རྨི་ལམ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ4ཡོད།

རྨི་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རི་མོ།)

རྨི་ལམ།
《རྨི་ལམ》ཞེས་པ་ནི་ཧེང་ལི·ལུའུ་སུའོ་ཡིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1910ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ204.5x298.5cmཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཧེང་ལི•ལུའུ་སུའོ།
རྒྱ་ཡིག་གི་མིང་།
亨利·卢梭
བརྩམས་ཆོས་ཀྱི་མིང་།
རྨི་ལམ།
རྒྱ་ཡིག་གི་མིང་།
རི་མོའི་ཆེ་ཆུང་།
204.5x298.5cm
རིགས།
རས་གཞིའི་སྣུམ་ཚོན་རི་མོ།
བརྩམས་པའི་ལོ།
སྤྱི་ལོ1910ལོ།
རྒྱལ་ཁབ།
ཧྥ་རན་སི།
1 ​ངོ་སྤྲོད།

《རྨི་ལམ》ཞེས་པ་ནི་ཧེང་ལི་ལུའུ་སུའོ་ཡིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1910ལོར་བྲིས། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ཆེ་ཆུང་ལ204.5x298.5cmཡོད།

《རྨི་ལམ》ནི་ལུའུ་སུའོ་སྐུ་གཤེགས་མ་གོང་གི་ཆེས་མཇུག་མཐའི་ཆེས་ཕུལ་དུ་བྱུང་བའི་སྣུམ་ཚོན་རི་མོའི་བརྩམས་ཆོས་ཤིག་ཡིན་པ་དང་། དེས་ལུའུ་སུའོ་ཡི་ཉམས་འགྱུར་དངོས་དང་རེ་བསྙེགས་མཚོན་ཡོད། པར་རིས་ཀྱི་གཡོན་ཟུར་དུ་ལུའུ་སུའོ་ཡིས་ཁོང་གི་ཐོག་མའི་དགའ་རོགས་འབོལ་ཁྲིའི་རྐུབ་སྟེགས་རིང་པོའི་ཐོག་བྲིས་ཏེ་འཕྲུལ་སྣང་གིས་ཁེངས་པའི་ཚ་རྒྱུད་ནགས་ཁྲོད་དུ་བསྡད་ཡོད། ནགས་ཚལ་དེའི་ནང་ངོ་མཚར་ཆེ་བའི་མེ་ཏོག་དང་རྩྭ་རྩི་ཤིང་གིས་ཁེངས་ཤིང་། སེང་གེ་གཉིས་ཀྱིས་མིག་བགྲད་དེ་ལྟ་བཞིན་ཡོད་པ་མ་ཟད། ནགས་ཚལ་གྱི་གཏིང་དུ་ཡིབ་པའི་གླང་ཆེན་དང་འདབ་ཆགས་ཀྱང་ཡོད་པ་དང་། དེ་བཞིན་ཡ་ང་བའི་ཟླ་འོད་འོག་ཏུ་གླིང་བུ་གཏོང་བའི་མི་ནག་གིས་རྒྱལ་ཁབ་གཞན་གྱི་ཉམས་འགྱུར་དང་ལྐོག་གྱུར་གྱི་འཕྲུལ་སྣང་གི་ཞིང་ཁམས་ཤིག་བཏོད་ཡོད། རི་མོ་བས་རི་མོ་འདིའི་ནང་དུ་གསར་སྐྲུན་བྱས་པའི་ཡིད་དབང་འགུག་པའི་ཡུལ་ཁམས་དེ་རྨི་ལམ་གྱི་ཞིང་ཁམས་ནས་འཚོ་བ་དངོས་ཀྱི་ལྐོག་གྱུར་དང་ཁུངས་ལུང་མེད་པ་དེ་རིགས་ཀྱིས་མི་རྣམས་ལ་བརྗོད་དཀའ་བའི་སེམས་འགུལ་ཐེབས་སུ་བཅུག

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།