ཀྲུང་གོའི་རི་མོ།

མི་རིགས་ཁག་ཀུན་ལ་རང་རང་གི་རི་མོའི་སྒྱུ་རྩལ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་གཙོ་བོ་ནི་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་ཅན་ལྡན་པའི་ཀྲུང་གོའི་རི་མོ་ཡིན། དེ་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྤུ་སྨྱུག་དང་། སྣག་ཚ། ཞོན་ཤོག ཚོན་རྫས་བཅས་ཡོ་ཆས་དང་རྒྱུ་ཆ་བྱས་ཏེ། དུས་ཡུན་རིང་པོའི་ནང་དུ་ཆགས་པའི་ཀྲུང་གོ་བའི་མཛེས་དཔྱོད་ཀྱི་གོམས་སྲོལ་དང་སྲོལ་རྒྱུན་གྱི་གཟུགས་འགོད་པའི་ཆོས་ཉིད་ལྟར་གསར་གཏོད་བྱེད་པའི་རི་མོའི་རིགས་ཤིག་ཡིན།

རིགས་དབྱེ།  

ཆུ་ཕྱེ་རི་མོ།

ཆུ་ཕྱེ་རི་མོ་ནི་ཕྱེ་རྒྱུ་ཅན་གྱི་ཚོན་རྫས་ཆུས་སྦྱར་ནས་བྲིས་པའི་རོ་མོ་ལ་ཟེར། ཆུ་ཕྱེ་རི་མོའི་ཚོན་རྫས་ཀྱི་བྱེད་ལས་དེ་སྣུམ་རིས་དང་ཆུ་ཚོན་རི་མོའི་ཚོན་རྫས་ཀྱི་བར་ཙམ་པ་ཡིན།

རིགས་དབྱེ།  

དམར་བྲིས།

དམར་བྲིས་ནི་གཟུགས་འགོད་པའི་ནུས་རྩལ་དང་ཐབས་ཤེས་གསོ་སྐྱོང་བྱེད་སྤྱད་ཀྱི་ཉེར་མཁོའི་ཐབས་བཀོད་དམ་གོ་རིམ་ཡིན་ལ། བཟོ་རྩལ་མཁན་པོའི་རྗོད་བྱེད་ཀྱི་ཐབས་སྦྱོང་བ་དང་བརྗོད་བྱའི་ས་བོན་གསོག་པའི་ཐམས་ལམ་གལ་ཆེན་པོ་ཞིག་ཀྱང་ཡིན།

རིགས་དབྱེ།  

དྭངས་གསལ་ཆུ་གྲོང་རི་མོ།

རི་མོ་དེ་ཀྲུང་གོའི་རི་མོའི་སྲོལ་རྒྱུན་གྱི་རིང་དྲིལ་རྣམ་པ་ཡིན་པ་དང་། གཙག་པ་དང་ཟང་ཐལ་གྱི་གཟུགས་འགོད་པའི་ཐབས་ཀྱིས་རྙོག་ཟིང་ཆེ་བའི་ལྗོངས་བཀོད་ཉིད་འགྱུར་བག་ཆེ་བའི་རི་མོའི་ངོས་གཞི་གཅིག་ཏུ་དྲིལ་ཡོད། རི་མོའི་ངོས་སུ་ཆ་ལུགས་དང་རྣམ་འགྱུར་མི་འདྲ་བའི་མི་སྣ500ལྷག་བྲིས་ཡོད་པ་དང་། དེ་དག་གིས་ལས་སྒོ་དང་སྟངས་སྟབས་སྣ་ཚོགས་སོགས་བྲིས་ཡོད་པ་རེད།

རིགས་དབྱེ།  

བཤུ་བྲིས།

བཤུ་བྲིས་ལ་མ་དཔེར་བལྟས་ཏེ་འབྲི་བའམ་འགོད་པ་དང་། མ་དཔེའི་སྟེང་དུ་ཤོག་བུ་སྲབ་མོ་སྦྱར་ནས་འབྲི་བའམ་འགོད་པའི་ཐབས་གཉིས་ཡོད། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན་བཤུ་བྲིས་ནི་རི་མོ་ཁོ་ནར་མ་ཁྱབ་པར་རྡོ་རིང་གི་ཡི་གེ་ལ་སོགས་ཀྱང་ཡོད་པ་རེད།

རིགས་དབྱེ།  

མི་སྣའི་རི་མོ།

མི་སྣའི་རི་མོ་ནི་མི་སྣའི་བྱ་བྱེད་ཉིད་བྲི་བྱ་གཙོ་བོ་བྱས་པའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལ་ཟེར། དེ་ཉིད་བརྗོད་བྱའི་སྒོ་ནས་མི་སྣ་དང་། ཆོས་པ། ཡུལ་གོམས། ལྷ་ལྕམ། དངོས་བྲིས་བཅས་སུ་དབྱེ་བ་དང་། འབྲི་ཐབས་ཀྱི་སྒོ་ནས་ཞིབ་བྲིས་དང་། མི་སྣའི་རི་མོ་ནི་ཀྲུང་གོའི་རོ་མོའི་རིག་ཚན་ཆེན་པོ་གསུམ་ལས་བྱུང་བའི་སྔ་ཤོས་ཡིན།

རིགས་དབྱེ།  

མེ་ཏོག་འདབ་ཆགས་རི་མོ།

མེ་ཏོག་འདབ་ཆགས་རི་མོ་ཞེས་པ་ནི་མེ་ཏོག་རྩི་ཤིང་དང་། རི་དྭགས་འདབ་ཆགས་དང་། ཆུ་སྐྱེས་སྲོག་ཆགས་བཅས་གཙོ་བོར་འབྲི་བའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལ་ཟེར། རི་མོ་བས་ ཟུར་དང་ཤུགས་ནས་སྤྱི་ཚོགས་འཚོ་བ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད་པ་རེད།

རིགས་དབྱེ།  

རིག་གནས་པའི་རི་མོ།

རིག་གནས་པའི་རི་མོ་ཞེས་པ་ནི་རྩོམ་རིག་དང་། སུག་བྲིས། ཀྲོན་བརྐོས། རི་མོ་བཅས་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་། ལྷག་པར་དུ་སུག་བྲིས་དང་འབྲེལ་བ་དམ་ཚགས་ཡོད།

རིགས་དབྱེ།  

ལོ་གསར་རི་མོ།

ལོ་གསར་རི་མོ་ནི་ཀྲུང་གོ་རུ་བྱུང་ཧ་ཅང་སྔ་བ་དང་། ལོ་གསར་ལ་སོགས་དུས་སྟོན་གྱི་སྐབས་སུ་འཚོ་བར་རྒྱན་སྤྲས་བྱེད་སྤྱད་ཀྱི་རི་མོ་ཡིན། དེ་ལ་ལྡན་པའི་དམངས་ཁྲོད་རི་མོའི་ཁྱད་ཆོས་ནི་མི་རྣམས་ཀྱིས་ལོ་གསར་དང་དུས་སྟོན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྟེང་སྦྱོར་གཤོམ་དང་མཛེས་སྤྲོས་བྱེད་པ་ཡིན།

རིགས་དབྱེ།  

མཛེས་རྩལ་རིག་པ།

མཛེས་རྩལ་རིག་པའི་ཆེད་ལས་ནི་མཛེས་རྩལ་ལོ་རྒྱུས་སྨྲ་བ་དང་། མཛེས་རྩལ་སློབ་གསོའི་ཁྱབ་ཁོངས་སུ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག མཛེས་རྩལ་དཔྱད་གཏམ་དང་རྩོམ་སྒྲིག སྒྱུ་རྩལ་དོ་དམ། རྟེན་རྫས་བཤམས་མཛོད་ཁང་སོགས་ཐད་ཀྱི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། མཛེས་རྩལ་རིག་པའི་ཆེད་ལས་དེ་མཐོ་རིམ་སློབ་གླིང་ལ་དགེ་འོས་རིགས་དང་དགེ་འོས་མིན་པའི་རིགས་དང་། སློབ་མ་མཐར་ཕྱིན་རྗེས་མཛེས་རྩལ་སློབ་གསོ་དང་། མཛེས་རྩལ་ཞིབ་འཇུག རིག་གནས་སྒྱུ་རྩལ་དོ་དམ། གསར་འགྱུར་དཔེ་སྐྲུན་སོགས་འདུས།

རིགས་དབྱེ།