེལ་དང་བསྟུན་པ་ཡིན། དེའི་ཤུགས་རྐྱེན་ནི་ལ་ཏེང་མེ་གླིང་དང་ཡ་གླིང་རྒྱལ་ཁབ་ཁག་ལས་ཆེ། པ་རོ་ཁོ་དེ་དུས་ཚོད་དང་བར་སྟོང་ཐད་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྒྱུ་རྩལ་ཁྱད་ཆོས་ཞིག་ཡིན་པའི་ཆ་ནས། དེའི་དར་རྒྱས་སྐབས་དེའི་ཆོས་ལུགས་དང་འབྲེལ་བ་ཟབ་མོ་ཡོད་པ་རེད།

རིགས་དབྱེ།  

ཕོ་ཕུའུ་སྒྱུ་རྩལ།

ཕོ་ཕུའུ་སྒྱུ་རྩལ་ནི་ནུབ་ཕྱོགས་ཀྱི་དེང་རབས་རི་མོའི་བསམ་བློའི་རླབས་རྒྱུན་ཞིག་ཡིན་པ་དང་། དེ་ནི་དུས་རབས20པའི་ལོ་རབས50པར་དབྱིན་ཇི་རུ་ཐོག་མར་བྱུང་བ་དང་ལོ་རབས50བའི་དུས་དཀྱིལ་དུ་ཨ་རི་ནས་དར་རྒྱས་ཀྱི་རྩེར་སོན་པ་རེད།

རིགས་དབྱེ།  

བག་ཆགས་རིང་ལུགས་ཀྱི་རི་མོ།

བག་ཆགས་རིང་ལུགས་ནི་དུས་རབས19བའི་མཇུག་ཏུ་ཧྥ་རན་སེ་ནས་དར་བའི་སྒྱུ་རྩལ་བསམ་བློ་དང་གྲུབ་མཐའ་ཞིག་རེད། བག་ཆགས་རིང་ལུགས་ཀྱི་རི་མོ་བས་འོད་མདོག་གི་རྩ་བའི་རིགས་པ་ལྟར་རོ་མོའི་ཁ་དོག་ལ་བཟོ་བཅོས་གསར་བ་བྱས་ཏེ། སྲོལ་རྒྱུན་གྱི་རི་མོའི་ཁམ་མདོག་བརྟོལ་བ་དང་། གཞུང་ཕྱོགས་སློབ་གླིང་སྒྱུ་རྩལ་གྱི་དབང་བསྒྱུར་ལ་རྩ་བ་ནས་ངོ་རྒོལ་བྱེད་པ་ཡིན། དེ་རྗེས་སུ་ཧྥ་རན་སེ་ལྟེ་བར་གྱུར་པའི་ཡོ་རོབ་གླིང་གི་རི་མོའི་ལས་འགུལ་གྱི་འཕེལ་ཕྱོགས་གཙོ་བོར་གྱུར་བ་རེད།

རིགས་དབྱེ།  

བེམ་གཟུགས་རི་མོ།

རི་མོའི་ངོས་སུ་མི་སྣ་དང་ཡུལ་ལྗོངས་མེད་པར་བཟའ་བཅའ་དང་། ཐབ་ཆས། སྔོ་ཚལ། ཤིང་ཏོག མེ་ཏོག དཔེ་དེབ། རོལ་ཆས། སྲོག་ཆགས་ཀྱི་དམར་དཔེ་ལ་སོགས་ཉིན་རྒྱུན་གྱི་བེམ་པོའི་གཟུགས་ཀྱི་ཉེར་སྤྱད་བྲི་བྱ་གཙོ་བོ་བྱེད་པའི་རི་མོ་ལ་གོ

རིགས་དབྱེ།  

མགྱོགས་བྲིས།

མགྱོགས་བྲིས་ཞེས་པ་ནི་དུས་ཡུན་ཐུང་ངུའི་ནང་དུ་ཞ་སྨྱུག་དང་ལྕགས་སྨྱུག སྤུ་སྨྱུག་གསུམ་ལ་སོགས་པའི་སྟབས་བདེའི་འབྲི་སྤྱད་སྤྱད་དེ་ཐིག་རིས་སླ་མོས(ཚོན་སྤྱད་པའང་ཡོད)བྲི་བྱའི་གཟུགས་ཀྱི་བཟོ་ལྟ་དང་སྟངས་སྟབས། ཉམས་འགྱུར་བཅས་རགས་བསྡུས་སུ་འགོད་པ་དེ་ལ་ཟེར།

རིགས་དབྱེ།  

མངོན་སུམ་རིང་ལུགས་ཀྱི་རི་མོ།

མངོན་སུམ་རིང་ལུགས་ནི་སྒྱུ་རྩལ་གྱི་ལས་འགུལ་ཞིག་ཡིན་པའི་ཆ་ནས་ཧྥ་རན་སེའི་སྤྱི་ལོ1848ལོའི་གསར་བརྗེ་དང་དུས་མཉམ་དུ་བྱུང་བ་རེད། དེའི་སྲོལ་འབྱེད་པོ་ནི་རི་མོ་བGཁོར་པེ་དང་རིགས་པའི་གཞུང་ལུགས་པ་ཞུང་ཧྥོ་ལའེ་གཉིས་ཡིན། སྤྱི་ལོ1855ལོར། ཁོར་པེ་ཡིས་རང་ཉིད་ཀྱི་རི་མོའི་བཤམས་སྟོན་བསྐོངས་ནས་མཛད་ཆོས་ཀྱི་དཀར་ཆག་གི་སྟེང་དུ་རང་ཉིད་ཀྱི་སྒྱུ་རྩལ་སྐོར་གྱི་ལྟ་བ་བཀོད་པ་ནི་ཁོར་པེའི་མངོན་སུམ་རིང་ལུགས་ཀྱི་བསྒྲགས་གཏམ་དུ་གྲགས།

རིགས་དབྱེ།  

རིག་རྩལ་བསྐྱར་དར་སྐབས་ཀྱི་སྒྱུ་རྩལ།

དེའི་མངོན་གསལ་དོད་པོའི་ཁྱད་ཆོས་ནི་མངོན་སུམ་དང་མི་ཆོས་ཡིན། རིག་རྩལ་བསྐྱར་དར་སྐབས་ཀྱི་བརྩམས་ཆོས་ཕལ་ཆེ་བའི་བརྗོད་གཞི་ནི་མངོན་སུམ་དང་མི་ཆོས་ལ་སྦྲེལ་ཡོད་པ་རེད། དེ་ལ་མིའི་ཚོར་སྣང་དང་དད་མོས། འདོད་པ་དང་འཇིག་རྟེན་ལྟ་ཚུལ་སོགས་འདུ། སྐབས་དེའི་བརྩམས་ཆོས་གྱི་དམིགས་ཡུལ་ནི་བཀས་བཀོད་ལྷ་དབང་དང་བཀས་བཀོད་འདོད་སྤང་རིང་ལུགས་གཏོར་བ་དེ་རེད། སྐབས་དེའི་སྒྱུ་རྩལ་འབྲི་རྩལ་ཐད་ཀྱི་ཁྱད་ཆོས་ནི་དངོས་དོན་འབྲི་བ་དང་དོན་དངོས་སྒྲོག་སྤེལ་བྱེད་པ་དེ་ཡིན།

རིགས་དབྱེ།  

རོལ་སྨོན་རིང་ལུགས་ཀྱི་རི་མོ།

རོལ་སྨོན་རིང་ལུགས་ཀྱི་བསམ་བློ་ནི་ཧྥུ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་བྱུང་བ་དང་། དེས་མིའི་བསམ་པའི་རིན་ཐང་ཁས་ལེན་པ་དང་དེ་ལ་བསྔགས་སྐུལ་བྱེད་ཅིང་། སོ་སོ་བའི་གཤིས་ལུགས་བཅིངས་འགྲོལ་བྱ་རྒྱུ་དང་འགྲོ་བ་མིའི་ཐོང་ཐང་བརྩོན་ལེན་བྱེད་རྒྱུ་དེ་བསམ་བློའི་རྩ་དོན་དུ་འཛིན་པ་རེད། རི་མོའི་ཕྱོགས་སུ་རང་ཆོས་དང་ཁྱད་ཆོས་ཅན་གྱི་འབྲི་འགོད་དང་བརྩེ་དུང་མཚོན་རྒྱུ་ཉེ་བར་ལེན་པ་རེད།

རིགས་དབྱེ།  

སྐྱ་བྲིས།

སྐྱ་བྲིས་ནི་རི་མོའི་སྒྱུ་རྩལ་གྱི་ཐོག་མའི་འཇུག་སྒོ་ཡིན། སྐྱ་བྲིས་ཀྱིས་ཁ་མདོག་རྐྱང་བའི་སྒོ་ནས་སྣང་བརྙན་འགོད་པ་ལ་གཟུགས་འགོད་པའི་རྨང་གཞིའི་སྦྱོང་བརྡར་བྱེད་པར་སྤྱད་ཆོག་པ་མ་ཟད་ཡིད་དུ་སྡུག་པའི་སྒྱུ་རྩལ་གྱི་སྣང་བརྙན་ཡང་བཞེངས་ཆོག་པ་རེད། དེའི་སྤྱད་བྱའི་ཡོ་ཆས་དང་རྒྱུ་ཆ་ཧ་ཅང་གི་སྟབས་བདེ་ཡིན།

རིགས་དབྱེ།  

སྒྲོ་བཏགས་རི་མོ།

སྒྲོ་བཏགས་རི་མོ་ནི་འབྲི་ཐབས་ཐིག་པོའི་སྒོ་ནས་བྱ་དངོས་ཀྱི་ངོ་བོ་དང་ཁྱད་ཆོས་བརྗོད་པའི་རི་མོ་ལ་ཟེར་བ་དང་། དེའི་ཁྱད་ཆོས་ནི་ཡུལ་དུས་ཀྱི་ཚོད་འཛིན་ལས་འདས་པའི་འབྲི་ཐབས་སྤྱད་དེ་བྱ་དངོས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་བསྟོད་བསྔགས་དང་དུང་བ། ཟུར་ཟ་དང་མཚང་འབྱིན་སོགས་བྱེད་པ་ཡིན།

རིགས་དབྱེ།  

མཎ་ནཱ་ལྀ་སཱ།

ཨེ་ཊ་ལྀའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོའི་མཁན་པོ་བྷྲ་ཝཎ་ཟྀ་ཡིས་བྲིས་པའི་གསར་གཏོད་བརྩམས་ཆོས་ཡིན་ཞིང་། ཕཱ་རཎ་སྀའི་ལོ་ཝར་ཕོ་བྲང་རྟེན་མཛོད་ཁང་དུ་བཞུགས་སོ། ། རི་མོ་དེའི་ནང་དོན་གཙོ་བོ་ནི། སྐྱེས་མའི་དཔེ་མཚོན་གྱི་འཇམ་ཤས་དང་ཡིད་འོང་གི་ཆ་མཚོན་ཞིང་། མ་རྩ་རིང་ལུགས་ཇེ་མཐོའི་དུས་སྐབས་ཀྱི་གྲོང་ཁྱེར་གྱི་འབྱོར་ལྡན་རིམ་པའི་བུད་མེད་ཀྱི་རྣམ་པ་མཚོན་པའི་རི་མོ་ལེགས་འགྲུབ་བྱུང་ངོ་།།

རིགས་དབྱེ།  

བདེན་དོན།

《བདེན་དོན》ཞེས་པའི་རི་མོ་འདི་ནི་ཀྲུའུ་ཨེར་སི་·ལེ་ཧྥེ་ཧྥུར་གྱིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1870ལོར་བྲིས། ཆེ་ཆུང་ལ265cm×112cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་པཱ་ལི་ཨའོ་རྩལ་འགྲན་ཚོགས་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

གཞས་ཚིག་མེད་པའི་གླུ་གཞས།

《གཞས་ཚིག་མེད་པའི་གླུ་གཞས》ཞེས་པའི་རི་མོ་འདི་ནི་སི་ཐི་ལ་ཏི་ཝེ་ཁི་ཡིས་བརྩམས་ཤིང་། དབྱིན་ཇི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1875ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ 70.50×99.50cmཡོད།

རིགས་དབྱེ།  

ཐེམ་སྐས་ལས་འབབ་པའི་དམར་རྗེན་མ།

《ཐེམ་སྐས་ལས་འབབ་པའི་དམར་རྗེན་མ》ཞེས་པའི་རི་མོ་འདི་ནི་ཏུའུ་ཧྲང་གིས་བརྩམས་ཤིང་། སྤྱི་ལོ1912ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ147.3×88.9cmཡོད། ད་ལྟ་ཧྥེ་ཁྲེང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

ཡ་ཝེ་ནུང་གི་གཞོན་ནུ་མ།

《ཡ་ཝེ་ནུང་གི་གཞོན་ནུ་མ》ཞེས་པའི་རི་མོ་འདི་ནི་པུའུ་ཅཱ་སུའོ་ཡིས་བརྩམས་ཤིང་། ཞི་པན་ཡཱ་ཡི་རི་མོ་ཞིག་ཡིན། སྤྱི་ལོ1907ལོར་བྲིས། ཆེ་ཆུང་ལ243.9×233.7cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཉིའུ་ཡོ་དེང་རབས་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

འབོལ་གདན་སྟེང་གི་དམར་རྗེན་མ།

《འབོལ་གདན་སྟེང་གི་དམར་རྗེན་མ》ཞེས་པའི་རི་མོ་འདི་ནི་མོ་ཏི་ལི་ཨ་ཉིས་བརྩམས་ཤིང་། དབྱི་ཐ་ལིའི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1917ནས་སྤྱི་ལོ1918ལོའི་བར་བྲིས། ཆེ་ཆུང་ལ60×92cmཡོད་པའི་རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན།

རིགས་དབྱེ།  

འཆི་བདག་དང་གཞོན་ནུ་མ།

《འཆི་བདག་དང་གཞོན་ནུ་མ།》ཞེས་པ་འདི་ནི་ཞི་ལེ་ཡི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

འོ།

《འོ》ཞེས་པ་འདི་ནི་ཁི་ལི་མུའུ་ཐི་ཡིས་བརྩམས་ཤིང་། ཨོ་སི་ཁྲེ་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1908ལོར་བྲིས། ཆེ་ཆུང་ལ180×180cmཡོད་པའི་རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཨོ་སི་ཁྲེ་རྒྱལ་ཁབ་ཀྱི་ཝེ་ཡེ་ནཱ་ཨོ་སི་ཁྲེ་མཛེས་རྩལ་ཁང་དུ་ཉར་ཡོད།

རིགས་དབྱེ།  

ཐེམ་སྐས་ལས་འབབ་པའི་དམར་རྗེན་མ།

《ཐེམ་སྐས་ལས་འབབ་པའི་དམར་རྗེན་མ》ཞེས་པའི་རི་མོ་འདི་ནི་ཏུའུ་ཧྲང་གིས་བརྩམས་ཤིང་། སྤྱི་ལོ1912ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ147.3×88.9cmཡོད། ད་ལྟ་ཧྥེ་ཁྲེང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

བུད་མེད་བཞིན་བཟང་མ།

《བུད་མེད་བཞིན་བཟང་མ།》ཞེས་པའི་རི་མོ་འདི་ནི་པོ་དབྱིན་ཐི་ཡིས་བརྩམས་ཤིང་། དབྱིན་ཇི་རྒྱལ་ཁབ་ཀྱི་རི་མོ། སྤྱི་ལོ1900ལོར་བྲིས། ཆེ་ཆུང་ལ56x43cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། རྩོམ་པ་པོས་སྒེར་ཉར་བྱས་ཡོད།

རིགས་དབྱེ།  

དགེ་རྒན་ཆེན་མོ་ཏུའུ་ཕུའུ་ཡི་གཤགས་ལས་སློབ་ཚན།

《དགེ་རྒན་ཆེན་མོ་ཏུའུ་ཕུའུ་ཡི་གཤགས་ལས་སློབ་ཚན》ཞེས་པ་འདི་ནི་ལོན་པོ་ལང་གིས་བརྩམས་ཤིང་། ཧོ་ལན་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1632ལོར་བྲིས། སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ169.5×216.5cmཡོད། ད་ལྟ་ཚང་ཧའེ་ཡ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

རྟག་བརྟན་གྱི་དྲན་པ།

《རྟག་བརྟན་གྱི་དྲན་པ》ཞེས་པའི་རི་མོ་འདི་ནི་ཏ་ལི་ཡིས་བརྩམས་ཤིང་། སྤྱི་ལོ1931ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ24x33cmཡོད། ད་ལྟ་ཉིའུ་ཡོ་དེང་རབས་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

ཨའེ་ལཱ་ཅ་པ་ལུའུ་སིའི་རྒྱ་སེའི་མེ་ཏོག

《ཨའེ་ལཱ་ཅ་པ་ལུའུ་སིའི་རྒྱ་སེའི་མེ་ཏོག》ཞེས་པའི་རི་མོ་འདི་ནི་ཐ་ཏུ་མ་ཡིས་བརྩམས་ཤིང་། ཧོ་ལན་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1888ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ132.70×214.40cmཡོད།

རིགས་དབྱེ།  

ཏི་ཉེ་པོ་གཙང་བོའི་སྟེང་གི་ཟླ་བའི་མཚན་མོ།

《ཏི་ཉེ་པོ་གཙང་བོའི་སྟེང་གི་ཟླ་བའི་མཚན་མོ》ཞེས་པའི་རི་མོ་འདི་ནི་ཁུའུ་དབྱིན་ཀྲིས་བརྩམས་ཤིང་། ཨུ་རུ་སུ་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1880ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ105×144cmཡོད། ད་ལྟ་མོ་སི་ཁོའི་ཐི་ལེ་ཆ་ཁི་ཧྥུའུ་མཛེས་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

བདེན་དོན།

《བདེན་དོན》ཞེས་པའི་རི་མོ་འདི་ནི་ཀྲུའུ་ཨེར་སི་·ལེ་ཧྥེ་ཧྥུར་གྱིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1870ལོར་བྲིས། ཆེ་ཆུང་ལ265cm×112cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་པཱ་ལི་ཨའོ་རྩལ་འགྲན་ཚོགས་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད།

རིགས་དབྱེ།  

གཞས་ཚིག་མེད་པའི་གླུ་གཞས།

《གཞས་ཚིག་མེད་པའི་གླུ་གཞས》ཞེས་པའི་རི་མོ་འདི་ནི་སི་ཐི་ལ་ཏི་ཝེ་ཁི་ཡིས་བརྩམས་ཤིང་། དབྱིན་ཇི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1875ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ 70.50×99.50cmཡོད།

རིགས་དབྱེ།  

དམར་པོ།དཀར་པོ།སྔོན་པོ་བཅས་ཀྱི་གཟེ་དབྱིབས་རི་མོ།

《དམར་པོ་དང་དཀར་པོ། སྔོན་པོ་བཅས་ཀྱི་གཟེ་དབྱིབས་རི་མོ》ཞེས་པ་འདི་ནི མོང་ཏེ་ལི་ཨན་གྱིས་བརྩམས་ཤིང་། ཧོ་ལན་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1924ནས་སྤྱི་ལོ1925ལོའི་བར་བྲིས། ཆེ་ཆུང་ལ143×142cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཧྭ་ཧྲེང་ཏུན་རྒྱལ་ཁབ་མཛེས་རྩལ་རི་མོའི་བར་ཁྱམས་སུ་ཉར་ཡོད།

རིགས་དབྱེ།