ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རི་མོ། >གཞན་དག

རྣམ་བཅུ་དབང་ལྡན།

རྣམ་བཅུ་དབང་ལྡན་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། གཙུག་ལག་ཁང་དང་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན། གཟའ་སྐར་ངན་པའི་གནོད་པ་སྲུང་། ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག་ནས་དགེ་ཞིང་བཀྲ་ཤིས་པར་བྱེད་པར་གསུངས་སོ།། རྒྱ་ཡིག་གི་མིང་། 十相自在 ཕྱི་ཡིག་གི་མིང་། rnam bcu dbang ldan ངོ་སྤྲོད། རྣམ་བཅུ་དབང་ལྡན་ནི། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཕྱི་ནང་གཞན་གསུམ་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ལཉྫའི་ཡེ་གེ་ཧཀྵམལཝརཡཾབཅས་ཡི་གེ་བདུན་དང་ཡི་གེ་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས།

རིགས་དབྱེ།   སྒྱུ་རྩལ།རི་མོ།

གཉྫིར།

དེ་ནི་རྒྱ་གར་གྱི་སྐད་ཡིན། བོད་སྐད་དུ་མཛོད་ལྡན་ཞེས་ཟེར་ཞིང་། བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཁག་དང་གཙུག་ལག་གི་ཡང་སྟེང་དུ་རྒྱལ་བ་རིགས་ལྔའི་མཚོན་དོན་ཚང་བའི་མཛེས་རྒྱན་ཞིག་འཛུགས་སྲོལ་ཡོད་པ་དེ་ཡིན། མིང་། གཉྫིར། ཁོངས་གཏོགས། རི་མོ། གོ་དོན། དེ་ནི་རྒྱ་གར་གྱི་སྐད་ཡིན། བོད་སྐད་དུ་མཛོད་ལྡན་ཞེས་ཟེར་ཞིང་། བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཁག་དང་གཙུག་ལག་གི་ཡང་སྟེང་དུ་རྒྱལ་བ་རིགས་ལྔའི་མཚོན་དོན་ཚང་བའི་མཛེས་རྒྱན་ཞིག་འཛུགས་སྲོལ་ཡོད་པ་དེ་ཡིན།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཚོན་གྱི་འབྱུང་ཁུངས།

ཚོན་རིགས་མི་འདྲ་བ་རེ་ལ་འབྱུང་ཁུངས་ཡང་མི་འདྲ་བ་རེ་ཡོད་པ་ཡིན་ནོ༎ མིང་། ཚོན་གྱི་འབྱུང་ཁུངས། ཁོངས་གཏོགས། རི་མོ། ངོ་སྤྲོད། བབ་ལ་དང་ལྡོང་རོས་གཉིས་ནི་ཁམས་ཁུལ་ནས་ཐོན་ཞིང་། ཆུ་བོ་སིམྡྷུ་ལས་ཐོན་པའི་རང་བྱུང་ལི་ཁྲི་ནི་ཤིན་ཏུ་དཀོན། ཞ་ཉེ་ལས་སྐྱེས་པའི་བཅོས་མའི་ལི་ཁྲི་ནི་ཆུ་ཚ་པོའི་ནང་དུ་སྦངས་སྟེ་བལ་ལམ་རས་ཚགས་བྱ་དགོས། ཚྭ་བྲོ་ཡོད་ན་རྗེས་སུ་ཁ་དོག་ནག་པོར་འགྱུར་འགྲོ་བ་ཡིན། དེ་ལ་རྒྱ་གར་ལི་ཁྲི་ཞེས་བརྗོད།  མཐིང་དང་སྤང་མ་གཉིས་ཀྱི་ཐོན་ཡུལ་ནི་སྙེ་མོ་རྫོང་ཁུལ་དུ་ཡིན་ལ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

གླང་པོ་ཆེའི་འབྲི་ཚུལ།

གླང་པོ་ཆེ་འབྲི་སྐབས། གདོང་བ་དང་མ་མགལ། སྣ་ཞགས་བཅས་བྲིས་ནས། དེ་ནས་ལུས་པོ་ཚོ་ཞིང་སུག་བཞི་སྦོམ་པོའི་ཉམས་ཅན་ཞིག་འབྲི་དགོས། མིང་། གླང་པོ་ཆེའི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། གླང་པོ་ཆེ་འབྲི་སྐབས། གདོང་བ་དང་མ་མགལ། སྣ་ཞགས་བཅས་བྲིས་ནས། དེ་ནས་ལུས་པོ་ཚོ་ཞིང་སུག་བཞི་སྦོམ་པོའི་ཉམས་ཅན་ཞིག་འབྲི་དགོས། གླང་པོ་ཆེ་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

རྟའི་འབྲི་ཚུལ།

རྟའི་གདོང་བ་དང་མ་མགལ། རྣ་བ་རྣམས་རིམ་གྱིས་དབྱིབས་ཙམ་བྲིས་རྗེས། ད་གཟོད་བྲང་དང་། རྒྱབ། སུག་བཞི། རྔ་མ་རྣམས་ལེགས་པར་འབྲི་དགོས། མིང་། རྟའི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། རྟའི་གདོང་བ་དང་མ་མགལ། རྣ་བ་རྣམས་རིམ་གྱིས་དབྱིབས་ཙམ་བྲིས་རྗེས། ད་གཟོད་བྲང་དང་། རྒྱབ། སུག་བཞི། རྔ་མ་རྣམས་ལེགས་པར་འབྲི་དགོས། རྟ་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

སྐྱོ་འབུར།

སྐྱོ་འབུར་ནི་ས་ངང་པ་རྡོ་ཕྱེ་མེད་པ་ཤིན་ཏུ་འཇམ་པ་ཞིག་ལ་ནས་དང་གྲོ་གང་རུང་གི་ཆང་གླམ་ཚག་ཁུ་ནར་ནར་སྤྱིན་ཆུ་གར་མ་གཉིས་ཀྱི་ཁུ་བ་སྤངས་ཏེ་མེ་ལ་སྐོལ་ནས་ལེགས་པར་ལྡུར་བའི་ཁར། མར་རམ་ཚིལ་གང་རུང་ཅུང་ཟད་བཏབ་སྟེ་དཀྲུག་དཀྲུག་བྱས་ཏེ་བཟོས་པ་ཞིག་ཡིན། ལྡེབས་རིས་དང་ཤིང་ཚོན་ལ་མཁོ་བ་ཡིན་ནོ།། མིང་། སྐྱོ་འབུར། ཁོངས་གཏོགས། རི་མོ། ངོ་སྤྲོད། ལྡེབས་རིས་དང་ཤིང་ཚོན་ལ་མཁོ་བའི་སྐྱོ་འབུར་ནི། ཐོག་མར་སྐྱོ་འབུར་གྱི་ལག་ཆ་ལ་མཚོན་ན་ར་ལུག་གི་པགས་པ་གང་རུང་གིས་བཟོས་པའི་ཐང་ཁུག་ཅིག་ལ་ཟངས་སམ་ལྕགས་ཀྱི་སྦུ་གུ་རྩ་བ་ཅུང་ཟད་སྦོམ་པ་རྩེ་མོ་རིམ་བཞིན་ཕྲ་བ་ཁོག་སྟོང་རྩེ་རྣོ་རྒྱ་ཁབ་ཀྱི་བུ་ག་དང་ལྡན་པ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

འབྲུག་གི་འབྲི་ཚུལ།

དང་པོ་འབྲུག་མགོ་སྒོང་དབྱིབས་དང་། ལུས་པོ་སྦྲུལ་འཁྱུག་པ་ལྟ་བུ་ཞིག་འབྲི་དགོས་ལ། དེ་ནས་རྐང་ལག་གི་སྡེར་མོ་བཞི་དང་ཟེའི་རྔ་མ་སོགས་རིམ་གྱིས་འབྲི་དགོས། མིང་། འབྲུག་གི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། དང་པོ་འབྲུག་མགོ་སྒོང་དབྱིབས་དང་། ལུས་པོ་སྦྲུལ་འཁྱུག་པ་ལྟ་བུ་ཞིག་འབྲི་དགོས་ལ། དེ་ནས་རྐང་ལག་གི་སྡེར་མོ་བཞི་དང་ཟེའི་རྔ་མ་སོགས་རིམ་གྱིས་འབྲི་དགོས། འབྲུག་འབྲི་བའི་གོ་རིམ་རི་མོ།  

རིགས་དབྱེ།   སྒྱུ་རྩལ།རི་མོ།

མཚོན་མདངས་གྲུབ་སྟངས་ཀྱི་གོ་རིམ།

མཚོན་མདངས་གྲུབ་སྟངས་ཀྱི་གོ་རིམ་བསྟན་པ་ལ། དེ་ཡང་ནམ་མཁའི་སྟོང་ཆ་ལ་ཐོག་མར་ནམ་མཁའི་སྔོ་སི་སྲབ་ལ་ཁོད་སྙོམས་ཐེངས་གཉིས་བྱུགས་རྗེས། ནམ་མཁའི་སྔོ་སངས་ཀྱིས་ཆུ་མདངས་ཐེངས་གཉིས་བརྒྱབ་ཐོག་ཕྲ་འཇམ་དཀྲུག་རྒྱག་དགོས། ཕྲ་དཀྲུག་སྐབས་པིར་རྩེ་ཡང་ལ་བྲེལ་བ་བྱས་ཏེ་ཐོག་མར་ཕྲ་ཆེ་ཙམ་དང་རིམ་བཞིན་ཆུང་དུ་གཏོང་བ་མ་ཟད། འཕྲེད་ལ་རིང་ཐུང་སྙོམས་པ་ཞིག་དཀྲུག་དགོས། མིང་། མཚོན་མདངས་གྲུབ་སྟངས་ཀྱི་གོ་རིམ། ཁོངས་གཏོགས། རི་མོ། ངོ་སྤྲོད།

རིགས་དབྱེ།   སྒྱུ་རྩལ།རི་མོ།

མདངས་རྒྱག་ལུགས།

མདངས་ཞེས་པ་ནི་གྲིབ་གཟུགས་ནག་ས་ནས་རིམ་བཞིན་སྐྱ་རུ་སོང་སྟེ་མཐར་དཀར་ཆ་མངོན་པ་དེ་ཡིན། ནག་ཆ་ལ་ཚོ་དང་དཀར་ཆ་ལ་སྐྱ་ཞེས་འབོད་པ་ཡིན་ནོ།། མིང་། མདངས་རྒྱག་ལུགས། ཁོངས་གཏོགས། རི་མོ། ངོ་སྤྲོད། མདངས་ཀྱི་རྒྱག་ལུགས་བསྟན་པ་ལ། སྔོན་བྱོན་མཁས་པའི་ཞལ་རྒྱུན་ལས།   སྤྲིན་དང་ཆུ་དང་མེ་ཏོག་རྒྱབ་ཡོལ་དང་། ། ནོར་བུ་ཁང་བཟང་རྒྱན་གྱི་རིགས་རྣམས་ལ། ། རརང་རང་མདོག་དང་མཚུངས་པའི་མདངས་ཆུ་སྤྱོད། ། པིར་ཁ་རློན་ཚབས་ཆེ་ན་ཚོ་རྡོལ་བས། ། མདངས་ཆུ་སླ་ཞིང་པིར་ཁ་སྐམ་པ་དང་།

རིགས་དབྱེ།   སྒྱུ་རྩལ།རི་མོ།

མེ་ཏོག་གི་མདངས་རྒྱག་ལུགས།

མེ་ཏོག་གི་མདངས་རྒྱག་སྟངས་ལ་མཚོན་ན་འདབ་མའི་རྩ་བར་ཚོ་བརྒྱབ་སྟེ་རིམ་བཞིན་སྐྱ་རུ་གཏོང་བ། ཡལ་མཚམས་ལེགས་ཤིང་གད་པ་མེད་པ། མེ་ལོང་ལ་ཧ་བཏབ་པ་བཞིན་དགོས། མེ་ཏོག་གི་འདབ་མ་རྣམས་ཅི་ཙམ་རྒྱབ་ཏུ་གནས་པ་དེ་ཙམ་གྱིས་མདངས་ཚོ་རུ་གཏོང་བ་དང་མདུན་དུ་གནས་པའི་འདབ་མ་རྣམས་ཅི་ཙམ་མདུན་དུ་གནས་པ་དེ་ཙམ་གྱིས་མདངས་སྐྱ་རུ་གཏོང་དགོས། མིང་། མེ་ཏོག་གི་མདངས་རྒྱག་ལུགས། ཁོངས་གཏོགས། རི་མོ། ངོ་སྤྲོད། མེ་ཏོག་ལ་མཚོན་ན་འདབ་མའི་རྩ་བར་ཚོ་བརྒྱབ་སྟེ་རིམ་བཞིན་སྐྱ་རུ་གཏོང་བ། ཡལ་མཚམས་ལེགས་ཤིང་གད་པ་མེད་པ། མེ་ལོང་ལ་ཧ་བཏབ་པ་བཞིན་དགོས། མེ་ཏོག་གི་འདབ་མ་རྣམས་ཅི་ཙམ་རྒྱབ་ཏུ་གནས་པ་དེ་ཙམ་གྱིས་མདངས་ཚོ་རུ་གཏོང་བ་དང་མདུན་དུ་གནས་པའི་འདབ་མ་རྣམས་ཅི་ཙམ་མདུན་དུ་གནས་པ་དེ་ཙམ་གྱིས་མདངས་སྐྱ་རུ་གཏོང་དགོས། དེ་ཡང་མེ་ཏོག་གི་རིགས་རྣམས་ལ་རྩབ་མདངས་སམ་འཇམ་མདངས་གཉིས་ཀ་རྒྱག་

རིགས་དབྱེ།   སྒྱུ་རྩལ།རི་མོ།

སྤྲིན་པའི་མདངས་རྒྱག་སྟངས།

སྤྲིན་པའི་མདངས་རྒྱག་སྟངས་ནི་སྤྲིན་མིག་གི་མཚམས་ནས་ཚོ་བརྒྱབ་སྟེ་རིམ་བཞིན་ཧལ་ནས་སྐྱ་རུ་གཏོང་བ། སྤྲིན་མིག་དང་སྤྲིན་པའི་དཔུང་པ་གཡས་གཡོན་གཉིས་ལ་ཚོ་ཁུག་སྒྲིམ་ཞིང་། སྤྲིན་མིག་གི་དཀྱིལ་དུ་རྒྱལ་མོ་གར་ཙམ་བྱ་བ་ཡིན། མིང་། སྤྲིན་པའི་མདངས་རྒྱག་སྟངས། ཁོངས་གཏོགས། རི་མོ། ངོ་སྤྲོད། སྤྲིན་པའི་མདངས་རྒྱག་སྟངས་ནི་སྤྲིན་མིག་གི་མཚམས་ནས་ཚོ་བརྒྱབ་སྟེ་རིམ་བཞིན་ཧལ་ནས་སྐྱ་རུ་གཏོང་བ། སྤྲིན་མིག་དང་སྤྲིན་པའི་དཔུང་པ་གཡས་གཡོན་གཉིས་ལ་ཚོ་ཁུག་སྒྲིམ་ཞིང་། སྤྲིན་མིག་གི་དཀྱིལ་དུ་རྒྱལ་མོ་གར་ཙམ་བྱ་བ་ཡིན།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ལྗོན་ཤིང་གི་འབྲི་ཚུལ།

ལྗོན་ཤིང་འབྲི་སྐབས། ཐོག་མར་སྡོང་རྐང་དང་ཡལ་ག་རྣམས་རིམ་བཞིན་བྲིས་ཏེ། དེའི་སྟེང་དུ་ལོ་འདབ་ཀྱི་ས་བཅད་དབྱིབས་ཙམ་ཞིག་བྲིས་མཐར་ལོ་མ་ཇེ་ཡག་ཏུ་གཏོང་དགོས་པ་ཡིན། མིང་། ལྗོན་ཤིང་གི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། ལྗོན་ཤིང་འབྲི་སྐབས། ཐོག་མར་སྡོང་རྐང་དང་ཡལ་ག་རྣམས་རིམ་བཞིན་བྲིས་ཏེ། དེའི་སྟེང་དུ་ལོ་འདབ་ཀྱི་ས་བཅད་དབྱིབས་ཙམ་ཞིག་བྲིས་མཐར་ལོ་མ་ཇེ་ཡག་ཏུ་གཏོང་དགོས་པ་ཡིན།   ལྗོན་ཤིང་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཆུ་རིས་ཀྱི་འབྲི་ཚུལ།

ཆུ་རིས་འབྲི་བའི་སྐབས་སུ། ཨང་གྲངས་ལྟར་རིམ་གྱིས་བྲིས་ནས། རྦ་རླབས་ཀྱི་ཐོག་བརྩེགས་དང་། ཡང་ན་གཅིག་གིས་གཅིག་ཁྲིད་པའི་ཉམས་ཅན་འབྲི་བྱེད་དགོས་པ་ཡིན་ནོ༎ མིང་། ཆུ་རིས་ཀྱི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། ཆུ་རིས་འབྲི་བའི་སྐབས་སུ། ཨང་གྲངས་ལྟར་རིམ་གྱིས་བྲིས་ནས། རྦ་རླབས་ཀྱི་ཐོག་བརྩེགས་དང་། ཡང་ན་གཅིག་གིས་གཅིག་ཁྲིད་པའི་ཉམས་ཅན་འབྲི་བྱེད་དགོས་པ་ཡིན་ནོ༎   ཆུ་རིས་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

གསེར་ལེབ་བྱུགས་ཚུལ།

གསེར་གྱི་རྒྱན་རིས་སྣ་ཚོགས་འབྲི་བ་འདི་ནི་མི་རིགས་གཞན་པ་སུ་ཞིག་གི་རི་མོ་ཡིན་རུང་མཐོང་རྒྱུ་གཏན་ནས་མེད། གསེར་རིས་ནི་བོད་རིགས་ཀྱི་རི་མོའི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་པ་མཚོན། མིང་། གསེར་ལེབ་བྱུགས་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། གསེར་རིས་ཀྱི་ཟབ་ཁྱད་བསྟན་པ་ལ། ཐང་གའམ་ལྡེབས་རིས་ལ་གསེར་ལེབ་བྱུགས་སམ། གསེར་གྱི་རྒྱན་རིས་སྣ་ཚོགས་འབྲི་བ་འདི་ནི་མི་རིགས་གཞན་པ་སུ་ཞིག་གི་རི་མོ་ཡིན་རུང་མཐོང་རྒྱུ་གཏན་ནས་མེད།

རིགས་དབྱེ།   སྒྱུ་རྩལ།རི་མོ།

གསེར་ཤོག་འབྱར་ཐབས།

ལྡེབས་རིས་དང་ཤིང་ཚོན་ལ་མཁོ་བའི་གསེར་ཤོག་འབྱར་ཐབས་ནི། ཕྱོགས་མཚུངས་སྐྱོ་འབུར་སྟེང་དུ་གསེར་ཤོག་དང་དངུལ་ཤོག་སྦྱོར་བའི་ཐབས་ལ་བརྗོད་པ་ཡིན་ནོ།། མིང་། གསེར་ཤོག་འབྱར་ཐབས། ཁོངས་གཏོགས། རི་མོ། ངོ་སྤྲོད། ལྡེབས་རིས་དང་ཤིང་ཚོན་ལ་མཁོ་བའི་གསེར་ཤོག་འབྱར་ཐབས་ནི། ཕྱོགས་མཚུངས་སྐྱོ་འབུར་སྟེང་དུ་གསེར་ཤོག་དང་དངུལ་ཤོག་སྦྱོར་བའི་ཐབས་ལ་བརྗོད་པ་ཡིན་ཞིང་། གནའ་བོའི་ལག་ལེན་ལ་ལིང་ཏོག་མིག་གི་འབྲས་བུའི་ཁུ་བ་ལ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

འབུར་སྐུའི་ངོས་འཛིན་གྱི་རྣམ་བཞག

སྐུ་བརྙན་ངོས་འཛིན་པར་བྱ་བའི་རྟགས་སམ་དངོས་པོ་གཙོ་བོ་ནི་དེ་དག་སོ་སོར་དབང་བའི་ཕྱག་རྒྱ་དང་། ཕྱག་མཚན། སྐུ་མདོག སྟངས་སྟབས་སོགས་ཡིན་ཞིང་། དེ་བཞིན་བླ་སྐུ་སོགས་ཡིན་ཚེ་དབུ་ཞྭའི་དབྱིབས་དང་དེའི་ཚོན་མདོག ན་བཟའི་བཟོ་ལྟ་དང་དེའི་ཚོན་མདོག་བཅས་ཀྱང་གལ་ཆེ་བའི་གཞི་འཛིན་ས་ཡིན། མིང་། འབུར་སྐུའི་ངོས་འཛིན་གྱི་རྣམ་བཞག ཁོངས་གཏོགས། སྒྱུ་རྩལ། ཁྲི་དྲུག་འགྱོགས། ཁྲི་དྲུག་འགྱོགས་ཞེས་པ་ནི་སེང་གེ་དང་གླང་ཆེན། རྟ་མཆོག རྨ་བྱ། ཤང་ཤང་། གྱད་མི་བཅས་ཀྱིས་བར་བརྒྱན་པའི་ཁྲི་ཡི་མིང་། ཁྲི་རྒྱབ་དྲུག་འགྱོགས།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ལྡེབས་རིས།

ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་། དེ་ནི་ཨར་བསྐྲུན་གྱི་ཞོར་གཏོགས་ཆ་ཤས་ཡིན། རྒྱ་ཡིག་གི་མིང་། 壁画 ཕྱི་ཡིག་གི་མིང་། Mural འགྲེལ་བཤད། གྱང་ངོས་སུ་བྲིས་པའི་རི་མོ། རིགས་དབྱེ། འཛུགས་སྐྲུན་དངོས་པོའི་ཞོར་གཏོགས་ཆ་ཤས། བྱེད་ནུས། རྒྱན་སྤྲོས་དང་མཛེས་བཟོའི་ནུས་པ་ལྡན། འབྲི་ཐབས། ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་།

རིགས་དབྱེ།   སྒྱུ་རྩལ།རི་མོ།

བཟོ་བཀོད།

བཟོ་བཀོད་ནི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་འདུག བོད་ཡིག་གི་མིང་། བཟོ་བཀོད། ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། བཟོ་བཀོད་ནི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་འདུག བཟོ་བཀོད་ཀྱིས་མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་གསར་བཏོད་ཀྱི་ཤེས་རབ་མཚོན་དེ་མཚོན་པ་ཡིན། ནང་བསྟན་གྱི་བཟོ་བཀོད་མང་ཤོས་ནི་རྒྱ་ཕིབས་ལས་གསེར་འོད་ལམ་ལམ་དུ་འཕྲོ་བའི་དགོན་པ་དང་དབྱིབས་རྣམ་མི་འདྲ་བའི་མཆོད་རྟེན་བཅས་རེད། བོད་བརྒྱུད་ནང་བསྟན་དགོན་པ་ནི་ས་རྡོ་ཤིང་གསུམ་ལས་གྲུབ་པ་ཞིག་ཡིན་ལ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

བཀྲ་ཤིས་རྫས་བརྒྱད།

བཀྲ་ཤིས་པའི་རྫས་བརྒྱད་ནི་མེ་ལོང་དང་གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་སྟེ། མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་ཡིན། མིང་། བཀྲ་ཤིས་རྫས་བརྒྱད། རྒྱ་ཡིག་གི་མིང་། 八瑞物 ཁོངས་གཏོགས། སྒྱུ་རྩལ། ངོ་སྤྲོད། བཀྲ་ཤིས་པའི་རྫས་བརྒྱད་ནི་མེ་ལོང་དང་གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་སྟེ། མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་ཡིན།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཚོས།

བཙོད་ལེགས་ཞིབ་བརྡུང་ཆུར་གདུ་ཁུ་བ་ལེགས་པར་འདོན། ལྭ་བ་ཆུ་ཡིས་བཀྲུས་ལ་སྐམ། རབ་ཞུ་མཁན་བཙོས་པའི་ཁུ་བར་ཡུན་ཙམ་བཙོས། བཏོན་ཏེ་སྐམ། འབྲིང་མཚུར། ཐ་མ་ལྕུམ་དང་བསེ་ཡབ་བསྡུས〈གདུས〉ཁུས་ཀྱང་རུང་། དེ་ནས་བཙོ་ཁུ་དྲོན་མོའི་ནང་དུ་ལྭ་བ་བསྲུབས། དེ་འདྲ་སྣོད་མང་པོར་བཙོད་ཁུ་དྲངས་ན་རབ། གསུམ་ཙམ་འབྲིང་། གཅིག་ཐ་མར་འདོད་དེ། འགུག་མཁན་གཞན་མི་དགོས་པ་དབུས་གཙང་གི་ལུགས་སོ། བོད་ཆེན་པོའི་ཁམས་སུ་བཙོད་དཀོན་པས་གཙོད་ཁུ་གཅིག་ལ་དྲངས་རྗེས། ལྕུམ་བསེ་ཡབ་ཆུ་ལོ་ཆང་འོབ་ཚེར་འབྲས་བུ་ལྔ་བོ་སྔ་མ་བཟང་།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཡིག་ཆས་རྣམ་བཞི།

པིར་དང་། སྣག་ཚ། ཤོག་བུ། སྣག་གཞོང་བཅས་ལ་ཡིག་ཆས་རྣམ་བཞི་ཞེས་ཟེར། སྒྲ་ཡངས་འཇུག་གི་ཡིག་ཆས་རྣམ་བཞིའི་ཁོངས་སུ་ད་དུང་པིར་ཟོམ་དང་། པིར་འཁྲུད། ཤོག་མནོན། པིར་སྒྲོམ། ཐིག་སྤྱད་ལ་སོགས་ཡོ་སྤྱད་ཀྱང་ཚུད་ཡོད། དེ་བས་ཡིག་ཆས་རྣམ་བཞི་ཞེས་པ་ནི་ཀྲུང་གོའི་སྲོལ་རྒྱུན་སུག་བྲིས་དང་རི་མོའི་ཡོ་ཆས་ཀུན་གྱི་སྤྱི་མིང་ཡང་ཡིན། རྒྱ་ཡིག་གི་མིང་། 文房四宝 བྱེ་བྲག པིར་དང་སྣག་ཚ། ཤོག་བུ། སྣག་གཞོང་བཅས་ཡིན། དར་བའི་དུས། རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སྐབས།(སྤྱི་ལོ420--སྤྱི་ལོ589ལོའི་བར།) ངོ་སྤྲོད། ཀྲུང་གོའི་རྒྱ་ཡིག་གི་སུག་བྲིས་སྒྱུ་རྩལ་དང་རི་མོ་གཉིས་ནི་ཐོག་མ་ཉིད་ནས་ཕན་ཚུན་གཞི་གཅིག་ཏུ་འབྲེལ་བའི་སྒྱུ་རྩལ་གྱི་རྣམ་པ་ཅན་ཡིན། 

རིགས་དབྱེ།   སྒྱུ་རྩལ།རི་མོ།

དྲོད་མདོག་གྲང་མདོག

ཚོན་ལ་དྲོད་མདོག་གྲང་མདོག་གཉིས་སུ་སྣང་།། དྲོད་མདོག་དམར་ཞིང་གྲང་མདོག་སྔོ་བ་ཡིན༎ དྲོ་གྲང་གང་ལའང་མ་གཏོགས་སེར་པོའི་མདོག། མིང་། དྲོད་མདོག་གྲང་མདོག ཁོངས་གཏོགས། རི་མོ། ངོ་སྤྲོད། ཚོན་ལ་དྲོད་མདོག་གྲང་མདོག་གཉིས་སུ་སྣང་།། དྲོད་མདོག་དམར་ཞིང་གྲང་མདོག་སྔོ་བ་ཡིན༎ དྲོ་གྲང་གང་ལའང་མ་གཏོགས་སེར་པོའི་མདོག། ཅེས་ཕྱི་རྒྱལ་གྱི་ཁ་དོག་གཞུང་ལུགས་ནང་དུ་གསལ་བ་ལྟར་ཚོན་མདོག་མི་འདྲ་བའི་ཚོར་སྣང་ལས་བྱུང་བའི་དྲོད་མདོག་དང་གྲང་མདོག་གི་ཁྱད་པར་བྱུང་བ་ཡིན།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཚོན་མདོག་གི་ཉམས་འགྱུར།

ཁ་དོག་ལས་བྱུང་བའི་ཉམས་འགྱུར་ཞེས་པ་ནི། གསེར་ཀྱི་བུམ་པ་ཁ་དོག་བཙོ་མ་ལྟ་བུའི་ཉམས་འགྱུར་དེ་དང་། དངུལ་གྱི་བུམ་པ་ཁ་དོག་དཀར་པོ་ལྟ་བུའི་ཉམས་འགྱུར་གཉིས་གཅིག་མཐུན་མེད་པ་ལྟ་བུ་སོགས་ཡིན། ང་ཚོས་གཟུགས་དབྱིབས་མི་འདྲ་བ་མང་པོ་ཞིག་དང་ཁ་དོག་མི་འདྲ་བ་མང་པོ་ཞིག་ལ་དབྱེ་འབྱེད་རྟོག་ཞིབ་བྱས་པ་བརྒྱུད་ནས་བྱ་དངོས་མང་པོ་ཞིག་གི་རང་བཞིན་དང་ངོ་བོ་རྟོགས་ཐུབ། མིང་། ཚོན་མདོག་གི་ཉམས་འགྱུར། ཁོངས་གཏོགས། རི་མོ། ངོ་སྤྲོད། ང་ཚོས་དབྱིབས་དང་ཁ་དོག་གཉིས་ཀྱི་འབྲེལ་བར་ངོས་འཛིན་ཇི་ལྟར་བྱ་དགོས་ཤེ་ན། འབྲེལ་བ་གཙོ་ཕལ་གཉིས་ཀྱི་ནང་ནས་དབྱིབས་གཙོ་བོ་དང་། ཁ་དོག་ཕལ་བར་འཇོག་བཞིན་ཡོད།

རིགས་དབྱེ།   སྒྱུ་རྩལ།རི་མོ།

བྱའི་འབྲི་ཚུལ།

བྱའི་མགོ་ནས་རིམ་བཞིན་ལུས་པོ་དང་། རྐང་བ། གཤོག་པ། མཇུག་སྒྲོ་བཅས་འབྲི་དགོས། མིང་། བྱའི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། བྱའི་མགོ་ནས་རིམ་བཞིན་ལུས་པོ་དང་། རྐང་བ། གཤོག་པ། མཇུག་སྒྲོ་བཅས་འབྲི་དགོས། བྱ་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཐིག་ཆེན་བརྒྱད་གདབ་ཚུལ།

དང་པོར་རས་གཞིར་ཡོ་དྲང་ཤོར་ཡོད་མེད་སོགས་ལ་ལེགས་པར་བརྟག་སྟེ། རས་གཞིའི་དཀྱིལ་བཙལ་ཏེ་རྟགས་བརྒྱབ་ནས་ཚངས་ཐིག་དང་འཕྲེད་ཐིག་འདེབས། དེ་ནས་འཕྲེད་ཐིག་གི་སྟེང་འོག་གཉིས་ལ་མཚན་མ་བྱ་ཞིང་ཐང་གའི་ཆེ་ཆུང་ལྟར་བགོས། མིང་། ཐིག་ཆེན་བརྒྱད་གདབ་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། དང་པོར་རས་གཞིར་ཡོ་དྲང་ཤོར་ཡོད་མེད་སོགས་ལ་ལེགས་པར་བརྟག་སྟེ། རས་གཞིའི་དཀྱིལ་བཙལ་ཏེ་རྟགས་བརྒྱབ་ནས་ཚངས་ཐིག་དང་འཕྲེད་ཐིག་འདེབས་དགོས། དེ་ནས་འཕྲེད་ཐིག་གི་སྟེང་འོག་གཉིས་ལ་མཚན་མ་བྱ་ཞིང་ཐང་གའི་ཆེ་ཆུང་ལྟར་བགོས་ཏེ། དཔེར་ན། ཐང་གའི་ཆེ་ཆུང100÷2=50བགོས་ཏེ་སྟེང་འོག་གི་མཐའི་འཕྲེད་ཐིག་གཉིས་འདེབས་དགོས། ཞེང་ཚད་ལ70÷2=35བགོས་པས་ཚངས་ཐིག་གི་གཡས་གཡོན་གཉིས་ཆ་བགོས་པ་ལྟར་མཐའ་ཐིག་གཉིས་འདེབས་དགོས། མཐར་ཟུར་བཞི་ནས་གསེག་ཐིག་བཏབ་པས་ཐིག་ཆེན་བརྒྱད་པོ་གྲུབ་པའོ༎

རིགས་དབྱེ།   སྒྱུ་རྩལ།རི་མོ།

པ་ཏྲའི་འབྲི་ཚུལ།

རྒྱན་རིས་པ་ཏྲ་འབྲི་བའི་སྐབས། ཐོག་མར་གོར་གོར་གཡས་གཡོན་དུ་འཁྱིལ་ཞིང་། རིམ་གྱིས་རྩེ་མོ་ཇེ་ཆུང་དུ་སོང་བ་བྲིས་ནས། ཡལ་ག་དང་པད་ཤུན་རྣམས་རྒྱས་པར་འབྲི་དགོས་པ་ཞིག་ཡིན་ནོ༎ མིང་། པ་ཏྲའི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། རྒྱན་རིས་པ་ཏྲ་འབྲི་བའི་སྐབས། ཐོག་མར་གོར་གོར་གཡས་གཡོན་དུ་འཁྱིལ་ཞིང་། རིམ་གྱིས་རྩེ་མོ་ཇེ་ཆུང་དུ་སོང་བ་བྲིས་ནས། ཡལ་ག་དང་པད་ཤུན་རྣམས་རྒྱས་པར་འབྲི་དགོས་པ་ཞིག་ཡིན་ནོ༎ པ་ཏྲ་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

བྲག་རིའི་འབྲི་ཚུལ།

བྲག་རི་འབྲི་སྐབས། ཐོག་མར་བྲག་རིའི་དབྱིབས་ཙམ་ཞིག་བྲིས་ནས། རིམ་གྱིས་ཕྱི་ནས་ནང་གི་རི་མོའི་རྣམ་པ་ཇེ་ལེགས་སུ་གཏོང་དགོས་པ་ཡིན་ནོ༎ མིང་། བྲག་རིའི་འབྲི་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། བྲག་རི་འབྲི་སྐབས། ཐོག་མར་བྲག་རིའི་དབྱིབས་ཙམ་ཞིག་བྲིས་ནས། རིམ་གྱིས་ཕྱི་ནས་ནང་གི་རི་མོའི་རྣམ་པ་ཇེ་ལེགས་སུ་གཏོང་དགོས་པ་ཡིན་ནོ༎ བྲག་རི་འབྲི་བའི་གོ་རིམ་རི་མོ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

ཚོན་གྱི་ཁ་དོག་བྱུག་ཚུལ་གྱི་རྩ་ཚིག

ཚོན་གྱི་ཁ་དོག་བྱུག་ཚུལ་ནི་ཡུལ་མི་འདྲ་བ་དང་བྱ་དངོས་མི་འདྲ་བ་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་བྱུག་དགོས་པ་ཞིག་རེད། མིང་། ཚོན་གྱི་ཁ་དོག་བྱུག་ཚུལ་གྱི་རྩ་ཚིག ཁོངས་གཏོགས། རི་མོ། རྩ་ཚིག ཚོན་མདོག་བྱུག་པའི་གོ་རིམ་ནི། ། ཚོན་རྒྱུ་རྩི་ཤིང་འབྲུ་རིགས་དང་། ས་རྡོའི་རིགས་སོགས་གང་ཡིན་ཡང་། ། འཛིན་བྱེད་དམ་དང་ལེགས་པར་སྦྱར། ། དང་པོ་བར་སྣང་སྔོ་སྐྱ་ལ། ། ནམ་མཁའ་སྔོ་འབྲིང་མདངས་ཀྱིས་བྱུག  ། གཉིས་པ་ས་གཞི་སྤང་སྐྱ་དང་། ། སྤང་སྨུག་རྫ་མདོག་གང་མཛེས་ལ། ། རི་རྩེར་ཚོ་ལ་རྩ་བའི་བར། ། རིམ་བཞིན་མདངས་ཏེ་དྭངས་ན་ལེགས། ། གསུམ་པ་སྤྲིན་ལ་སྔོ་སྐྱ་མང་། ། ལ་ལ་དམར་སྐྱ་ལི་ལྗང་མཚལ།

རིགས་དབྱེ།   སྒྱུ་རྩལ།རི་མོ།

རི་མོའི་བཅད་ཀྱི་འགྲོ་ཚུལ་གྱི་རྩ་ཚིག

རི་མོའི་བཅད་ཀྱི་རྒྱག་སྟངས་ལ་རིགས་མི་འདྲ་བ་ཡོད་པ་དང་། དེ་དག་གི་བཅད་རྒྱག་ཡུལ་ཡང་མི་འདྲ་བ་ཡོད་པའོ༎ མིང་། རི་མོའི་བཅད་ཀྱི་འགྲོ་ཚུལ་གྱི་རྩ་ཚིག ཁོངས་གཏོགས། རི་མོ། རྩ་ཚིག རི་མོའམ་བཅད་ཀྱི་འགྲོ་ཚུལ་ནི།  ། འདི་ལ་དབྱེ་བ་བཞི་ཡོད་དེ།  ། སྣག་བཅད་དང་ནི་རམ་བཅད་གཉིས།  ། དམར་བཅད་དཀར་བཅད་གཉིས་དེ་བཞི།  ། སྔོ་ལྗང་རིགས་ལ་སྣག་བཅད་ཡིན།  ། རི་བཅད་དཀར་པོ་གཉིས་ལ་རམ།  ། དམར་སེར་སོགས་ལ་དམར་བཅད་དང་།  ། ཆུ་རི་རམ་མདངས་དཀར་བཅད་མཛེས།  ། སྤྲིན་པ་དང་ནི་མེ་ཏོག་གཉིས།  ། བཅད་མེད་མདངས་ཀྱིས་འབུར་གཟུགས་མཛེས།

རིགས་དབྱེ།   སྒྱུ་རྩལ།རི་མོ།

རི་མོ་ཐོག་མར་བྱུང་ཚུལ།

མི་རིགས་སོ་སོའི་རི་མོ་བྱུང་ཚུལ་ལ་ངག་རྒྱུན་སྣ་ཚོགས་རེ་ཡོད་ལ། རི་མོའི་ཐོག་མའི་བྱུང་ཚུལ་ལ་ཡང་ངག་རྒྱུན་མི་འདྲ་བ་ཡོད། མིང་། རི་མོ་ཐོག་མར་བྱུང་ཚུལ། ཁོངས་གཏོགས། རི་མོ། ངོ་སྤྲོད། དེ་ཡང་སྣོད་ཀྱི་འཇིག་རྟེན་འདིར་བཟོ་རྒྱུན་རི་མོ་བྱུང་ཚུལ་ལ་བཟོའི་ལོ་རྒྱུས་མཁན་པོ་རྣམས་ཀྱི་ངག་རྒྱུན་ལས་འདི་སྐད་ཐོས་ཏེ། སྔོན་བསྐལ་པ་མང་པོའི་གོང་རོལ་དུ་འཇིག་རྟེན་གྱི་མི་རྣམས་ཚེ་ལོ་བརྒྱད་ཁྲི་པའི་དུས་དེ་ལས་ལོ་འགའ་ཞིག་མར་འགྲིབ་པའི་སྐབས་ཤིག་ཏུ། མིའི་རྒྱལ་པོ་འཇིགས་ཐུལ་བྱ་བ་འཇིག་རྟེན་དུ་བྱུང་བར་དེའི་འབངས་མི་བྲམ་ཟེའི་བུ་གཞོན་ནུ་ཞིག་གློ་བུར་དུ་འཆི་བར་གྱུར། དེ་ནས་བུ་ཤི་བའི་ཕ་བྲམ་ཟེ་དེ་རྒྱལ་པོ་འཇིགས་ཐུལ་གྱི་མདུན་དུ་ལྷགས་ནས་འདི་སྐད་སྨྲས་ཏེ། རྒྱལ་པོ་ཁྱོད་ཀྱིས་ས་ཆེན་པོ་ཆོས་བཞིན་མ་བསྐྱངས་པའི་སྐྱོན་གྱིས་ཁོ་བོའི་བུ་དུས་མིན་འཆི་བར་གྱུར།

རིགས་དབྱེ།   སྒྱུ་རྩལ།རི་མོ།