ཆུ་ཕྱེ་རི་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ཕྱེ་རི་མོ།
ཆུ་ཕྱེ་རི་མོ་ནི་ཕྱེ་རྒྱུ་ཅན་གྱི་ཚོན་རྫས་ཆུས་སྦྱར་ནས་བྲིས་པའི་རོ་མོ་ལ་ཟེར། ཆུ་ཕྱེ་རི་མོའི་ཚོན་རྫས་ཀྱི་བྱེད་ལས་དེ་སྣུམ་རིས་དང་ཆུ་ཚོན་རི་མོའི་ཚོན་རྫས་ཀྱི་བར་ཙམ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水粉画
ཕྱི་ཡིག་གི་མིང་།
Gouache paintings
ངོ་བོ།
ཆུས་གྲུབ་ཕྱེ་རྫས་དང་ཚོན་རྒྱུ་སྦྱར་ནས་གྲུབ་པ།
ཕྱིའི་རྣམ་པ།
དྭངས་གསལ་མ་ཡིན་པ་དང་དྭངས་གསལ་ཕྱེད་ཙམ་གྱི་བར།
ཁྱད་ཆོས།
མཚར་སྡུག་དང་འཇམ་མཉེན། དྭངས་གསལ་དང་ཚུལ་ལྡན་བབ་ཆགས།
1 ངོ་སྤྲོད།

ཆུ་ཕྱེ་རི་མོ་ནི་ཕྱེ་རྒྱུ་ཅན་གྱི་ཚོན་རྫས་ཆུས་སྦྱར་ནས་བྲིས་པའི་རོ་མོ་ལ་ཟེར།  ཆུ་ཕྱེ་རི་མོའི་ཚོན་རྫས་ཀྱི་བྱེད་ལས་དེ་སྣུམ་རིས་དང་ཆུ་ཚོན་རི་མོའི་ཚོན་རྫས་ཀྱི་བར་ཙམ་པ་ཡིན་པ་དང་།  དྭངས་གསལ་མ་ཡིན་པ་དང་འབབ་ཤས་ཆེ་བ་ཡིན་པས། སྣུམ་རིས་ནང་བཞིན་དཔྱི་ཕྱིན་པར་འབྲི་འགོད་བྱས་ཏེ་སྣུམ་ཞིང་སྟུག་པའི་ཡུལ་སྣང་དང་ཚོན་མདངས་ཀྱི་མཐོང་ཆོས་སྐྱེད་ཐུབ་པས་མི་ཚད།  ད་དུང་ཆུའི་སིམ་བག་དང་འབྱམས་བག་སྤྱད་དེ་ཆུ་ཚོན་རི་མོ་ནང་བཞིན་གྱི་སྲབ་མཐུག་དང་།  གར་སླ།  སྐམ་རློན་བཅས་ཀྱི་འགྱུར་བག་ཅན་གྱི་མཐོང་ཆོས་ཀྱང་སྐྱེད་ཐུབ་པ་རེད།  ཆུ་ཕྱེ་རི་མོའི་འབྲི་ཐབས་ལ་སྐམ་བྲིས་དང་རློན་བྲིས་རིགས་གཉིས་ཡོད།  དེ་གཉིས་ཀྱིས་ཆུའི་སྤྱོད་ཚད་མི་གཅིག་པའི་ཐོག་ནས་མཐོང་ཆོས་མི་གཅིག་པ་གསར་གཏོད་བྱེད་ཐུབ་པ་རེད།  དཔེར་ན་འབྲི་ཐབས་གཉིས་ཀ་སྦྲགས་མར་སྤྱད་ཚེ་ཆུ་ཕྱེའི་གོ་བརྡ་སྤྲོད་ནུས་དེ་བས་ཆེ་བ་ཐོན་ཐུབ་པ་རེད།  ཆུ་ཕྱེ་རི་མོ་ཉིད་གཟུགས་འགོད་པའི་ལྟ་བའི་ཆ་ནས་བཤད་ན་ནུབ་ཕྱོགས་རི་མོའི་རྩ་ལག་གི་ཁོངས་ཡིན་པ་དང་།  དེས་གཟུགས་དབྱིབས་ཀྱི་གྲུབ་ཚུལ་དང་། ཡུལ་གྱི་ཟང་ཐལ། འོད་དང་མདོག་གི་འགྱུར་ལྡོག་བཅས་ལ་དོད་བྱེད་པས་དྲིལ་བསྒྲགས་རི་མོ་དང་།  ལོ་གསར་རི་མོ།  ཚོང་ལས་ཀྱི་བརྡ་ཁྱབ།  ལག་ཤེས་བཟོ་རྩལ།  དཔེ་རིས་ཇུས་འགོད་སོགས་ཀྱི་ཐད་དུ་རྒྱ་ཆེན་པོར་སྤྱོད་ཀྱི་ཡོད།  ཆུ་ཕྱེ་རི་མོའི་ཞན་ཆ་ནི་ཚོན་མདངས་སྣུམ་བྲལ་སྐྱ་ཤས་ཆེ་བ་དང་།  སྐམས་ནས་གོག་སླ་ལ་ཉར་ཚགས་བྱེད་མི་བདེ་བ་བཅས་ཡིན།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རི་མོ། ཆུ་ཕྱེ་རི་མོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།