ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >གློག་བརྙན།

བདེ་སྐྱིད་སྒོ་ཁར་ཡོང་དུས།

《བདེ་སྐྱིད་སྒོ་ཁར་ཡོང་དུས》ཞེས་པ་ནི་ཀཱ་པུ་རེའོ•མུའུ་ཁེ་ནོ་ཡིས་འཁྲབ་ཁྲིད་དང་ཝེའོ•སི་མེ་ཟི་ཡིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་འདི་ནི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་ཨ་རིའི་མི་ནག་དངུལ་གཏོང་ཆེད་མཁས་ཁུ་རུས་སུ་རྒ་རྡི་ན(Chris Gardener)ཞེས་པ་དེ་ཡིན། གློག་བརྙན་འདིའི་ཁྲོད་མ་རྩ་རྡིབ་ལ་ཉེ་བའི་ཁར། བཟའ་ཟླ་ཡང་ཁྱིམ་དང་བྲལ་ནས་སོང་ཤུལ་དུ། བུ་ཕྲུག་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་ཆེད་ཐབས་བརྒྱ་ཇུས་གཏོང་དང་དཀའ་སྤྱད་འབད་བརྩོན་སྒོས་སྤྱིར་བཏང་གི་ལས་མི་ཞིག་གི་ལས་ཀ་རག་ནས་རིམ་བཞིན་མཚན་སྙན་གྲགས་ཅན་གྱི་དངུལ་རྩ་གཏོང་མཁན་ཞིག་ཏུ་གྱུར་བའི་ཚུལ་བརྗོད་པའི་བློ་སྟོབས་བསྐྱེད་པའི་གཏམ་རྒྱུད་ཅིག་ཡིན། བོད་འགྱུར་མིང་།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཨ་རིའི་འདས་དོན།

《ཨ་རིའི་འདས་དོན》ནི་རའོ་པུ་ཐུ•ཏུ་ནེ་རའོ་ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་འདིའི་ཁྲོད་ཨ་རིའི་ཉིག་ཡོག་གི་ཡིའུ་ཐའེ་ཡི་སྡོད་ཁུལ་རྒྱབ་ལྗོངས་སུ་བྱས་ནས། མི་སྣ་གཙོ་བོ་ཐུག་པ་ཞེས་པ་གཞོན་ནུ་ཞིག་ནས་ནག་ཚོགས་ཀྱི་འགོ་གཙོ་ཞིག་ཏུ་གྱུར་བའི་བརྒྱུད་རིམ་བརྗོད་པའི་མཚུངས་སུ། དུས་རབས20པའི་ལོ་རབས20པ་ནས་ལོ་རབས60པའི་བར་གྱི་ཨ་རིའི་ནག་ཚོགས་ཀྱི་ལོ་རྒྱུས་བརྗོད་ཡོད། བོད་འགྱུར་མིང་། ཨ་རིའི་འདས་དོན། མ་བརྙན་མིང་། Once Upon a Time in America རྒྱ་འགྱུར་མིང་། 美国往事 རྒྱལ་ཁབ། དབྱི་ཐ་ལི། ཨ་རི། སྐད་རིགས། དབྱིན་སྐད། ཧྥ་རན་སེའི་སྐད། དབྱི་ཐ་ལིའི་སྐད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཐ་ཤལ་བ་ང་།

《ཐ་ཤལ་བ་ང》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཁུ་ལི་སི•ལའེ་ནོའུ་ཏི་དང་ཕེ་ཨའེ་ཨར•ཁུ་ཧྥུན་གཉིས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། ཧྲི་ཏེ་ཧྥུའུ•ཁཱ་རུའེ་ཨར། ཅེ་སེན•སའེ་ཀུ་ཨར་སོགས་ཀྱིས་སྐད་སྦྱོར་བྱས་པའི་སྤྲོ་གར་འགུལ་རིས་གློག་བརྙན་ཞིག་ཡིན། གློག་བརྙན་འདིའི་ནང་དུ་ཐ་ཤལ་བ་ཀུ་ལུའུ་ཟེར་བ་ཞིག་གིས་ནམ་མཁའི་ཟླ་བ་རྐུ་བའི་འཆར་འགོད་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། བོད་འགྱུར་མིང་། ཐ་ཤལ་བ་ང་། མ་བརྙན་མིང་། Despicable Me རྒྱ་འགྱུར་མིང་། 神偷奶爸/卑鄙的我 རྒྱལ་ཁབ། ཨ་རི།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཨའེ་མེ་ལི།

《ཨའེ་མེ་ལི》ཞེས་པའི་ཧྥ་རན་སིའི་བརྩེ་དུང་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་རང་ཕེ་ཨའེ་ཨར•རེ་ནེས་འཁྲབ་ཁྲིད་བྱས་ཤིང་། ཨོ་ཏའེ་ལི•ཐཱ་ཐོའུ་དང་མཱ་ཞིའུ•ཁཱ་སོའུ་ཝེ་ཚི། ཅཱ་མའེ་ཨར•ཏུའུ་པུའུ་ཚི། ཏོའུ་སྨི་ནེ་ཁུ•ཕེ་ནོའུ་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན། གློག་བརྙན་འདི་ནི་བརྩེ་དུང་གི་གཏམ་རྒྱུད་ཞིག་དང་མི་སེམས་ལ་ཡར་སྐུལ་བྱེད་པར་མ་ཟད། འཚོ་བར་མངར་ཁ་སྦྱིན་པའི་དྭངས་གཙང་གི་བྱིས་སྒྲུང་ཞིག་ཀྱང་རེད། བོད་འགྱུར་མིང་། ཨའེ་མེ་ལི། མ་བརྙན་མིང་། Le fabuleux destin d'Amélie Poulain ཕྱི་ཡིག་གི་མིང་།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

དཔའ་བོའི་ཆོད་སེམས།

《དཔའ་བོའི་ཆོད་སེམས》ཞེས་པའི་དམག་འཁྲུག་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་མའེ་ཨར•ཅི་པུའུ་སེན་གྱིས་འཁྲབ་ཁྲིད་བྱས་ཤིང་། མའེ་ཨར•ཅི་པུའུ་སེན་དང་སུའུ་ཧྥེ•མཱ་སོའུ། ཕཱ་ཐུ་ལི་ཁུ•མའེ་ཀའོ་ཧན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་དུས་རབས་བཅུ་གསུམ་ནས་བཅུ་བཞི་བར་གྱི་དབྱིན་ཀུ་ལན་གྱི་རྒྱལ་བོའི་ཕོ་བྲང་གི་ཆབ་སྲིད་རྒྱབ་ལྗོངས་དང་དམག་འཁྲུག་ལྟེ་བར་བཟུང་སྟེ། སུའུ་ཀུ་ལན་གྱི་འོས་ལངས་གཙོ་འཛིན་ཝེ་ལེན•ཧྭ་ལའེ་ཧྲི་ཡིས་དབྱིན་ཀུ་ལན་དབང་སྒྱུར་བྱེད་མཁན་ལ་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པའི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། དཔའ་བོའི་ཆོད་སེམས། མ་བརྙན་མིང་།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཚེ་སྲོག་གི་ལྗོན་པ།

《ཚེ་སྲོག་གི་ལྗོན་པ》ཞེས་པའི་དུང་བརྗོད་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཐའེ་ལུན་སི•མཱ་ལི་ཁུས་འཁྲབ་ཁྲིད་དང་། པུའུ་ལཱ་ཏུ•ཕེ་ཐུ་དང་ཞི་ཨུན•ཧྥན། ཅེ་ཞི་ཁཱ•ཁྲ་སི་ཐན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་སྤྱི་ལོ1950ལོའི་ལོ་མཇུག་ཏུ་བྱུང་བའི་གཏམ་རྒྱུད་དེ། མིང་ལ་ཅེ་ཁུ་ཟེར་ཞིང་ལོ་བཅུ་གཅིག་ལ་ལོན་པའི་ཨ་རིའི་ནུབ་མཐའི་གཞོན་ནུ་ཞིག་བྱིས་དུས་དང་ལང་ཚོ་རྒྱས་པའི་དུས་སྐབས་བརྒྱུད། ཅེ་ཁུས་མཐའ་མཇུག་ཚེ་སྲོག་གི་སྙིང་པོ་དངོས་སུ་རྟོགས་ཤིང་། དགའ་བ་དང་མཛེས་པ། ཡ་རབས་དང་ལུགས་མཐུན་གྱི་སྤྱོད་པའི་རྩ་བ་རྙེད་པ་སྟེ། དེ་དག་གི་ཡོད་ཚད་ནི་རང་ཁྱིམ་གྲུ་བཞི་འདི་ཡིན་པ་དང་། ཁོས་རང་ཁྱིམ་གྲུ་བཞི་དེ་ནས་འཇིག་རྟེན་གྱི་གནས་ལུགས་དང་རང་ཉིད་ཀྱི་རྩིས་ཐང་རྟོགས་པ་མ་ཟད། ད་དུང་མི་ཡུལ་ལ་བརྩེ་བ་ཇི་ལྟར་སྒོམ་དགོས་པའི་ངོས་ཟིན་ཀྱང་ཟབ་མོ་ཐོབ་པ་བརྗོད་ཡོད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

དྲག་རྩལ།

《དྲག་རྩལ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཀྲོའུ་ཞིན་ཁྲིས་འཁྲབ་ཁྲིད་བྱས་ཤིང་། གཙོ་འཁྲབ་པ་ནི་ཀྲོའུ་ཞིན་ཁྲི་དང་ཧོང་ཧྲིན་དབྱི། ཁྲེན་ཀོའུ་ཁུན། ཡོན་ཧྭ། ཡོན་ཆིའུ་སོགས་ཡིན། གློག་བརྙན་འདིའི་ནང་དུ་བྱས་རྗེས་གང་ཡང་མེད་པའི་འཁྱམ་པོ་ཞིག་དྲག་རྩལ་པ་ཞིག་ཏུ་འཕོ་འགྱུར་བྱུང་བའི་གཏམ་རྒྱུད་ཞིག་བརྗོད་ཡོད་ལ་རང་གཤིས་བཟང་བའི་མི་ངན་རུ་ཚོགས་ཀྱི་འཁྱམ་པོ་ཞིག་ལམ་དྲང་བོར་ཞུགས་པའི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། དྲག་རྩལ། མ་བརྙན་མིང་། Kung Fu Hustle རྒྱ་འགྱུར་མིང་། 功夫 རྒྱལ་ཁབ། ཀྲུང་གོ། སྐད་རིགས། རྒྱ་སྐད། འཁྲབ་ཁྲིད་པ། ཀྲོའུ་ཞིན་ཁྲི། གཙོ་འཁྲབ་པ། ཀྲོའུ་ཞིན་ཁྲི། ཧོང་ཧྲིན་དབྱི།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཡུའུ་ཅི་དང་གྱེས་པ།

《ཡུའུ་ཅི་དང་གྱེས་པ》ཞེས་པའི་གློག་བརྙན་འདི་ནི་ལི་པི་ཧྭས་ཁ་བྱང་གཅིག་པའི་བརྩམས་སྒྲུང་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཞིག་ཡིན། འཁྲབ་ཁྲིད་པ་ནི་ཁྲེན་ཁའེ་ཀུ་དང་། ཀྲང་ཀོའུ་རུང་དང་ཀུང་ལི། ཀྲང་ཧྥུན་དབྱི། ཀུ་ཡོའུ། དབྱིན་ཏཱ། ལེ་ཧན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་འཇིགས་སྐྲག་དང་དཀའ་སྡུག་གི་ཁྲོད་དུ་མིའི་རང་བཞིན་ལ་ངོས་འཛིན་གསར་དུ་བྱས་ཏེ། ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཐོག་བྱུང་བའི་སྲིད་འགྱུར་གྱི་དུས་རིམ་མི་འདྲ་བ་གསུམ་ནང་ཟློས་གར་འཁྲབ་མཁན་གཉིས་དང་བུད་མེད་ཅིག་གི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཕལ་བའི་མི་ཚེ།

《ཕལ་བའི་མི་ཚེ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཞུའུ་ཨན་ཧྭ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཡེ་ཏུ་ཞན་དང་ལིའུ་ཏུ་ཧྭ་སོགས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་ཡིན། གློག་བརྙན་ནི་མིའི་མིང་དེ་བརྙན་མིང་ལ་བཏགས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་དུ་ཁྱིམ་ཆེན་ཞིག་གི་སྐུ་སྲས་ལོའུ་ཅེ་ཞེས་པ་དེ་དང་ཁོ་རང་ཆུང་ངུ་དུས་ནས་གཉོར་སྐྱོང་བྱེད་མྱོང་མཁན་གྱི་ཁྱིམ་གཡོག་མ་ཐའོ་ཅེ་གཉིས་ཀྱི་བར་ལ་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། བོད་འགྱུར་མིང་། ཕལ་བའི་མི་ཚེ། མ་བརྙན་མིང་། 桃姐 ཕྱི་ཡིག་གི་མིང་། A Simple Life / Sister Peach / Tao Jie རྒྱལ་ཁབ། ཀྲུང་གོ། སྐད་རིགས། རྒྱ་སྐད། འཁྲབ་ཁྲིད་པ། ཞུའུ་ཨན་ཧྭ། གཙོ་འཁྲབ་པ། ཡེ་ཏུ་ཞན། ལིའུ་ཏུ་ཧྭ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ལུང་གཞུང་དམར་པོ།

《ལུང་གཞུང་དམར་པོ》ཞེས་པའི་འདི་ནི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཏའེ་ཝེས་འཁྲབ་ཁྲིད་བྱས་ཤིང་། ཅང་ཧྲི་ཀྲེན་དང་རིན་ཆེན་དོན་གྲུབ་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན། གློག་བརྙན་འདིར་མདོ་དབུས་མཐོ་སྒང་སྟེང་བྱུང་བའི་ངོ་མཚར་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། ལུང་གཞུང་དམར་པོ། ཕྱི་ཡིག་གི་མིང་། Red River Valley རྒྱ་འགྱུར་མིང་། 红河谷 རྒྱལ་ཁབ། ཀྲུང་གོ། སྐད་རིགས། རྒྱ་སྐད། བོད་སྐད། དབྱིན་སྐད། འཁྲབ་ཁྲིད་པ། ཧྥེང་ཞའོ་ཉིང་། གཙོ་འཁྲབ་པ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

འབྲོག་ཁྱི་རྡོ་རྗེ།

《འབྲོག་ཁྱི་རྡོ་རྗེ》ཞེས་པ་འདི་ནི་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་ཆེས་ཐོག་མར་མཉམ་འབྲེལ་ཕབ་སྐྲུན་བྱས་པའི་འགུལ་རིས་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་རྩོམ་པ་པོ་དབྱང་ཀྲི་ཅུན་གྱི་སྒྲུང་རིང《འབྲོག་ཁྱི》ཞེས་པ་བཅོས་སྒྲིག་བྱས་པ་དང་། འཁྲབ་ཁྲིད་པ་ཞའོ་ཏའོ་ཀྲེང་ཞིང་གིས་འཁྲབ་ཁྲིད་བྱས་ཤིང་། ལིའུ་ཅིང་ལུའོ་དང་ཨ་ལན་ཟླ་བ་སྒྲོལ་མ། ཞུའུ་ཐའོ། མང་ལའེ། ཀྲའོ་ལིན། ཀྲོའུ་ཀྲི་ཆང་སོགས་ཀྱིས་སྐད་སྦྱོར་བྱས་པ་ཞིག་ཡིན། གློག་བརྙན་འདིའི་ནང་དུ་བོད་ལྗོངས་རྩྭ་ཐང་སྟེང་གི་རྒྱ་རིགས་གཞོན་ནུ་ཞིག་དང་བློ་དཀར་གཞུང་དྲང་ལྡན་ལ་དཔའ་ངར་ཆེ་བའི་འབྲོག་ཁྱི་གཉིས་བར་དུ་བྱུང་བའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཨོ་སི་ཁ་གསེར་རྟགས།

འཛམ་གླིང་རྒྱལ་ཁབ་ཁག་གིས་བཙུགས་པའི་གློག་བརྙན་བྱ་དགའི་ཁྲོད་དུ་ཨ་རིའི་ཨོ་སི་ཁ་གསེར་རྟགས་ནི་ཤུགས་རྐྱེན་ཆེ་ཤོས་ཡིན། དེ་ཉིད་ལོ་རྒྱུས་རིང་ལ་གཞི་རྒྱ་ཆེ་བ་དང་། ཨ་རིའི་གློག་བརྙན་གྱི་འཕེལ་རིམ་དང་གྲུབ་འབྲས་མཚོན་ཡོད་པས་མི་ཚད་རྒྱལ་ཁབ་གཞན་དག་གི་གློག་བརྙན་སྒྱུ་རྩལ་གྱི་ཐོན་སྐྱེད་ལ་ཡང་ཤུགས་རྐྱེན་ཆེན་པོ་ཞུགས་ཡོད། རྒྱ་ཡིག་གི་མིང་། 奥斯卡金像奖 ཕྱི་ཡིག་གི་མིང་། Academy Award འགོ་ཚུགས་དུས། སྤྱི་ལོ1929ལོ། སྡེ་ཁག ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་། དྲ་ཚིགས། http://oscars.org/ ངོ་སྤྲོད། འཛམ་གླིང་རྒྱལ་ཁབ་ཁག་གིས་བཙུགས་པའི་གློག་བརྙན་བྱ་དགའི་ཁྲོད་དུ་ཨ་རིའི་ཨོ་སི་ཁ་གསེར་རྟགས་ནི་ཤུགས་རྐྱེན་ཆེ་ཤོས་ཡིན། དེ་ཉིད་ལོ་རྒྱུས་རིང་ལ་གཞི་རྒྱ་ཆེ་བ་དང་།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

འཇིགས་རུང་གློག་བརྙན།

ལྟ་མཁན་གྱི་སེམས་ལ་འཇིགས་སྣང་སྐུལ་བའམ་འཇིགས་སྐྲག་གི་རྣམ་པས་ཁེངས་པར་བྱེད་པའི་གློག་བརྙན་གྱི་རིགས་ལ་ཟེར། རྒྱ་ཡིག་གི་མིང་། 恐怖片 ཕྱི་ཡིག་གི་མིང་། science fiction film ངོ་སྤྲོད། ལྟ་མཁན་གྱི་སེམས་ལ་འཇིགས་སྣང་སྐུལ་བའམ་འཇིགས་སྐྲག་གི་རྣམ་པས་ཁེངས་པར་བྱེད་པའི་གློག་བརྙན་གྱི་རིགས་ལ་ཟེར། ལྟ་མཁན་ལ་འཇིགས་སྐྲག་གི་སྣང་བརྙན་གསར་བཞེངས་བྱ་རྒྱུ་གཙོ་བོར་དམིགས་པའི་གློག་བརྙན་གྱི་རིགས་ཤིག་གོ། །ནང་དོན་གཙོ་བོ་ནི་ཧམ་ཆེན་སངས་ནས་འཇིགས་སྐུལ་བསླངས་པ། གདོན་བགེགས་འགལ་རྐྱེན་ཞིབ་འབྲི་བྱས་པ་བརྒྱུད་ནས་སྲོག་ཆགས་གཏུམ་དྲག་ཅན་གྱིས་མི་སོགས་ཟ་བ་བརྙན་དུ་ཕབ་པ་དང།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ངང་པ་ནག་པོ།

《ངང་པ་ནག་པོ》ནི2010ལོར་ཏའེ་རོན་ཨེ་རོ་ནོབ་སི་ཁེ་ཡིས་འཁྲབ་ཁྲིད་བྱས་པའི་ཨ་རིའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིའི་ཁྲོད་ན་ཚོད་གཞོན་པའི་པཱ་ལེ་གར་མཁན་ཞིག་གིས་པཱ་ལེའི་གར་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་འདེགས་པར་དཀའ་བའི་སེམས་ཚོར་ལྕི་མོ་ཁུར་གྱིས་མ་བཟོད་པར། མཇུག་མཐར་མི་ཚེ་རྨེག་མེད་ཀྱི་ལམ་བུའི་སྟེང་ཕྱོགས་པའི་བྲེད་ཤ་སློང་པའི་གཏམ་རྒྱུད་ཅིག་ཡིན། བོད་འགྱུར་མིང་། ངང་པ་ནག་པོ། མ་བརྙན་མིང་། Black Swan རྒྱ་འགྱུར་མིང་། 黑天鹅 རྒྱལ་ཁབ། ཨ་རི། སྐད་རིགས། དབྱིན་སྐད། ཧྥ་རན་སེའི་སྐད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

རོམ་གྲོང་གི་གུང་གསེང་།

《རོམ་གྲོང་གི་གུང་གསེང》ནི1953ལོར་ཨ་རིའི་ཕའེ་རཱ་མིན་ཀུང་ཟིས་ཕབ་བསྐྲུན་བྱས་པའི་དུངས་བརྗོད་གློག་བརྙན་ཞིག་ཡིན་ཏེ། འདིའི་ཁྲོད་ཡོ་རོབ་གླིང་གི་རྒྱལ་ཁབ་ག་གེ་མོའི་སྲས་མོ་ཞིག་དང་ཨ་རིའི་གསར་འགོད་པ་ཞིག་དབྱི་ཐ་ལིའི་རོ་མ་ནས་ཉིན་གཅིག་གི་རིང་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད། བོད་འགྱུར་མིང་། རོམ་གྲོང་གི་གུང་གསེང་། མ་བརྙན་མིང་། Roman Holiday རྒྱ་འགྱུར་མིང་། 罗马假日 རྒྱལ་ཁབ། ཨ་རི། སྐད་རིགས། དབྱིན་སྐད། དབྱི་ཐ་ལིའི་སྐད། འཁྲབ་ཁྲིད་པ། ཝེ་ལན•ཧུད་ལེ།(William Wyler) གཙོ་འཁྲབ་པ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

གཟུགས་འགྱུར་རྡོ་རྗེ།

《གཟུགས་འགྱུར་རྡོ་རྗེ》ཞེས་པའི་ཨ་རིའི་ཚན་འཕྲུལ་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་མའེ་ཁུ་ཨར•པེ་ཡིན་པ་དང་། གཙོ་འཁྲབ་པ་ནི་ཞི་ཡཱ•ལཱ་པའོ་ཧྥུའུ་དང་མའེ་ཀེན•ཧྥོ་ཁུ་སི། ཆའོ་ཧྲེན•ཏའོ་ཧཱ་མིན་སོགས་ཡིན། གློག་བརྙན་འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ཨ་རིའི་བྱིས་པའི་རྩེད་ཆས་ཀུང་སི་ཞིག་གི་འགྲེམས་སྤེལ་བྱས་པའི་གཟུགས་འགྱུར་རྡོ་རྗེའི་འགུལ་རིས་དང་རྩེད་ཆས་སོགས་རྨང་གཞིར་བྱས་ནས་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན། བོད་འགྱུར་མིང་། གཟུགས་འགྱུར་རྡོ་རྗེ། མ་བརྙན་མིང་། Transformers རྒྱ་འགྱུར་མིང་། 变形金刚 རྒྱལ་ཁབ། ཨ་རི། སྐད་རིགས། དབྱིན་སྐད། སི་ཕེན་སྐད། འཁྲབ་ཁྲིད་པ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

སཾ་ས་ར།

《སཾ་ས་ར》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་པིང་ནཱ་ལུན་གྱིས་འཁྲབ་ཁྲིད་བྱས་ཤིང་། སྐལ་བཟང་དང་ཀྲུང་ལེ་ཐིང་སོགས་ཀྱིས་གཙོ་འཁྲབ་བྱས་པའི་བརྩེ་དུང་གློག་བརྙན་ཞིག་ཡིན། གློག་བརྙན་འདིའི་ནང་དུ་ཞིང་གྲོང་གི་བུ་མོ་པདྨ་དང་གྲྭ་བ་བཀྲ་ཤིས་གཉིས་བར་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་དེ། འདུལ་ཁྲིམས་ཀྱི་བཅས་པ་དང་མིའི་གཉུག་གཤིས་སུ་སྤྲིས་མ་ལྟར་ཆགས་ཡོད་པའི་འདོད་པ་གཉིས་ཀྱི་གདོང་ཐུག་ཁྲོད། ཁོས་མཉམ་མེད་སྟོན་པ་རིན་པོ་ཆེ་འཚང་མ་རྒྱ་བའི་སྔོན་གྱི་མི་ཚེ་ལ་བསྐྱར་ཏུ་བསམ་གཞིགས་བཏང་ཞིང་། མཐར་རྒྱུད་ཀྱི་ཉོན་མོངས་དེ་གཡག་རྔ་ལྟར་བསྲུང་དགོས་པའི་སྡོམ་ཁྲིམས་དོར་ཏེ་པདྨ་དང་འགྲོགས། གཉེན་བསྒྲིགས་བྱས། བུ་ཕྲུག་བསྐྱེད། འཚོ་ཚིས་ལ་འབུངས།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

དྲག་རྩལ་མཁན་པོ་དོམ་ཁྲ།

《དྲག་རྩལ་མཁན་པོ་དོམ་ཁྲ》ཞེས་པའི་གློག་བརྙན་འདི་ནི་ཀྲུང་གོའི་དྲག་རྩལ་བརྗོད་གཞི་བྱས་པའི་ཨ་རིའི་དྲག་རྩལ་སྤྲོ་གར་གློག་བརྙན་ཞིག་ཡིན། འཁྲབ་ཁྲིད་པ་མཱ་ཁུ•ཨོ་སི་པུན་དང་ཡུའེ་ཧན•སི་ཏེ་ཝུན་སེན་གཉིས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། ཅེ་ཁུ•པུའུ་ལའེ་ཁུ་དང་ཏཱ་སི་ཏེང•ཧོའུ་ཧྥུའུ་མན། ཁྲེང་ལུང་། ཨན་ཅི་ལི་ནཱ•ཀྲུའུ་ལི། ལིའུ་ཡུའུ་ལིན། སའེ་སི•ལོའུ་ཀེན། ཏའེ་ཝེ•ཁུ་ལོའུ་སུའུ་སོགས་ཀྱིས་སྐད་སྦྱོར་བྱས་པ་ཡིན། གློག་བརྙན་འདིའི་ཀྲུང་གོའི་གནའ་རབས་རྒྱལ་ལྗོངས་སུ་བྱས་ཏེ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

བང་རྩལ།

《བང་རྩལ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཅཱ་ལི•ལུའོ་སིས་འཁྲབ་ཁྲིད་བྱས་ཤིང་། ཐུའོ་པི•མཱ་ཀེ་ཨར། ཅི་ཧྥུའུ•པུའུ་ལི་ཅི་སི། ཁུ་ལི་སི•ཁུའུ་པོ་སོགས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན། འདི་ནི་ཡར་སྐུལ་རིགས་ཀྱི་གློག་བརྙན་ཞིག་རེད་ལ་གཏམ་རྒྱུད་དངོས་ཤིག་ཀྱང་ཡིན་ཏེ། དུས་རབས་གོང་མའི་ལོ་རབས30བའི་ནང་གི་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཆེན་མོའི་དུས་སྐབས་སུ་བྱུང་བའི་གཏམ་རྒྱུད་དངོས་མ་ཞིག་ཁུངས་སྣེ་བྱས་ཏེ་བཅོས་པ་ཞིག་ཡིན་ལ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

སོར་གདུབ་རྒྱལ་པོ།

《སོར་གདུབ་རྒྱལ་པོ(སོར་གདུབ་བྱ་ར་བ)》ནིJ•R•Rཐོར་ཅིན་གྱི་སྒྱུ་འཕྲུལ་བརྩམས་སྒྲུང་ལས་སྒྱུར་སྒྲིག་བྱས་པ་ཡིན་ལ།《སོར་གདུབ་རྒྱལ་པོའི་གློག་བརྙན་གསུམ》ཞེས་པའི་མུ་འབྲེལ་གློག་བརྙན་གྲས་ཀྱི་ཁག་དང་པོ་ཡིན། གློག་བརྙན་འདིའི་ཁྲོད་གནའ་བོའི་དུས་རབས་བར་མའི་སྐབས་སུ་ཧྥུ་རོ་དྷོ་ཞེས་པ་ཁོང་གི་གྲོགས་མཆོག་རྣམས་དང་ལྷན་ཅིག་ཏུ་སོར་གདུབ་བརླག་པའི་ལམ་ལ་བཞུད་པའི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། སོར་གདུབ་རྒྱལ་པོ(སོར་གདུབ་བྱ་ར་བ)། མ་བརྙན་མིང་། The Lord of the Rings: The Fellowship of the Ring རྒྱ་འགྱུར་མིང་། 指环王:护戒使者 རྒྱལ་ཁབ། ཨ་རི། ནིའུ་ཟེ་ལན། སྐད་རིགས།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

དངོས་ཟིན་གློག་བརྙན།

བྱ་དངོས་གང་ཞིག་གི་དངོས་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད་པའི་གློག་བརྙན་གྱི་རིགས་ཤིག་གོ། ། རྒྱ་ཡིག་གི་མིང་། 纪录片 ཕྱི་ཡིག་གི་མིང་། documentary ངོ་སྤྲོད། བྱ་དངོས་གང་ཞིག་གི་དངོས་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད་པའི་གློག་བརྙན་གྱི་རིགས་ཤིག་གོ། །གློག་བརྙན་གྱི་དབུ་ཐོག་མར་དངོས་ཟིན་གློག་བརྙན་གྱི་གསར་རྩོམ་ལས་འགོ་བརྩམས་པ་དང་། དངོས་ཟིན་གློག་བརྙན་གྱི་སྲོག་ཤིང་ནི་དོན་དངོས་ཀྱི་བྱུང་བ་བརྗོད་པ་ཞིག་ཡིན་དགོས། དཔེར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས་འཆར་འགོད་བྱས་ཟིན་པའི་དངོས་ཟིན་གློག་བརྙན《ལྷ་སར་འགྲོ་བའི་ལམ་དུ》ཞེས་པ་ལྟ་བུ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ང་སུ་རེད།

《ང་སུ་རེད》ཞེས་པའི་གློག་བརྙན་འདི་ནི་ཁྲེན་མུའུ་ཧྲེང་དང་ཁྲེང་ལུང་གིས་འཁྲབ་ཁྲིད་པའི་འགན་ཁུར་བའི་ཞང་ཀང་གི་དྲག་རྩལ་གློག་བརྙན་ཞིག་ཡིན་ལ། དེ་ནི་ཁྲེང་ལུང་དང་ཧྥ་ལཱ་མེ་སུའེ། ཧྲན་པུན་ཝེ་ལའེ་སོགས་ཀྱིས་གཙོ་འཁྲབ་བྱས། གློག་བརྙན་འདི་ནི་སྤྱི་ལོ1998ལོའི་ལུགས་རྙིང་གི་ལོ་གསར་ལ་བསྟན། འདིའི་ནང་དུ་ཀྲུང་དབྱང་གསང་འཕྲིན་ཁང་གིས“བདུད་རྡོ”སྒེར་འཛིན་བྱེད་པའི་ཆེད་དུ། ཁྱད་འཕགས་འཇབ་རྒོལ་རུ་ཁག་གི་ཁོངས་མི་ཅེ་ཁུ་སོགས་མི9ལྷོ་ཨ་ཧྥེ་རུ་ཁར་མངགས།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ལས་བསྐོས་གཏན་གྲོགས།

《ལས་བསྐོས་གཏན་གྲོགས》ཞེས་པའི་གློག་བརྙན་འདི་ནི་སྤྱི་ལོ2008ལོར་འཁྲབ་ཁྲིད་པ་ཨ་ཏེ་ཐུ་ཡཱ•ཆིའུ་ཕུའུ་ལཱས་འཁྲབ་ཁྲིད་བྱས་ཤིང་། ཧྲ་ལུའུ་ཁུ•ཧན་དང་ཨན་ནུའུ་ཧྲུའུ་ཁཱ•ཧྲ་མཱ་སོགས་ཀྱིས་གཙོ་འཁྲབ་བྱས་པའི་བརྩེ་དུང་གློག་བརྙན་ཞིག་ཡིན་པ་དང་། གློག་བརྙན་འདི་ལས་སན་རུའུ་དྭ་ཁོ་རང་ཐེངས་ཤིག་ལ། དགེ་རྒན་གྱི་བུ་མོ་ཐཱ་ནེའི་གཉེན་སྒྲིག་མཛད་སྒོའི་སྟེང་བྱུང་བའི་ངོ་མཚར་བའི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། ལས་བསྐོས་གཏན་གྲོགས། མ་བརྙན་མིང་། Rab Ne Bana

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

ཕྱི་རབས་པ།

《ཕྱི་རབས་པ》ཞེས་པའི་གློག་བརྙན་འདི་ནི་བུད་མེད་རྩོམ་པ་པོ་ཁའེ•ཧཱ་ཐུ•ཧུ་མིང་སི་ཡིས་བརྩམས་སྒྲུང་བཅོས་སྒྲིག་བྱས་ཏེ་གློག་བརྙན་དུ་ཕབ་སྐྲུན་བྱས་པ་དང་། འཁྲབ་ཁྲིད་པ་ནི་ཡཱ་ལི་ཧྲན་ཏཱ•ཕེ་ཨུན་ཡིན། ཆའོ་ཀྲི•ཁུ་ལུའུ་ནེ་དང་ཞེ་ལིན•ཝུའུ་ཏུ་ལེ། ཨ་མཱ་ལཱ•སྨི་ལུ། པོ•པུའུ་ལི་ཅི་སི་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་མི་སྣའི་བརྩེ་སེམས་ཀྱི་བར་ཆད་ཞིབ་འབྲི་བྱས་པ་བརྒྱུད་ཁྱིམ་ཚང་ཞིག་འགོ་བཙུགས་པ་ནས་ཁ་ཐོར་དུ་སོང་བ་དང་སླར་ཡང་ཐོག་མའི་ཞི་འཇགས་ཀྱི་འཚོ་བ་བསྐྱར་དུ་རོལ་བའི་བརྒྱུད་རིམ་བཀོད་ཡོད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

སྒྱུ་རྩལ་པ།

《སྒྱུ་རྩལ་པ》ཞེས་པའི་ཧྥ་རན་སིའི་མཚོན་མེད་དམ་སྒྲ་མེད་དུང་བརྗོད་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་མའེ་ཁུ་ཨར•ཧཱ་ཀྲ་ནཱ་ཝེ་ཞི་ཝུའུ་སིས་འཁྲབ་ཁྲིད་བྱས་ཤིང་། རང•ཏུའུ་ཡཱ་ཨར་ཏན་དང་པེ་རེ་ནེ་སི•པེ་ཆའོ། ཁྱི་ཕྲུག་ཝུའུ་ཅི་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གཏམ་རྒྱུད་འདི་ནི་སྤྱི་ལོ1927ལོ་ནས་སྤྱི་ལོ1932བར་ཧའོ་ལའེ་ཝུའུ་ས་ཆར་བྱུང་བའི་ཁ་ལས་རླུང་རྟ་ཉམས་བཞིན་པའི་འཁྲབ་སྟོན་པ་ཕོ་དང་མཚན་དང་སྙན་གྲགས་རྒྱས་བཞིན་པའི་འཁྲབ་སྟོན་པ་མོ་གཉིས་བར་གྱི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད། བོད་འགྱུར་མིང་། སྒྱུ་རྩལ་པ། མ་བརྙན་མིང་། The Artist རྒྱ་འགྱུར་མིང་། 艺术家 རྒྱལ་ཁབ། ཧྥ་རན་སི། སྐད་རིགས། དབྱིན་སྐད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

གཏམ་བརྗོད་ཐུང་ངུ་།

གཏམ་བརྗོད་ཐུང་ངུ་ཞེས་པ་ནི་འཁྲབ་ཚན་རྐྱང་པའི་ཟློས་གར་ལས་ཁུ་བསྡུས་པ་དང་འཁྲུག་ཆ་དོད་པའི་ཟློས་གར་ཐུང་ངུ་ཞིག་ཡིན། རྒྱ་ཡིག་གི་མིང་། 戏剧小品 ངོ་སྤྲོད། གཏམ་བརྗོད་ཐུང་ངུ་ཞེས་པ་ནི་དང་ཐོག་སྒྱུ་རྩལ་སློབ་གླིང་གི་སློབ་མས་འཁྲབ་སྦྱོང་བྱེད་པའི་སློབ་ཚན་ཞིག་ཡིན།  སློབ་མ་ཚོས་འཁྲབ་གཞུང་རྩོམ་པ་དང་འཁྲབ་ཁྲིད།  འཁྲབ་སྟོན་བཅས་ལ་མི་གཅིག་གམ་མི་ཁག་ཅིག་གིས་མཉམ་དུ་ལེགས་གྲུབ་བྱ་རྒྱུའི་བླང་བྱ་འདོན་གྱི་ཡོད།  གཏམ་བརྗོད་ཐུང་ངུ་ནི་འཁྲབ་ཚན་རྐྱང་པའི་ཟློས་གར་ལས་ཁུ་བསྡུས་པ་དང་འཁྲུག་ཆ་དོད་པའི་ཟློས་གར་ཐུང་ངུ་ཞིག་ཡིན།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

《འཛམ་གླིང་ཡང་རྩེ》

《འཛམ་གླིང་ཡང་རྩེ》ཞེས་པའི་དངོས་ཞུས་གློག་བརྙན་ཆེ་གྲས་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་། པེ་ཅིན་ཝུའུ་ཞིན་ཁྲོན་ཆི་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་སི་ཡིས་མཉམ་འབྲེལ་སྒོས་བཟོས་པ་ཞིག་ཡིན། འཁྲབ་ཁྲིད་པ་པ་ནི་ཚེང་ཧའེ་རོའུ་ཡིན། གློག་བརྙན་འདིའི་ནང་ཕྱོགས་ཡོངས་ནས་མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཆེན་མོ་གཉིས་འཆམ་མཐུན་མཉམ་གནས་བྱས་ཡོད་པ་བརྗོད་ཡོད། མ་བརྙན་གྱི་མིང་། 第三极 བོད་འགྱུར་མིང་།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

རིགས་འཛོམས་ལེ་ཚན།

ཕྱོགས་བསྡུས་སྒྱུ་རྩལ་རང་བཞིན་གྱི་བརྙན་འཕྲིན་ལེ་ཚན་གྱི་རྣམ་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 综艺节目 ཕྱི་ཡིག་གི་མིང་། Variety show ངོ་སྤྲོད། རིགས་འཛོམས་ལེ་ཚན་ནི། ཕྱོགས་བསྡུས་སྒྱུ་རྩལ་རང་བཞིན་གྱི་བརྙན་འཕྲིན་ལེ་ཚན་གྱི་རྣམ་པ་ཞིག་ཡིན།  མི་རྣམས་ལ་སྤྲོ་སྣང་ཆེན་པོ་སྦྱིན་པ་དང་། རོལ་རྩེད་རང་བཞིན་གྱི་ལེ་ཚན་ཞིག་སྟེ། དཔེར་ན། སྤྱི་ལོ2004ལོར་ལྷོ་ཁོ་རེ་ཡ་རྒྱལ་ཁབ་མདོ་འཛིན་པ་ཅཱང་ཧོ་ཏུང་ནས་སྙན་སྒྲོན་བྱས་པའི་《བརྩེ་འཕྲིན》ལྟ་བུ། འཕེལ་རྒྱས་གནས་ཚུལ།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

དབྱངས་ཀྱི་འགྱུར་ཁུགས།

《དབྱངས་ཀྱི་འགྱུར་ཁུགས》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ལོའུ་པོ་ཐུ•ཧོའེ་སིས་འཁྲབ་ཁྲིད་བྱས་ཤིང་། ཀྲུའུ་ལི•ཨན་ཏུ་ལུའུ་སི་དང་ཁུ་ལི་སི་ཐོའུ་ཧྥོ•ཕུའུ་ལུའུ་མོ། ལི་ཁྲ་ཏུ•ཧའེ་ཏུན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་ལོ་ན་གཞོན་པའི་དགེ་སྒྲུབ་མ་མཱ་ལི་ཡཱ་བྱིས་པ་བདུན་ཡོད་སའི་གྲུ་དཔོན་ཞིག་གི་ཁྱིམ་ཚང་དུ་དགེ་རྒན་བྱས་ནས། བྱིས་པ་ཚོ་དང་གྲུ་དཔོན་རྣམས་ཀྱིས་དགའ་ཞེན་ཐོབ། སྐབས་འདིར་འཇར་མན་གྱིས་ཨོ་སི་ཁྲུ་རི་ཡ་བཙན་བཟུང་བྱས་ཏེ་ཁོ་ཚོ་འཚོ་བའི་དཀའ་ངལ་མང་པོར་འཕྲད་པས། ཁོ་ཚོས་སྙན་པའི་གླུ་དབྱངས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་གཞན་ཡུལ་དུ་བྱོལ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་བརྗོད་ཡོད།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།

བུ་མོ་ཆན་ཞུན་གྱི་འགྲུལ་བཞུད།

《བུ་མོ་ཆན་ཞུན་གྱི་འགྲུལ་བཞུད》ཞེས་པའི་གློག་བརྙན་ནི་འཁྲབ་ཁྲིད་པ་ཀུང་ཆི་ཅུན་གྱིས་འཁྲབ་ཁྲིད་གནང་བའི་ཉི་ཧོང་གི་འགུལ་རིས་གློག་བརྙན་ཞིག་ཡིན། གཙོ་འཁྲབ་པ་ནི་ཀྲུང་ལིའུ་མེ་དང་རུའུ་ཡེ་ཙི་ཡོའུ་གཉིས་ཡིན། གློག་བརྙན་འདིའི་ནང་དུ་གཞོན་ནུ་མ་ཆན་ཞུན་ཁོ་ཚང་གི་ཁྱིམ་གཞི་གནས་སྤོར་བའི་ལམ་བར་དུ་བྱུང་བའི་ཁྱད་མཚར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། བོད་འགྱུར་མིང་། བུ་མོ་ཆན་ཞུན་གྱི་འགྲུལ་བཞུད། མ་བརྙན་མིང་། 千と千尋の神隠し ཕྱི་ཡིག་གི་མིང་། Spirited Away རྒྱ་འགྱུར་མིང་། 千与千寻 རྒྱལ་ཁབ། ཉི་ཧོང་། སྐད་རིགས། ཉི་ཧོང་སྐད། འཁྲབ་ཁྲིད་པ། ཀུང་ཆི་ཅུན།

རིགས་དབྱེ།   སྒྱུ་རྩལ།གློག་བརྙན།