གཟུགས་འགྱུར་རྡོ་རྗེ་ཁག་བཞི་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟུགས་འགྱུར་རྡོ་རྗེ་ཁག་བཞི་པ།
《གཟུགས་འགྱུར་རྡོ་རྗེ་ཁག་བཞི་པ》ནི་མེ་ཁོ•བྷེ་ཡིས་འཁྲབ་ཁྲིད་བྱས་པའི་འཆར་ཡན་གློག་བརྙན་ཞིག་ཡིན་ཏེ། གློག་བརྙན་འདིའི་ཁྲོད་རླངས་འཁོར་མི་རབས་དང་བོ་དབུ་ཁྲིད་མཛད་མཁན་ཏེ་གནམ་འདེགས་ཀ་བས་མིའི་རིགས་ལ་རོགས་བགྱིས་ནས་སྟག་སྐོར་ནག་པོ་མཐར་བསྐྲད་པའི་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
གཟུགས་འགྱུར་རྡོ་རྗེ་ཁག་བཞི་པ།
མ་བརྙན་མིང་།
Transformers: Age of Extinction
རྒྱ་འགྱུར་མིང་།
变形金刚4:绝迹重生
རྒྱལ་ཁབ།
ཨ་མེ་རི་ཁ།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
མེ་ཁོ•བྷེ།(Michael Bay)
གཙོ་འཁྲབ་པ།
མཱ་ཨར་ཁི•བོར་བྷར་གྷི།( Mark Wahlberg) ནེ་ཁོ་ལ•ཕེའོ་ཚི། (Nicola Peltz) ལྗེ་ཁི•རེའི་ནོ་ཨོར (Jack Reynor) སོགས།
འགྲེམ་དུས།
2014-6-27
ཡུན་ཚད།
སྐར་མ166།
བརྙན་རིགས།
དྲག་རྩལ། འཆར་ཡན། ཉེན་མཆོང་།
1 བྱུང་རིམ།

འཛམ་གླིང་གི་སྐྱེ་བོ་ཡོངས་ཀྱི་ཡིད་མཚོ་ཅིག་ཅར་དུ་བསྐྱོམས་པའི་“ཁྲིས་ཁས་གྷོའི་གཡུལ་འགྱེད”(Chicago)ཀྱི་ལོ་ངོ་བཞིའི་རྗེས་སུ། འཕྲུལ་མི་རླངས་འཁོར་མི་དང་སྟག་སྐོར་ནག་པོའི་(Decepticon)ཚོགས་དག་སའི་གོ་ལའི་སྟེང་ནས་གར་སོང་ཆ་མེད་དུ་གྱུར་ལ། འཆི་བདག་གི་ཞགས་འོག་ནས་ཐར་བའི་མིའི་རིགས་ཀྱིས་ཀྱང་འཚོ་བ་གསར་བ་ཞིག་གི་མགོ་བརྩམས། ཁས་ལྡི་ཡིས་གྷིརCade Yeager(མཱ་ཨར་ཁི་བོར་བྷར་གྷིས་འཁྲབ།)རང་གི་དགའ་རོགས་དང་འཐོར་མོད། རང་གི་བུ་མོ་ཐས་ཟ་ཡིས་གྷིརTessa Yeager(ནེ་ཁོ་ལ་ཕེའོ་ཚི་ཡིས་འཁྲབ།)དང་ལྷན་དུ་འཚོ་བ་རོལ་ནས་བསྡད་ཡོད། བུ་མོ་ཐས་ཟ་ལང་ཚོ་དར་ལ་བབས་པ་དང་བསྟུན་ནས་ཨ་ཕ་དང་རྒྱང་དུ་གྱེས་པ་མ་ཟད། རང་གི་ཨ་ཕར་ཕྲལ་ན་རང་ཉིད་ཀྱི་བརྩེ་དུང་རུམ་སའི་པང་ཁུག་དྲོན་མོ་ཞིག་འཚོལ་བར་བྲེལ་ཞིང་བྲེལ་བར་མཆིས། ལོ་ཡི་ཉག་མ་མང་བོའི་རིང་གནའ་རྫས་ལ་ཞེན་ཆགས་པའི་ཁས་ལྡིས་སྟབས་འགྲིག་ནས་དབང་བོ་ཤོར་བའི་གནམ་འདེགས་ཀ་བ་“ཉར་གསོ་”བྱས་ཤིང་། དབང་ཆ་ཅན་གྱི་ཚོང་བ་ཁ་ཤས་ཀྱིས་སྐྱེས་སྟོབས་ཀྱི་ཤེས་རབ་ཅན་གྱི་ཚན་རིག་པར་མཉམ་འབྲེལ་བགྱིས་ཏེ། གདུག་རྩུབ་ཆེ་བའི་ཚུར་རྒོལ་མང་པོར་བརྒྱུད་དེ། སའི་གོ་ལའི་སྟེང་གི་ལག་རྩལ་གྱི་གྱང་གོག་གཏོར་བའི་སྟ་གོན་བྱས་ཤིང་། མིའི་རིགས་ཀྱིས་ཁ་ལོ་བསྒྱུར་མི་བཏུབ་པའི་ལག་རྩལ་གསར་བ་ཞིག་གསར་གཏོད་བྱས། དེ་དང་མཉམ་དུ་མ་རུང་བའི་དམག་དཔུང་གིས་ཡང་བསྐྱར་ཚུར་རྒོལ་བྱས་པའི་རིང་། མིའི་རིགས་དང་ཁོ་ཚོའི་མནའ་གྲོགས་དག་གི་བདེ་འཇགས་ཀྱི་འཚོ་བ་ཡང་བསྐྱར་བརླགས་ཤིང་། གཞོལ་ཐབས་མེད་པའི་དམག་འཁྲུག་འདི་ནི། ཏན་ཏན་སྔོན་མ་དག་ལས་རྔམ་མཐུག་ཅིང་། ཁོ་ཚོས་གཡུལ་འཐབ་ཀྱི་སྦྱོར་བ་རྒྱ་ཆེ་བར་བཤམས་འདུག སྟག་སྐོར་ནག་པོ་དང་བསྐལ་བ་ཁྲི་ཕྲག་མང་བོའི་གོང་ནས་ཡོང་བའི་གཟུགས་འགྱུར་རྡོ་རྗེའི་དཔུང་སྡེ་དག་ཁད་ཀྱིས་གདུག་རྩུབ་དང་ཞེ་འཁོན་ཆེན་པོས་ཉམས་ཆུང་བའི་གོ་ལ་འདིའི་ཉེ་བར་བཅར་ལ། སའི་གོ་ལའི་སྟེང་གི་ས་གནས་སོ་སོར་རིམ་གྱིས་བཙན་འཛུལ་གྱི་སྦྱོར་བ་དང་བཅས་ཏེ། མིའི་རིགས་ཀྱི་འཇིག་རྟེན་ཆུང་ཆུང་འདི་ཟང་ཟིང་ལང་ལོང་དུ་བཏང་ཞིང་། མི་རྣམས་ནི་འཇིགས་སྐྲག་དང་དངངས་འཚུབ་ཀྱི་ཁྲོད་ན་ལུས་ཡོད། མཐའ་ཡས་པའི་འཇིག་རྟེན་འདིའི་ཁྲོད་ཀྱི་ཉམས་ཆུང་བའི་མི་ཡུལ་གྱི་གྲོང་འདི་གཟུགས་འགྱུར་རྡོ་རྗེ་དག་གིས་བཙན་གྱིས་བཟུང་ནས་མིའི་རིགས་ཐམས་ཅད་བྲན་དུ་བཀོལ་ཏེ། བོར་བརླག་ཏུ་སོང་བའི་ཟེ་བྷོར་ཐོན་(Cybertron)བསྐྱར་འཛུགས་བྱེད་པའི་གནས་སུ་ཡང་ཡང་ལྷུང་གྲབས་བྱས། སྔ་ན་མེད་པའི་གཡུལ་འགྱེད་ཐེངས་འདིར་ཀྱག་ཀྱོག་ཆེ་ཞིང་རྙོག་འཛིང་གི་དོན་དག་མང་བོ་བརྒྱུད་རྗེས་མིའི་རིགས་ཀྱི་མནའ་གྲོགས་དང་རླངས་འཁོར་མིས་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ཏེ་མ་རུང་བའི་སྟག་སྐོར་ནག་པོའི་དཔུང་ཚོགས་ཆམ་ལ་ཕབ་ཅིང་། མཐར་སྤྲོད་དུ་བཏང་ལ་གནམ་འདེགས་ཀ་བས་རང་སྲོག་ལ་མ་འཛེམས་པར་འཐབ་འཛིང་བྱས་ཤིང་། རླངས་འཁོར་མིས་མཛེས་ཤིང་ལྟ་ན་སྡུག་པའི་ས་ཡི་གོ་ལ་དང་། སྙིང་སྟོབས་ཆེ་ཞིང་དཔའ་ངར་ལྡན་ལ།སྨྱོ་རྟགས་ཀྱང་ཅུང་ཟད་སྟོན་པའི་མིའི་རིགས་ཀྱི་དོན་དུ་རྔུལ་ཁྲག་དང་དཀའ་སྡུག་ཅི་འདྲ་ཞིག་བཏོན་ཡོད་པ་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་མི་རྣམས་ཀྱི་སེམས་སུ་གནས་པར་གྱུར།

2 མཆན་ཐུང་།

གཟུགས་འགྱུར་རྡོ་རྗེ་ནི་གཏམ་རྒྱུད་ཁྲོད་དུ་ཟེ་བྷོར་ཐོན་གོ་ལའི་སྟེང་དུ་འཚོ་སྡོད་བྱེད་པའི་འཕྲུལ་ཆས་ཀྱི་སེམས་ཅན་ཚང་མའི་སྤྱིའི་མིང་ཞིག་ཡིན་ལ། མིང་ཚིག་འདི་ནི་ཐོག་མར་ཉི་ཧོང་གི་འགུལ་རིས་ཀུང་ཟི་ཐཱ་ཁཱ་ར་TAKARA(タカラ ད་ལྟའི་TAKARA TOMY)དང་ཨ་རིའི་རྩེད་ཆས་ཀུང་ཟི་ཧས་སི་བྷོར་(Hasbro Inc.)གཉིས་ཀྱིས1984ལོ་ནས་མཉམ་འབྲེལ་བྱས་པའི་ཐོན་རྫས་ཀྱི་རིགས་ལ་གོ་བ་ཡིན།

སྟག་སྐོར་ནག་པོ་ནི(霸天虎Decepticon)གཟུགས་འགྱུར་རྡོ་རྗེའི་ནང་གི་གཟུགས་འགྱུར་འཕྲུལ་མིའི་དཔུང་སྡེ་སྟེ། ཁོ་ཚོ་ནི་རླངས་འཁོར་མི་དང་འདྲ་བར་གདོང་ལྔ་བས་ཟེ་བྷོར་ཐོན་དབང་སྒྱུར་བའི་སྐབས་སུ་བཟོས་པ་ཡིན། འོན་ཀྱང་ཁོ་ཚོའི་སྐྱེ་བ་སྔོན་མ་དེ་དམག་འཁྲུག་ལ་སྤྱོད་པའི་ཡོ་བྱད་དུ་བཟོས་པ་ཡིན། ཁོ་ཚོའི་དམག་དཔོན་རབས་དང་བོ་ནི་འཇིགས་བྱེད(威震天Megatron)ཡིན།

རླངས་འཁོར་མི་ནི(汽车人Autobots)གཟུགས་འགྱུར་རྡོ་རྗེའི་ཁྲོད་ཀྱི་དྲང་ཕྱོགས་ཀྱི་མི་སྣ་ཞིག་ཡིན། ཁོ་ཚོའི་སྐྱེ་བ་སྔོན་མ་དེ་ཡང་གདོང་ལྔ་བས་ཟེ་བྷོར་ཐོན་དབང་སྒྱུར་བའི་སྐབས་སུ་བཟོས་པ་ཡིན། འོན་ཀྱང་ཁོ་ཚོ་ནི་མི་དམངས་ཀྱིས་བེད་སྤྱོད་གཏོང་བྱའི་འཕྲུལ་ཆས་སུ་བཟོས་པ་ཡིན། རླངས་འཁོར་མི་རབས་དང་བོ་དབུ་ཁྲིད་མཛད་མཁན་ནི་གནམ་འདེགས་ཀ་བ(擎天柱Optimus Prime)ཡིན། ཟེ་བྷོར་ཐོན(赛博坦Cybertron)གྱི་མིང་གཞན་ལ་གློག་གི་སྐར་མ་ཞེས་འབོད་ལ། དེ་ནི་གཟུགས་འགྱུར་རྡོ་རྗེའི་ནང་གི་འཆར་བཟོའི་སྒྱུ་སྐར་ཞིག་སྟེ། ཉི་ཧོང་སྐད་ཀྱིས(セイバートロン)ཞེས་འབྲི། དེ་ནི་ཁོ་ཚོའི་ཕ་ཡུལ་ཡིན་ལ་རྒྱུ་རྐྱེན་འགའི་ཕྱིར་གཟུགས་འགྱུར་རྡོ་རྗེ་དག་ས་དེ་ལ་ཁ་བྲལ་ནས་གཏམ་རྒྱུད་ཀྱི་མགོ་བརྩམས་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-15

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།