བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ལུགས་ཆེན་པོ་བཞི།

བོད་ཀྱི་རི་མོའི་སྒྱུ་རྩལ་འདི་ནི་འཛམ་གླིང་མི་རིགས་གཞན་ལ་ངོམ་ཆོག་ཆོག་གི་རང་མི་རིགས་ཀྱི་རིག་པའི་དཔལ་ཡོན་ཞིག་ཡིན་པར་མ་ཟད། བོད་རང་གནས་ཀྱི་ཆོས་ལུགས་དང་། ལོ་རྒྱུས། འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པའི་བསམ་བློའི་ཐོན་རྫས་ཤིག་ཀྱང་ཡིན།

རིགས་དབྱེ།  

བོད་ཀྱི་བྲིས་འབུར་སྒྱུ་རྩལ་ཞིབ་འཇུག

དེབ་འདིར་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་བྲིས་པའི་དཔྱད་རྩོམ་ཉེར་བཞི་ལྷག་ཕྱོགས་གཅིག་ཏུ་བསྡུས་ཡོད་ལ། གཙོ་བོ་ཞེ་ཅི་ཧྲེང་དང་ཞུང་ཝུན་པིང་། ལིའོ་དབྱང་། ཙེ་པཱ་ཏོའོ། ཤ་བོ་མཁའ་བྱམས་སོགས་རྒྱལ་ནང་གི་དེང་རབས་གྲགས་ཅན་གནའ་རྫས་དང་སྒྱུ་རྩལ་ཞིབ་འཇུག་པའི་ཚབ་མཚོན་རང་བཞིན་གྱི་དཔྱད་རྩོམ་བདམས་ཡོད། དེར་བོད་ཡིག་གི་དཔྱད་རྩོམ11དང་། རྒྱ་ཡིག་གི་དཔྱད་རྩོམ13ཡོད།

རིགས་དབྱེ།  

ཐུབ་པ་འོད་ཟེར་ཅན།

ཐུབ་པ་འོད་ཟེར་ཅན་དང་ཆུ་ལོན་མ་ཞེས་པ་ནི། ཨུ་ཏྲ་ཡ་ན་མུ་ཏིག་འཁྲི་ཤིང་ལ། ། བསྐུར་བའི་བྲིས་སྐུ་ཆུ་ལོན་འོད་ཟེར་མ། ། བསྟན་འདིར་སྐུ་ཡི་རྟེན་ལ་སྔ་བར་གྲགས། ། སྟོན་པ་ཞལ་བཞུགས་དུས་སུ་སིང་ག་ལའི་ཡུལ་གྱི་རྒྱལ་པོར་མུ་ཏིག་འཁྲི་ཤིང་ཞེས་པའི་སྲས་མོ་ཞིག་བྱུང་བ་ལ། སྲས་མོ་དེས་སྟོན་པའི་ཡོན་ཏན་ཐོས་ཏེ་དད་པ་སྐྱེས་པས་དེ་འདུལ་སླད། སྟོན་པ་ཉིད་ཀྱིས་སྐུ་ལས་འོད་ཟེར་བཀྱེས་པ་རས་ཀྱི་གཞི་ལ་རི་མོ་ཕབ་པ་དེ་ལ་བྱ་ཞིང་། ནང་བསྟན་ལས་བྱུང་བའི་སྐུའི་རྟེན་ཐོག་མར་གྲགས་སོ། །

རིགས་དབྱེ།  

ཁྲ་འབྲུག་མུ་ཏིག་ཞལ་ཐང་།

ལྷོ་ཁའི་ཁྲ་འབྲུག་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་གེགས་སེལ་དུ་བཞེངས་པའི་གཡོ་རུ་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན། ཐོག་མར་རྩེད་ཐང་རྩེ་ཚོགས་པའི་མུ་ཏིག་གི་ཞལ་ཐང་འདི་ནི་དགོན་པའི་ནང་རྟེན་གཙོ་བོའི་གྲས་སུ་བཞུགས། སྐུ་རྒྱུ་མུ་ཏིག་ལས་བཞེངས་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ཞལ་ཐང་འདིའི་མཐོ་ཚད་ལ་སྨི2དང་ཞེང་ཚད་ལ་སྨི1.2ཡོད། ཞལ་ཐང་འདིའི་སྐུ་ལུས་ཚང་མ་མུ་ཏིག་གིས་གྲུབ་ཡོད་པ་དེ་ནི་རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཞིག་ཡིན།

རིགས་དབྱེ།  

བྱིའུ་སྒང་ལུགས།

དུས་རབས་བཅུ་གསུམ་པའི་ནང་དུ་ཡར་སྟོད་སྤྲུལ་སྐུ་བྱིའུ་སྒང་པས་བལ་བྲིས་ཀྱི་ལེགས་ཆ་སོར་བཞག་ཐོག་བོད་ཀྱི་ས་གནས་སོ་སོའི་རི་མོའི་ཁྱད་ཆོས་མི་འདྲ་བའི་ལེགས་ཆ་བཏུས་པ་རྣམས་ཀྱིས་ཟུར་བརྒྱན། ལྷག་པར་དུ་རང་ཉིད་ཀྱི་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་བོད་མི་རིགས་ཀྱི་བསམ་པའི་སྙིང་སྟོབས་དང་བརྩེ་དུང་། རེ་འདུན་བཅས་མཚོན་པའི་རི་མོའི་སྒྱུ་རྩལ་གསར་གཏོད་མཛད་པར་རང་ལུགས་བྱིའུ་སྒང་པའི་བྲིས་རྒྱུན་ཞེས་གྲགས་སོ། །

རིགས་དབྱེ།  

སངས་རྒྱས་དང་ལོངས་སྐུ།བྱང་སེམས་རྣམས་ཀྱི་ཞལ་ཐིག

ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་ཐིག་གཡས་གཡོན་དུ་འགྲམ་ཞེང་སོར་དྲུག སྙན་ཞེང་སོར་དོ། བསྡོམས་པས་དཀྱུས་ཐིག་ལྔའོ།། སྲིད་དུ་ནོར་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཞི། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་ནས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ།། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི། བསྡོམས་པས་འཕྲེད་ཐིག་དགུའོ།། ཀོས་ཀོ་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་གཉིས་ལ་སོར་དོ་རེ་གཞལ་ཏེ་སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱི་བར་དབྲག་དང་། ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་རྟོགས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས། འགྲམ་ཐིག་དང་ཤངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ཀར་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམས་བར་གཡས་གཡོན་གཉིས་ཀར་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པ་བཅས་ཡིན།

རིགས་དབྱེ།  

མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག

མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་གཡས་གཡོན་གཉིས་སུ་འགྲམ་ཞེང་སོར་ལྔ་དང་སྙན་ཞེང་སོར་དོ། བསྡོམས་པས་སོར་བཅུ་བཞི་སྟེ་གྱེན་ཐིག་ལྔའོ།། དེ་ནས་སྲིད་དུ་ནོར་འཛིན་པ་ཊ་བརྒྱན་པའི་ཐོར་ཅོག་ལ་སོར་བཅུ། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་པར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་བསྡོམས་པས་འཕྲེད་ཐིག་དགུའོ།།

རིགས་དབྱེ།  

ལྷ་ཞི་བའི་ཟུར་ཞལ་གྱི་ཐིག་རྩ།

ཞི་བའི་ཟུར་ཞལ་གྱི་ཐིག་རྩ་ནི། ཐོག་མར་འགོ་ཐིག་དང་ཚངས་ཐིག་བཏབ། དེ་ནས་ཚངས་པའི་ཐིག་ནས་གཡས་སུ་སོར་དྲུག་དང་ཡང་སོར་མོ་དོ། ཚངས་པའི་ཐིག་ནས་གཡོན་དུ་སོར་མོ་དོ་དང་ཡང་སོར་བཞི་བཅས་བསྡོམས་པས་དཀྱུས་ཐིག་ལྔའོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་མོ་གསུམ་དང་སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་དང་སྤྱན་ལ་སོར་གང་། དེ་ནས་ཤངས་ཐིག་བར་སོར་དོ་དང་ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་བཅས་བསྡོམས་པས་འཕྲེད་ཐིག་བདུན་ནོ།།

རིགས་དབྱེ།  

ལྷ་ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་རྩ།

ཞི་བའི་ཟུར་ཞལ་ཕྱེད་ཙམ་གྱི་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་མོ་བཞི་དང་སོར་གང་། སླར་ཡང་སོར་དོ། ཚངས་པའི་ཐིག་གི་གཡོན་དུ་སོར་མོ་བཞི་དང་སོར་དོ། སླར་ཡང་སོར་གང་བཅས་བསྡོམས་པས་དཀྱུས་ཐིག་བདུན་ནོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་གསུམ་དང་སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་དང་སྤྱན་གྱི་མས་ཐིག་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བདུན་ནོ།།

རིགས་དབྱེ།  

དྲག་པོའི་ཟུར་ཞལ་གྱི་ཐིག་རྩ།

དྲག་པོའི་ཟུར་ཞལ་གྱི་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་ལྔ་དང་སོར་གསུམ། སླར་ཡང་སོར་དོ། ཚངས་པའི་ཐིག་གི་གཡོན་དུ་སོར་དོ་དང་སོར་བཞི། སླར་ཡང་སོར་བཞི་བཅས་བསྡོམས་པས་དཀྱུས་ཐིག་བདུན་ནོ།། འགོ་ཐིག་ནས་སྲིད་དུ་སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྤྱན་ལ་སོར་མོ་སོ་དང་སྤྱན་གྱི་མས་ཐིག་ནས་ཤངས་བར་སོར་དོ། ཤངས་ཐིག་ནས་ཞལ་གདངས་པའི་ཐིག་ལ་སོར་བཞི། ཞལ་གདངས་པའི་ཐིག་ནས་ཀོས་ཀོ་བར་སོར་བཞི་བཅས་བསྡོམས་པས་འཕྲེད་ཐིག་བདུན་ནོ།།

རིགས་དབྱེ།  

བྱམས་པ་བྱམས་བཞུགས་མའི་ཐིག་རྩ།

བྱམས་པ་བྱམས་བཞུགས་མའི་ཐིག་འདེབས་སྟངས་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་སྲིད་དུ་གཙུག་ཏོར་ཞལ་གང་དང་། སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་ཀོས་ཀོ་བར་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་གང་། ལྟེ་བ་ཞལ་གང་། སྟ་ཟུར་སོར་བཞི། གསང་གནས་སོར་བརྒྱད། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི། ཟླ་གདན་སོར་དྲུག པད་གདན་ཞལ་གང་སྟེ་བསྡོམས་པས་འཕྲེད་ཐིག་བཅོ་ལྔའོ།།

རིགས་དབྱེ།  

སངས་རྒྱས་ཀྱི་བཞེངས་སྐུའི་ཆ་ཚད།

སངས་རྒྱས་ཀྱི་སྐུ་ནི་ཆ་ཆེན་རེ་ལ་སོར་ཕྱེད་བཅུ་གསུམ་རེ་བརྩིས་པས་སོར་བརྒྱ་དང་ཉེར་ལྔ་པ་ཡིན་པས་བྱང་སེམས་ཚད་ལས་སོར་ལྔ་ལྷག་པ་དེ་ཆ་ཆེན་བཅུ་པོ་རེ་རེར་སོར་ཕྱེད་རེ་ལྷག་སོར་འཕར་དགོས་པས་དེ་ཡང་སྐྲ་ཁྱིམ་ལ་སོར་ཕྱེད་འཕར། དེ་བཞིན་ཀོས་ཀོའི་རྩ་བ་དང་ཐུགས་ལྟེ་གསང་གནས་བཅས་ལ་སོར་ཕྱེད་རེ་འཕར་བས་སྐུ་སྟོད་ལ་སོར་དོ་དང་རྐང་པ་གཉིས་འཕར། སྐུའི་སྨད་ཆར་བརླ་ལ་སོར་གཅིག་དང་རྗེ་ངར་ལ་སོར་གཅིག ཞབས་དཔངས་ལ་སོར་ཕྱེད་བཅས་འཕར་བས་སྐུ་སྨད་ལ་སོར་དོ་དང་རྐང་པ་གཉིས་འཕར་སྟབས། སྐུའི་སྟོད་སྨད་བསྡོམས་པས་སོར་ལྔ་འཕར་བའོ།། ཞེང་དུ་ཡང་ཐུགས་དབུས་ནས་མཆན་རྩེའི་བར་ལ་སོར་ཕྱེད། གྲུ་མོ་དང་མཁྲིག་མའི་ཚིགས་ལ་སོར་རེ་རེ་འཕར་བ་བཅས་གཡས་གཡོན་བསྡོམས་པས་སོར་ལྔ་འཕར་ཞིང་། སོར་མོ་བརྒྱ་དང་ཉེར་ལྔ་ཆུ་ཞེང་གབ་པའི་ཚད་ཡིན་ནོ།།

རིགས་དབྱེ།  

རྒྱལ་ཡུལ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཆ་ཚད།

རྒྱལ་ཡུམ་ལྷ་མོ་རྣམས་ཀྱི་བཞེངས་སྐུའི་ཆ་ཚད་ནི། དང་པོ་ཚངས་ཐིག་དང་འགོ་ཐིག་བཏབ། སྐུ་སྟོད་ལ་ཞལ་བཞི་དང་ཕྱེད་ཀ སྐུའི་སྨད་ཆར་ཞལ་ཚད་བཞི་ངང་ཕྱེད་བཅས་སྟོད་སྨད་བསྡོམས་པས་ཞལ་ཚད་དགུ། གཡས་གཡོན་བསྡོམས་པས་སོར་བརྒྱ་དང་བརྒྱད་དོ། །

རིགས་དབྱེ།  

ཚོན་སྦྱོར།

རི་མོ་གང་ཞིག་འབྲི་དགོས་རུང་ཐོག་མའི་ལས་ཀ་ནི་ཡོ་ཆས་རྣམས་སྟ་གོན་ལེགས་པོ་ཞིག་བྱ་དགོས་པ་དེ་ཡིན། ཡོ་ཆས་ཀྱི་ནང་ཚན་ཚོན་མདོག་སྣ་ཚོགས་སྤྱོད་དགོས་སྟབས། རྩ་བའི་ཚོན་མདོག་ཁོ་ནས་མི་འགྲིག་པས། ད་དུང་ཡན་ལག་གི་མཚོན་མདོག་སྣ་ཚོགས་སྦྱོར་དགོས།

རིགས་དབྱེ།  

ཚོན་གྱི་འདུལ་སྟངས།

ཚོན་གྱི་འབྱུང་ཁུངས་མི་འདྲ་བར་བརྟེན་ཚོན་རེ་རེ་ལ་འདུལ་སྟངས་ཡང་མི་འདྲ་བ་རེ་ཡོད་དོ༎

རིགས་དབྱེ།  

ཚོན་གྱི་སྦྱོར་སྡེབ།

རྩ་བའི་ཚོན་རྣམས་ཕུད་ཡན་ལག་གི་ཚོན་དག་ནི་སྦྱོར་སྡེབ་བྱས་ནས་བྱུང་བ་ཡིན།

རིགས་དབྱེ།  

ལྷ་བྲིས་ཐུན་མོང་གི་རྒྱུན་སྤྱོད་ཚོན་ཡིག

ཚོན་ཡིག་ནི་བློ་དང་པོ་བའི་སློབ་བུ་རྣམས་ཀྱིས་མྱུར་དུ་ཤེས་པར་བྱ་བའི་ཕྱིར་དུ་སྐུ་མདོག་དང་ན་བཟའ་སོགས་ཀྱི་ཁ་དོག་རྣམས་ལ་བརྡ་སྟོན་ཚབ་ཡིག་ཅིག་གོ།

རིགས་དབྱེ།  

ཚོན་མདོག་གི་ཕན་ནུས།

ཚོན་མདོག་མི་འདྲ་བས་མི་རྣམས་ཀྱི་བསམ་པའི་སྣང་ངོར་འཆར་ཚུལ་མི་འདྲ་བ་དང་བརྩེ་དུང་མི་འདྲ་བ་མཚོན་པའི་ནུས་པ་ཡང་ལྡན་ཡོད།

རིགས་དབྱེ།  

གོས་བྲིས་རི་མོའི་བྱུང་བ།

གོས་པཎྚི་ཏ་ཀུན་དགའ་ཆོས་དབྱིངས་རྒྱ་མཚོའམ་བློ་བཟང་ཤེས་རབ་མཆོག་གི་བྲིས་རྒྱུན་དེ་ལ་གོས་བྲིས་རི་མོ་ཟེར།

རིགས་དབྱེ།  

ལྷ་བཀོད་རྒྱག་པ།

ལྷ་བཀོད་རྒྱག་པའམ་རི་མོར་ཐོག་མའི་བཀོད་པ་བྱེད་པ་ནི་འཛམ་གླིང་ཤར་ནུབ་ཀྱི་རི་མོའི་རིགས་ཀུན་ལ་ཡོད་པའི་ལག་ལེན་བྱེད་སྟངས་ཤིག་ཡིན་ལ། གཏན་ལ་ཁེལ་བའི་བརྗོད་བྱ་གང་ཞིག་དང་པོ་ཡིད་བཀོད་བྱ་ཞིང་དེ་ནས་མེ་ལོང་གཞི་རུ་རི་མོར་འབྲི་བ་ལ་གཙོ་སྐུ་དང་སྐུ་མགྲོན་ཡུལ་ལྗོངས་སོགས་གཏམ་རྒྱུད་ཀྱི་བྱུང་རིམ་བཞིན་མཚོན་པར་བྱེད་དགོས་བ་དེའོ། །

རིགས་དབྱེ།  

ཀརྨ་བྲིས་ལུགས།

དུས་རབས་བཅུ་དྲུག་པའི་ནང་དུ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་རུས་ཚུགས་རྒྱ་གར་ལི་མ་དང་སྨན་ཐང་ལུགས་ཟུང་འབྲེལ་བྱེད་པའི་སྲོལ་རྒྱུན་འཛིན་ཐོག་སི་ཐང་ཡུག་དྲིལ་ཆེན་མོའི་རྒྱ་སྲོལ་ཞིབ་བྲིས་རི་མོའི་ནང་གི་ཕོ་བྲང་དང་བྲག་རི། ཆུ་རྒྱུན། ལྗོན་ཤིང་། མེ་ཏོག་སོགས་ཡུལ་ལྗོངས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་ལེགས་ཆ་བླངས་ཏེ། ཚོན་མདངས་བྱ་ཐབས་ཐད་རང་མི་རིགས་ཀྱི་ཉམས་འགྱུར་མ་ཉམས་པའི་ཐོག་ནས་སྒར་བྲིས་ཀྱི་སྲོལ་ཐོག་མར་བཏོད་པའི་བྲིས་རྒྱུན་དེ་ཡིན་ལ། དེ་ནི་བོད་ལུགས་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་སྲོལ་ཆེན་པོ་ལྔ་ཡོད་པའི་ནང་ནས་སྐད་གྲགས་ཆེ་བའི་བྲིས་རྒྱུན་ཞིག་གོ། །

རིགས་དབྱེ།  

གཙང་བྲིས་སྨན་གསར།

གཙང་བྲིས་སྨན་གསར་ཞེས་པ་ནི་དུས་རབས་བཅུ་བདུན་པའི་ནང་དུ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་རྙིང་གི་བྲིས་རྒྱུན་ལ་ཚོན་མདངས་དང་གསེར་རིས་ཀྱི་ཐད་ལ་རང་གི་ཁྱད་ཆོས་འགའ་ཞིག་གསར་དུ་བསྣན་ཏེ་སྨན་གསར་ཞེས་པའི་བྲིས་རྒྱུན་ཞིག་སྤེལ་ཞིང་། རྗེས་སུ་གཙང་བྲིས་ཞེས་ཀྱང་འབོད་པ་དེའོ། །

རིགས་དབྱེ།  

བལ་བྲིས།

བལ་བྲིས་ནི་དུས་རབས་བདུན་པ་སྟེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ། ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་བཞེངས་སྐབས་བལ་བོའི་ལྷ་བཟོ་ཁྲོ་བོ་སོགས་གདན་འདྲེན་ཞུས་ཡོད་ཅིང་། སྐབས་དེའི་ལྡེབས་རིས་དག་བལ་བོའི་ལྷ་བཟོ་ཡིས་བཞེངས་ཞེས་གསལ་བོར་འཁོད་ཡོད་པར་བལྟས་ན་སྐབས་དེར་དར་བ་ཤེས་ཐུབ་བོ། །

རིགས་དབྱེ།  

མཁྱེན་བརྩེ་ལུགས།

དུས་རབས་བཅོ་ལྔའི་ནང་དུ་རྡོ་བ་བཀྲིས་རྒྱལ་བོའི་སློབ་མ་མཁྱེན་བརྩེ་བ་ཆེན་མོ་དགེ་བསྙེན་རྣམ་པར་རྒྱལ་བས་བྱིའུ་སྒང་ལུགས་ཀྱི་ལེགས་ཆ་སོར་བཞག་ཐོག་ཟུར་དུ་བཟོ་རྒྱུན་མི་འདྲ་བ་ཞིག་མཛད་དེ་མཁྱེན་བརྩེ་ལུགས་ཞེས་པའི་རི་མོའི་སྲོལ་བཏོད་པ་དེའོ། །

རིགས་དབྱེ།  

སྨན་ཐང་ལུགས།

དུས་རབས་བཅོ་ལྔ་པའི་ནང་དུ་རྡོ་པ་བཀྲ་ཤིས་རྒྱལ་བོའི་སློབ་མ་སྨན་བླ་དོན་གྲུབ་ཞེས་པས་བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་ལས་ཟུར་དུ་ཕྱུང་སྟེ། ལྷ་སྐུའི་བྲིས་ཚུགས་ལ་ལེགས་བཅོས་དང་། རྒྱབ་ལྗོངས་ཀྱི་བཀོད་པ་གསར་གཏོད་མཛད་ནས་སྨན་ཐང་ལུགས་ཀྱི་འབྲི་རྒྱུན་འདི་སྲོལ་བཏོད་པའོ། །

རིགས་དབྱེ།  

སྒར་ལུགས་གསར་མ།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་གར་རྒྱ་ནག་གི་རི་མོ་ལས་ལེགས་ཆ་བླངས་ཏེ་བོད་ཀྱི་སྔར་ཡོད་ཀརྨ་སྒར་བྲིས་ལས་ཟུར་ཁྱད་ཅུང་ཐོན་པའི་བྲིས་ལུགས་ཤིག་བྱུང་བ་ལ་སྒར་ལུགས་མ་ཞེས་འབོད་དོ། །

རིགས་དབྱེ།