ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རི་མོ། >ཐང་ག

ཐོ་རིས།

ཐིག་རྩ་ཐོ་རིས་དང་སྤྱི་དབྱིབས་བྱེ་བྲག་གི་དབྱིབས་སོགས་ནི་གཙོ་ཕལ་ཞིག་གིས་གྲོགས་རམ་དང་གོ་རིམ་བྱེད་པ་མ་གཏོགས་སྤྱི་དབྱིབས་དང་ཁོག་དབྱིབས་ཀུན་ལ་ཡོད་པས་ཐམས་ཅད་སོ་སོའི་སྤྱི་དབྱིབས་ནས་འབྲི་དགོས།

རིགས་དབྱེ།  

པ་ཏྲ།

རྩ་བའི་རྨང་གཞི་ནི་པ་ཏྲ་རིགས་བརྒྱད་ཀྱི་སྙིང་བོ་གན་ལོག་གཟུགས་ཀྱི་པ་ཏྲ་སྟེ་སེང་སྣ་པ་ཏྲ་ཁུག་སོ་རིམ་པ་གསུམ་ཅན་དང་།དེ་ནས་རི་མོ་འབྲི་བ་ལ་རྨང་གཞི་པ་ཏྲ་སྟེ་ཕྱི་དབྱིབས་ཟུར་གསུམ་སོགས་གང་འདོད་ཅིག་བཞག་ནས།པ་ཏྲ་ཕྱི་དབྱིབས་སྐོར་ཞིང་འབྲི་ཞེས་པ་ལྟར་རོ།།

རིགས་དབྱེ།  

རི་མོ།

དེང་རབས་རི་མོ་མཁས་ཅན་དག་གིས་ཀྱང་རི་མོའི་ཚན་རིག་ནི་ཐོག་མ་ཐོ་རིས་ནས་འགོ་རྩོམ་དགོས་ཞེས་གསུངས་པ་བཞིན་ཏེ།དེ་ཡང་རི་མོ་འབྲི་ཡུལ་ཆེས་མཐོ་ས་དང་ཆེས་དམའ་བའི་ས་ཐོ་རིས་དང་།གཡས་གཡོན་དང་དབུས་སོགས་ཐོ་རིས་བཞག་སྟངས་འདྲ་མིན་གང་འདྲ་དགོས་པ་རི་མོ་གང་དེའི་ཁྱད་ཆོས་དང་བསྟུན་ནས་དཔྱད་ཅིང་ཐོ་རིས་ཤིག་གི་བར་ཐག་དེས་ཕྱི་དབྱིབས་འབྲི་ཡུལ་གཏན་འཁེལ་བྱ་བའོ།།

རིགས་དབྱེ།  

སྨན་རྙིང་བྲིས་རྒྱུན།

སྤྱིར་སྨན་རྙིང་གི་ཐིག་ཚད་ཀྱི་སྟེང་ནས་སྒར་ལུགས་དང་སྨན་གསར་རིམ་བཞིན་སོར་དོ་དོར་འཕེལ་བ་ཡིན།

རིགས་དབྱེ།  

ལྷ་སྐུའི་ཆག་ཚད།

སངས་རྒྱས་གྱི་སྐུ་གཟུགས་ཆག་ཚད་ཇི་ལྟར་འབྲི་ཚུལ། དེ་བཞིན་སྒྲོལ་མ་དང་ཁྲོ་བོའི་ཆག་ཚད་ཇི་ལྟར་འབྲི་ཚུལ།ཚངས་ཐིག་བཅས་སོ།།

རིགས་དབྱེ།  

ཡུལ་ལྗོངས་བཀོད་པའི་རི་མོ།

ཡུལ་ལྗོངས་བཀོད་པའི་རི་མོ་ནི་རྩ་བའི་སྟེང་ནས་རི་ཆུ་ནགས་གསུམ་སོགས་གཙོ་བྱས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་འབྲི་བ་ཡིན་པས། དེ་དག་གི་ནང་ནས་འགའ་ཤས་ཞིག་འདོར་བཀོད་པ་ཡིན།

རིགས་དབྱེ།  

ལྷ་སྐུའི་རྒྱན་ཆས།

ལྷ་སྐུའི་རྒྱན་རྣམས་རྨང་གཞི་རྩ་བ་བཞིའི་ལྷ་ཡི་རྒྱན་བཀོད་ལྟར་བྲིས་ན།ཞི་ཁྲོའི་རྒྱན་བཀོད་ཐམས་ཅད་འདུས་ཡོད་དེ་དཔེར་ན་སངས་རྒྱས་ཁྲི་རྒྱབ་དྲུག་འགྱོགས་ལ་འཇིག་རྟེན་ན་ཆེ་བ་དྲུག་གིས་བརྒྱན་པ་ལྟ་བུའོ།།

རིགས་དབྱེ།  

སྤྱི་ཐིག

ཚངས་ཐིག་དང་ཆུ་ཐིག་བཏབ་རྗེས་སྐྲ་མཚམས་ནས་ཞལ་ཉིད་ཞལ་གང་དང་།དེ་ནས་མགྲིན་པར་སོར་གསུམ་དང་།ཐུགས་ཀར་ཞལ་གང་དང་།ལྟེ་བར་ཞལ་གང་དང་།སྐེད་པར་སོར་གསུམ་དང་།གསང་གནས་སོར་དགུ་དང་།བྱིན་པར་སོར་བཞི་དང་།པུས་མོར་སོར་བཞི་དང་།ཟླ་གདན་ལ་སོར་བཞི་དང་།པད་གདན་ལ་ཞལ་གང་བཅས་འཕྲེད་ཐིག་དང་།ཚངས་ཐིག་གཡས་སུ་མཆན་རྩེར་སོར་དྲུག་དང་ །གྲུ་ཁུག་དང་རྐང་རྩེར་ཞལ་གང་དང་།ལག་ངར་འགྲིབ་པའི་དབང་གིས་སོར་དྲུག་དང་།ལག་མཐིལ་དང་པུས་མོར་སོར་དྲུག་དང་།གཡོན་ཕྱོགས་འགྱིང་སྟབས་སོར་དྲུག་དང་།དཔུང་པའི་ཕྱི་རིས་ལ་ཞལ་གང་དང་།པུས་མོའི་ཕྱི་རིས་ལ་སོར་དྲུག་བཅས་ནི་སངས་རྒྱས་དང་སྒྲོལ་མ།ཁྲོ་བོ་ཁྲོ་མོ་སོགས་ཀྱི་སྤྱིའི་འབྲི་ཚུལ་ཡིན།།

རིགས་དབྱེ།  

བྲིས་སྐུའི་ཆ་ཚད།

སྐུ་ཉམས་འབྲི་ཚུལ་གྱི་ཐིག་རྩ་འདི་དག་ནི་ལས་དང་པོ་བ་དག་གི་ཐོག་མའི་སྦྱངས་བྱ་ཡིན་ལ། དེ་ལས་མཉམ་མེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བྱང་ཆུབ་པར་འབྲི་ཤེས་པ་བྱུང་ན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཐའ་དག་གི་སྐུ་བརྙན་ཚད་དང་ལྡན་པ་འབྲི་ཤེས་པར་འགྱུར་བ་དང་། དེ་བཞིན་བླ་རྒྱུད་དང་གཞི་བདག་སོགས་ཀྱི་གཟུགས་སྐུའི་ཆ་ཚད་ཀྱང་གཚོ་བོའི་སྐུ་འབྲི་ཤེས་པར་གྱུར་ན་ནི་གཞན་དག་འབྲི་ཤེས་པར་འགྱུར་རོ། །

རིགས་དབྱེ།  

ཞལ་ཐིག

ལྷ་བྲིས་ནི་དངོས་བྲིས་ཀྱི་རྨང་གཞིའི་ཐོག་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། བོད་ལའང་བོན་ཆོས་དང་ནང་བསྟན་གཉིས་ཀྱི་ནང་དོན་དང་འབྲེལ་བའི་ལྷ་བྲིས་ཀྱི་ལོ་རྒྱུས་རིང་བོ་ཞིག་ཡོད། བོད་ཀྱི་ལྷ་རིས་སྒྱུ་རྩལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན།

རིགས་དབྱེ།  

ལྷ་རིས་ཀྱི་རྒྱན།

དེ་ཡང་ཤ་ཚུགས་བྲིས་རྗེས་རི་མོའི་མ་ཡི་ཆེ་ཆུང་དང་རྒྱན་རིས་འབྲི་སའི་ཡུལ་གཏན་འཁེལ་ལེགས་གྲུབ་བྱུང་རྗེས་རི་མོའི་བུ་ཡི་བར་ཐག་སོགས་ལ་གཟབ་ནས་རིན་པོ་ཆེའི་རྒྱན་བརྒྱད་དང་གོས་ཆས་འབྲི་དགོས།

རིགས་དབྱེ།  

རི་མོ་འབྲི་སྟངས།

སྤྱིར་རི་མོའི་ཡུལ་བཀོལ་དང་སྲོག་ཆགས་ཚངས་ཐིག་སོགས་རི་མོ་གང་འདྲ་ཞིག་འབྲི་ནའང་ཐམས་ཅད་ཀྱི་སྔོན་དུ་ཐོ་རིས་དང་། ཐིག་རྩ། ཆག་ཚད་སོགས་ཀྱི་རྨང་གཞིའི་ཐིག་རིས་གདབས་ཚུལ་སོགས་ལེགས་པོར་ཤེས་རྒྱུ་ནི་རི་མོའམ་ལྷ་རིས་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རི་མོ་འབྲི་བ་པོ་ཞིག་ལ་མཚོན་ན་རྨང་གཞིའི་ཤེས་བྱ་འདི་དག་ཡིད་ལ་ངེས་པར་བྱ་རྒྱུ་ནི་གལ་ཆེའོ། །

རིགས་དབྱེ།  

འབྱུང་ཁམས་འབྲི་ཚུལ།

སྤྱིར་འཛམ་གླིང་ས་ཡི་ཆགས་ཚུལ་ལ་གནམ་འཁོར་ལོ་རྩིབ་བརྒྱད་དང་ས་པདྨ་འདབ་བརྒྱད་ཀྱི་དབྱིབས་ཡིན་ཡང་། བྱེ་བྲག་ས་ཡི་དཀྱིལ་འཁོར་ནི་གྲུ་བཞི་ཡིན་ལ་ཐང་གའང་གྲུ་བཞི་སྟེ། ནང་གི་གནམ་རི་རླུང་ཡང་སར་བྱས་པས་རང་འགྲིག་ཏུ་སོང་བ་དང་། དེ་བཞིན་རང་བྱུང་ཁམས་ཀྱི་རི་ཆུ་ནག་གསུམ་དང་། རྩྭ་རྩི་ཤིང་མེ་ཏོག་ལ་སོགས་པ་ཡང་ཐང་གའི་སྟེང་དུ་འབྲི་བ་ལ་ཐང་ག་གང་དེའི་ཁྱད་ཆོས་གཞིར་བཟུང་ནས་འབྲི་རྒྱུ་ནི་གལ་ཆེའོ། །

རིགས་དབྱེ།  

ཇོ་ནང་ཐང་ག

ཇོ་ནང་ཐང་ག་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་གི་མངའ་ཁོངས་སུ་ཡོད་པའི་ཐང་ག་ཞིག་ཡིན།

རིགས་དབྱེ།  

གེ་སར་རི་མོའི་སྒྱུ་རྩལ།

གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱི་རླབས་ཆེ་བའི་དཔའ་བོའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་རིག་གནས་བང་མཛོད་ཁྲོད་འོད་དུ་འཚེར་བའི་རིན་པོ་ཆེ་ཞིག་ཀྱང་ཡིན་པར་མ་ཟད། འཛམ་གླིང་གི་ལྷ་སྒྲུང་གྲགས་ཅན་གླེང་དུས་གེ་སར་སྒྲུང་ནི་ངེས་པར་གླེང་དགོས་པ་ཞིག་རེད། བོད་མི་རིགས་ཀྱིས་གེ་སར་སྒྲུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ལམ་ལས་རི་མོའི་སྒྱུ་རྩལ་གྱི་མཛེས་པ་དང་རིན་ཐང་ལ་ཧ་ཅང་དོ་སྣང་དང་མཐོང་ཆེན་བྱེད་ཅིང་། དེས་མིའི་རིགས་ཀྱི་བློ་གྲོས་ལ་སྐུལ་འདེད་ཀྱི་ནུས་པ་ཡང་ཡང་ཐོན་པར་བྱེད་པའང་མངོན་སུམ་གྱི་གནས་ཤིག་གོ །

རིགས་དབྱེ།  

ཀརྨ་པའི་ཉིན་ཐང་ཡུག་དྲིལ་མ།

དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཤིན་ཏུ་གྲགས་ཆེ་བའི་རི་མོ་ཞིག་ཡིན་ཏེ། དེ་ཡང་མིང་གོང་མ་ཡུང་ལོས་གདན་ཞུའི་ཡི་གེ་གནང་ནས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་མཚུར་ཕུ་དགོན་ནས་གདན་དྲངས་པ་དང་དུས་ཡུན་ལོ་ངོ་གཉིས་ཙམ་གྱི་དཀའ་བ་སྤྱད་པ་བརྒྱུད། ཁོང་ཉིད་འཁོར་དང་བཅས་པ་མེ་ཕག་ལོའི་ཟླ་བ་དང་པོའི་ཟླ་མཇུག་ཏུ་མིང་རྒྱལ་རབས་ཀྱི་རྒྱལ་ས་ནན་ཅིན་དུ་འབྱོར་ཕེབས་བྱུང་། གོང་མ་ཡུང་ལོས་ལོ་གསར་གྱི་དུས་སྟོན་དང་བསྟུན་ནས་དམིགས་གསལ་གྱིས་མཇལ་འཕྲད་དང་། དད་གུས་ཀྱི་སྣེ་ལེན་གཟབ་རྒྱས་གནང་། ཟླ་བ་གཉིས་པའི་ནང་ལ་གོང་མའི་ཕོ་བྲང་དང་ལིན་ཀུའུ་དགོན་དུ་གོང་མའི་ཡུམ་གཤེགས་པའི་དགོངས་རྫོགས་མཆོད་པ་རྒྱ་ཆེར་འབུལ་གནང་མཛད།

རིགས་དབྱེ།  

ཞལ་ཐང་གྲྭ་ཚར།

ཞལ་ཐང་གྲྭ་ཚར་ཟེར་བ་ནི་གཙོ་བོ་ནང་དོན་ཆ་མཚུངས་པ་དང་ཡང་ན་ལག་ཤེས་གཞི་མཚུངས་པའི་ཐང་ཀ་ཆ་ཚང་གཅིག་ལ་གོ། །

རིགས་དབྱེ།  

འཕྲེད་ཐང་།

འཕྲེད་ཐང་ཡང་ཐང་གའི་བཟོ་དབྱིབས་ཀྱི་དམིགས་གསལ་གྱི་རྣམ་པ་ཞིག་ཡིན་ཏེ། ནམ་རྒྱུན་རང་ཅག་ཚོས་མཇལ་དུ་ཡོད་པའི་ཐང་ག་མང་ཆེ་བ་ཞིག་འགེལ་སྟངས་ཀྱི་ངོས་ནས་བརྗོད་ཚེ་གོང་འོག་དཀྱུས་རིང་ལ་གཡས་གཡོན་ཞེང་ཆུང་བ་ཡིན་མོད། འཕྲེད་ཐང་ནི་དེ་ལས་ལྡོག་པ་ཞིག་ཡིན།

རིགས་དབྱེ།  

སྐོར་ཐང་།

སྐོར་ཐང་ཡང་ཐང་ཀའི་རྣམ་པ་དམིགས་གསལ་ཅན་ཞིག་སྟེ། དགོན་སྡེ་ཁག་གི་འདུ་ཁང་དང་བཅས་པའི་གྱང་ངོས་སུ་མུ་འབྲེལ་གྱི་ཚུལ་དུ་ཐང་རྒྱུག་མེད་པར་ཡོངས་སུ་བསྐོར་ནས་འགེལ་བའི་ཐང་ག་ཞིག་ཡིན།

རིགས་དབྱེ།  

མུ་ཏིག་ཐང་ག

མུ་ཏིག་ཐང་ག་ཟེར་བ་ནི་ལྷ་སྐུའི་གཟུགས་བརྙན་མུ་ཏིག་བསྟར་ལ་བརྒྱུད་ནས་འབུར་དུ་ཐོན་པར་བྱེད་པ་དང་ཡང་ན་དབུ་རྒྱན་སོགས་སུ་མུ་ཏིག་གིས་བརྒྱན་པ་དག་ལའང་གོ་བ་ཡིན་འདུག

རིགས་དབྱེ།  

བྲིས་ཐང་རིགས་བཞི།

བྲིས་ཐང་རིགས་བཞི་ནི་ཚོན་ཐང་དང་ནག་ཐང་། མཚལ་ཐང་། སེར་ཐང་བཅས་ཡིན་ནོ།།

རིགས་དབྱེ།  

བྲིས་སྐུ།

ཞལ་ཐང་བྲིས་པ་ནི་རས་གཞིའི་ཐོག་ཏུ་སྣག་བྲིས་ལ་ནག་ཐང་། ཚོན་བྲིས་ལ་ཚོན་ཐང་། གསེར་བྲིས་ལ་གསེར་ཐང་། དངུལ་བྲིས་ལ་དངུལ་ཐང་། མཚལ་བྲིས་ལ་མཚལ་ཐང་དང་། སྐྱ་ཚོན་ལ་སྐྱ་ཐང་སོགས་རྒྱུ་ཆ་གཙོ་ཕལ་གྱི་དབྱེ་བ་ཡོད། བྲིས་སྐུ་ནི་གཞི་ཡངས་པར་བྲིས་པའི་རིགས་ལ་གོ་དགོས།

རིགས་དབྱེ།  

ཐང་གའི་ས་བཅད།

ཐང་གའི་ས་བཅད་བགོས་པ་ཧ་ཅང་ཞིབ་ཚགས་དང་ལྡན་ཏེ། ཕལ་ཆེར་སྟོད་སྨད་བར་གསུམ་དུ་བགོས་འདུག སྟོད་ནི་ལྷ་ཡུལ་ཏེ་ལྷ་རྣམས་བཞུགས་ས་ཡིན་ལ། བར་ནི་མི་ཡུལ་ཏེ་བཙན་དང་གཉན་གྱི་སྡོད་གནས་ཡིན་ཞིང་། སྨད་ནི་ཀླུ་ཡུལ་ཏེ་ཀླུ་རྣམས་སྡོད་ས་ཡིན།

རིགས་དབྱེ།  

ལྷ་སྐུའི་མཛེས་དཔྱོད་ཀྱི་ལྟ་བ།

རི་མོ་འབྲི་བར་མཛེས་དཔྱོད་རིག་པ་དང་འབྲལ་ཐབས་མེད། རིག་གནས་རྒྱབ་ལྗོངས་མི་གཅིག་པའི་དབང་གིས་མི་རིགས་སོ་སོའི་བར་གྱི་མཛེས་དཔྱོད་ལྟ་བ་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ཆོས་ལུགས་སོ་སོའི་ལྟ་བའང་གཅིག་མཚུངས་ཤིག་མིན། བོད་མི་རིགས་ལ་མཚོན་ན་ཡང་རང་ལ་མཛེས་དཔྱོད་ཀྱི་ལྟ་བ་ཞིག་ཡོད་དོ།།

རིགས་དབྱེ།  

བསྟན་པ་འདིའི་བྲིས་སྐུ་ཐོག་མར་བྱུང་ཚུལ།

བསྟན་པ་འདིའི་བྲིས་སྐུ་ཐོག་མ་ནི་བྲིས་སྐུ་ཆུ་ལོན་མ་ཞེས་པ་དེ་ཡིན་ནོ༎

རིགས་དབྱེ།  

མི་མཐུན་གཡུལ་རྒྱལ།

མི་མཐུན་གཡུལ་རྒྱལ་ནི་དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེ་ཕྱོགས་གཅིག་ཏུ་བསྡེབས་ནས། མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པའི་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་མའམ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་རི་མོ་ལ་བརྗོད་པ་ཡིན།

རིགས་དབྱེ།  

གླིང་རྗེ་གེ་སར་རྒྱལ་བློན་གྱི་བརྒྱ་ཐང་འཛམ་གླིང་མིག་གི་དགའ་སྟོན།

དེབ་འདི་ཉིད་ནི་བོད་ཀྱི་གླིང་སྒྲུང་པ་སྨིན་དབུས་པོས་བརྩམས་པའི《གླིང་དཔའ་ཆེན་བརྒྱད་ཅུའི་ངོ་སྤྲོད་དབང་དྲག་གློག་གི་ཞགས་པ》ཞེས་པའི་བརྗོད་བྱའི་མི་སྣ་གཙོ་བོར་བཟུང་ནས་བཟོ་བཞེངས་གནང་བའི་གླིང་རྗེ་གེ་སར་རྒྱལ་བློན་གྱི་བརྒྱ་ཐང་ཆེན་མོ་ཞིག་ཡིན།

རིགས་དབྱེ།  

ཐིག་རྩ།

ཐིག་རྩ་ནི་ལྷ་སྐུ་དང་མཆོད་རྟེན་སོགས་རྟེན་བཞེངས་བྱེད་སྐབས་ཆེ་ཆུང་བོངས་ཚད་ཅི་ཙམ་དགོས་པ་ལ་གཞུང་ཐིག་དང་གསེག་ཐིག ཡན་ལག་སོ་སོ་དང་ཆ་ཤས་སོ་སོའི་ཆེ་ཆུང་གི་ཆ་ཆེན་ཆ་ཆུང་འགོད་པའི་ཐིག་གདབ་ཚུལ་ལ་བརྗོད།

རིགས་དབྱེ།  

ལྷ་སྐུའི་ཚངས་ཐིག

ལྷ་སྐུའི་ཚངས་ཐིག་ཅེས་པ་ནི་ལྷ་སྐུ་སོགས་ལ་ཐོག་མར་སྐྱ་རིས་འབྲི་སྐབས་སྐུའི་གཟུགས་ཀྱི་ཆེ་ཆུང་དང་བོངས་ཚད། སྙོམས་ཚད་སོགས་ཀྱི་མཛེས་ཉམས་ཀྱི་ཆ་ཡང་དག་པར་འོང་ཆེད་གནས་ངེས་ཅན་ཞིག་ལྟེ་བ་བྱས་ནས་ཐོག་མར་བཏབ་པའི་དྲང་ཐིག་གམ་དབུས་ཐིག་ལ་གོ།

རིགས་དབྱེ།  

ལྷ་སྐུའི་སྤྱི་དབྱིབས།

ལྷ་སྐུའི་སྤྱི་དབྱིབས་ཟེར་བ་ནི་ལྷ་སྐུ་འབྲི་སྐབས་ཀྱི་ཐོག་མའི་ཕྱིའི་ཤ་གཟུགས་ཀྱི་རྣམ་པའི་སྐྱ་རིས་ཙམ་དང་། སྤྱི་ཁོག་མཚོན་པའི་སྤྱི་བམ་པའི་གཟུགས་རིས་ཙམ་ལ་བརྗོད།

རིགས་དབྱེ།