ཆུ་ཚོན་རི་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ཚོན་རི་མོ།
ཆུ་ཚོན་རི་མོ་ནི་ཆུས་ཆུ་ཚོན་ཚོན་རྫས་སྦྱར་ནས་བྲིས་པའི་རི་མོ་ལ་ཟེར། ཆུ་ཚོན་གྱི་ཚོན་མདོག་ཅུང་ཟད་དྭངས་གསལ་ཡིན་པ་དང་། ཆུའི་བྱེད་ལས་ལ་བརྟེན་ནས་ཚོན་མདངས་ཀྱི་གར་སླ་དང་གསལ་མུན་མཚོན་ཐུབ་པ་རེད། ཆུ་ཚོན་རི་མོའི་ཤོག་བུ་སྤྱིར་བཏང་རྒྱུ་སྲ་མོ་དང་ཆུ་ལེན་ཤས་འབྲིང་ཙམ་ན་ཡིན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水彩画
ཕྱི་ཡིག་གི་མིང་།
watercolour
རྒྱུ་ཆ།
ཆུ་སྦྱོར་དང་དྭངས་གསལ་ཚོན་རྒྱུ།
རིགས་དབྱེ།
རི་མོའི་ཐབས་ལམ།
ཁྱད་ཆོས།
རིས་ངོས་ཕལ་ཆེར་ལ་ཡོངས་གསལ་གྱི་མཐོང་ཚོར་ཚོར་སྣང་ལྡན།
1 ངོ་སྤྲོད།

ཆུ་ཚོན་རི་མོ་ནི་ཆུས་ཆུ་ཚོན་ཚོན་རྫས་སྦྱར་ནས་བྲིས་པའི་རི་མོ་ལ་ཟེར།  ཆུ་ཚོན་གྱི་ཚོན་མདོག་ཅུང་ཟད་དྭངས་གསལ་ཡིན་པ་དང་།  ཆུའི་བྱེད་ལས་ལ་བརྟེན་ནས་ཚོན་མདངས་ཀྱི་གར་སླ་དང་གསལ་མུན་མཚོན་ཐུབ་པ་རེད།  ཆུ་ཚོན་རི་མོའི་ཤོག་བུ་སྤྱིར་བཏང་རྒྱུ་སྲ་མོ་དང་ཆུ་ལེན་ཤས་འབྲིང་ཙམ་ཡིན་དགོས་པ་དང་།  དེ་ལྟར་ན་རློན་བྲིས་ཀྱི་འབྲི་ཐབས་སྤྱད་དེ་སྨྱུག་རིས་དང་ཚོན་རིས་ཟུང་ལྡན་ཅན་དང་གཤེར་བག་ཅན་གྱི་མཐོང་ཆོས་གསར་གཏོད་བྱེད་ཐུབ་པ་རེད་ལ། སྐམ་བྲིས་ཀྱི་འབྲི་ཐབས་སྤྱད་དེ་ཞིབ་རྒྱས་སུ་འབྲི་འགོད་བྱས་པས་ཀྱང་ཆོག་ཅིང་།  དེའི་ཁར་སྒྲུང་བའི་ཐབས་དང་། གཙག་པའི་ཐབས།  ཚོས་བའི་ཐབས།  བཀྲུ་བའི་ཐབས་སོགས་སྦྲགས་མར་སྤྱད་དེ་གསལ་ཞིང་འཚེར་བ་དང་།  ཟང་ཐལ་དུ་མཐོང་བ།  བརླན་ཞིང་གཤེར་བ།  བདེ་ལྕག་འཁྱུག་པ་བཅས་ཀྱི་འབྲས་བུ་འདོན་ཐུབ། ཆུ་ཚོན་རི་མོ་ནི་དུས་རབས15པར་ཡོ་རོབ་གླིང་དུ་ཐོག་མར་བྱུང་བ་དང་།  དུས་རབས18པར་དབྱིན་ཇི་རུ་རང་རྐྱ་འཕེལ་བའི་རི་མོའི་རྣམ་གྲངས་ཤིག་ཏུ་དར་ཐོག་འཛམ་གླིང་རྒྱལ་ཁབ་ཁག་ཏུ་དར་ལ།  དུས་རབས20པའི་དུས་མགོར་ཀྲུང་གོར་དར་བ་རེད།  ཀྲུང་གོར་ཆུ་ཚོན་རི་མོ་བ་གྲགས་ཅན་ཀོན་ཀུང་ཀྲི་དང་།  ཉེ་ཐའེ་ཏེ།  ཁུའུ་ཡོན་སོགས་བྱུང་བ་དང་། ཕྱི་རྒྱལ་་ཆུ་ཚོན་རི་མོ་བ་གྲགས་ཅན་དབྱིའི་ཇིའིJ.M.W.ཐའེ་ན་དང་། J.ཁང་སི་ཐེ་པུའང་སོགས་བྱུང་ལ། ཁོང་རྣམ་པའི་ཆུ་ཚོན་རི་མོའི་ཡུལ་ལྗོངས་རི་མོ་ནི་སྣུམ་རིས་ཀྱི་ཡུལ་ལྗོངས་རི་མོ་ནང་བཞིན་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆེ་བ་རེད།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རི་མོ། ཆུ་ཚོན་རི་མོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-21

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།