མ་ཧཱ་གྷན་དྷི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཧཱ་གྷན་དྷི།
《མ་ཧཱ་གྷན་དྷི》ནི་རི་ཁྲར་ཏི•ཨད་ཐེན་པོ་རའོ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་སྟེ། འདིའི་ཁྲོད་དུ་རྒྱ་གར་གྱི་ཡབ་ཆེན་བདག་ཉིད་ཆེན་པོ་མ་ཧཱ་གྷན་དྷི་ཡི་མི་ཚེ་ཧྲིལ་བོའི་མཛད་པ་བརྗོད་ཡོད་དོ།།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
མ་ཧཱ་གྷན་དྷི།
མ་བརྙན་མིང་།
Gandhi
རྒྱ་འགྱུར་མིང་།
甘地传
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
རི་ཁྲར་ཏི•ཨད་ཐེན་པོ་རའོ།(Richard Attenborough)
གཙོ་འཁྲབ་པ།
པེན•ཁིན་སི་ལེས།( Ben Kingsley) ཁཱན་ཏི་སེ•པེར་གེན( Candice Bergen)སོགས།
འགྲེམ་དུས།
1982-12-06
ཡུན་ཚད།
སྐར་མ188།
བརྙན་རིགས།
རྣམ་ཐར། ལོ་རྒྱུས།
བྱ་དགའ་གཙོ་བོ།
ཨའོ་ཟི་ཁཱའི་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ་པ་སོགས།
1 བྱུང་རིམ།

གློག་བརྙན་འདིས་རྒྱ་གར་གྱི་ཡབ་ཆེན་བདག་ཉིན་ཆེན་པོ་གྷན་དྷིའི་སྐུ་ཚེ་ཧྲིལ་བོའི་མཛད་པ་བསྟན་ཡོད་དེ། དེ་ཡང་སྤྱི་ལོ་1893ལོར། དགུང་ལོ24ལ་བུད་པའི་གྷན་དྷི(Ben Kingsleyནས་འཁྲབ)ཡིས་གདན་ཞུས་བཞིན་ལྷོ་ཨ་ཧྥེ་རི་ཁའི་ཁྲིམས་རྩོད་པ་ཞིག་གི་འགན་བཞེས་ཤིང་།  རང་གི་རིགས་ལ་འདྲ་མཉམ་མ་ཡིན་པའི་གཉའ་གནོན་ཡོད་པ་མཐོང་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བསླངས་ew060329053.jpgཤིང་བཙོན་འཇུག་བྱས། བཙོན་གྲོལ་ཐོབ་རྗེས་སླར་རང་གི་མེས་རྒྱལ་ལ་ལོག་ཅིང་། རྒྱ་གར་རང་བཙན་གྱི་ལས་འགུལ་ལ་ཞུགས། ཁོང་གིས་ཞི་བ་དང་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་ཁྱབ་བསྒྲགས་བཏང་ཞིང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྤེལ་བས། ཐེངས་བཞི་ལ་བཙོན་འཇུག་བྱས། འོན་ཀྱང་ཁོང་གི་དཔའ་ངར་ཞུམ་མེད་ཀྱི་རྒྱུན་འཁྱོངས་དང་མགོ་ཁྲིད་དག་གི་འབད་བརྩོན་འོག་ཏུ་ཀྱག་ཀྱོག་གི་ལམ་བུ་རིང་བོ་ཞིག་བརྒྱུད་མཐར། རྒྱ་གར་མི་དམངས་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་། ཡིན་ཡང་ཆོས་ལུགས་གྲུབ་མཐའ་མ་འདྲ་བའི་ཕྱོགས་ཞེན་གྱི་དབང་གིས་རྒྱ་གར་དུམ་བུ་གཉིས་སུ་སོང་ཞིང་ནང་དམེའི་ཁྲག་གི་མཚོ་མོ་བསྐྱིལ་གྲབས་བྱས་པ་ལ་ཁོང་གིས་ཟས་བཅད་ངོ་རྒོལ་ཡུན་རིང་བྱས། མཐར་གནས་སྟངས་ཅུང་ཇེ་ལེགས་སུ་སོང་མོད་ཀྱང་། ཁོང་གི་གྲུབ་མཐའ་རིས་མེད་ཀྱི་དཀྱེལ་ཡངས་སེམས་སུ་མ་ཤོང་བའི་ཐལ་མཐར་ལྷུང་བ་ཁ་ཤས་ཀྱིས་ལྐོག་ཇུས་འཐེན་ནས་བཀྲོངས། 

2 མཚན་སྙན།

གློག་བརྙན་འདིར་སྤྱི་ལོ1982ལོའི་ཨོ་ཟི་ཁཱའི་གློག་བརྙན་རྩེ་གྲས་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་གཙོ་བོ། འཁྲབ་གཞུང། སྒྱུ་རྩལ་མཛུབ་སྟོན། བརྙན་ལེན། གྱོན་ཆས་ཇུས་འགོད། དྲས་སྒྲིག་རྩེ་གྲས་བཅས་ཀྱི་རྟགས་མ་བརྒྱད་ཐོབ།

3 དཔྱད་གཏམ།

འདི་ནི་ལོ་རྒྱུས་དངོས་མཚོན་ཅིང་རྒྱལ་ཁབ་དང་ཡང་ན་མིའི་རིགས་ཀྱི་ཞི་བདེའི་དེད་དཔོན་ཞིག་གི་མཛད་པ་མངོན་པའི་གློག་བརྙན་ཞིག་ཡིན་པས་བསམ་བློའི་ཟབ་ཚད་ཤིན་ཏུ་མཐོ། དེ་བས་འདིར་ཡང་བསམ་བློའི་ཆ་ནས་ཀློག་འགྲེལ་བྱེད་པ་འོས་སྙམ་དུ་བསམ་དེ། བདག་ཉིད་ཆེན་པོ་གྷན་དྷི་ནི་དུས་རབས་ཉི་ཤུ་བའི་ནང་གི་མི་སེར་གཉའ་གནོན་ལས་སྐྱོབ་མཁན་རླབས་ཆེན་དང། དེ་བས་ཀྱང་སྔར་མཉམ་མེད་སྟོན་པ་ཆེན་པོས་བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ཀྱང་འཇམ་མཉེན་མེ་ཏོག་ལམ་དུ་སྦྱིན་གསུངས་པའི་ཞི་བ་དང་བརྩེ་བ། སྙིང་རྗེའི་ཤེས་རབ་ལག་ཆར་བྱས་ནས་དངོས་སུ་མུན་ནག་དང་དམུ་ནག་ལ་རྒོལ་ཅིང་རྒྱལ་ཏེ། མིའི་རིགས་ལ་ཞི་བདེ་མངོན་འགྱུར་འོངས་པའི་ཐབས་ལམ་གསར་བ་ཞིག་ཕྱེས་པའི་དེད་དཔོན་ཡིན།

གྷན་དྷི་ཁོང་ལྷོ་ཨ་ཧྥེ་རི་ཁར་སོང་བའི་ཉམས་མྱོང་དང་རང་གི་ཆོས་ལུགས་ཀྱི་ལྟ་བ། ཁྲིམས་ལུགས་ཀྱི་འདུ་ཤེས་བཅས་ཀྱིས་ད་གཟོད་ཞི་བའི་ངོ་རྒོལ་གྱི་ལྟ་བ་ཆགས་ཤིང་ཡིད་ཆེས་བརྟན་པོར་གྱུར། ད་དུང་གློག་བརྙན་ལས་ཁོང་ནི་དཔའ་ཞིང་དེས་པ། ཡིད་གཞུངས་ཤིང་སྒམ་པ། སྨྲར་མཁས་ཤིང་རྣོ་བ། བློ་ཐག་རྦད་ཆོད། བབ་བརྟན་ཟབ་བརླིང་ཞིག་རེད་ལ། དེ་ལྟ་བུའི་ཁོང་གི་རང་བཞིན་དང་ཤེས་རབ། དཔའ་སྤོབས་ཀྱིས་རྒྱ་གར་ལ་རང་བཙན་ཐོབ། 

ང་ཚོས་ད་དུང་མཐུན་སྒྲིལ་དང་ཁ་ཕྲལ་གཉིས་ཀྱི་ཟུར་ངོས་ནས་ཀྱང་ངོས་འཛིན་སྟབས་བདེ་བོ་ཞིག་བྱས་ཆོག་སྟེ། དེ་ཡང་གློག་བརྙན་དུ་བརྗེད་ཐབས་བྲལ་བའི་དུམ་ཚན་ཞིག་བྲིས་ཡོད་པ་ནི། ཧིན་རྡུ་དང་ཁ་ཆེའི་རྗེས་འཇུག་པ་ནས། ཆོས་ལུགས་ཀྱི་ཕྱོགས་ཞེན་དང་རིས་འཛིན་གྱིས་སོ་སོར་མ་ཕྱེ་བར་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་ལྕུག་པ་ཐོགས་པའི་དབྱིན་ཇིའི་གཞུང་དམག་དག་གི་སྔོན་སར་ཞི་9a527a0e0cf3d7cacaa98b38f41fbe096a63a995.jpgབའི་མཉམ་བསྐྱོད་བྱས། ཕ་རོལ་བོས་ཉམ་ང་མེད་པར་གཞུས་པས། རྨ་བཏོད། ཁྲག་བཞུར། ཐང་དུ་འགྱེལ། བུད་མེད་ཚོས་སྐྱོ་གདུང་གི་ངང་ཤི་རྨས་ཐེབས་པ་དག་མཐའ་རུ་དྲུད། ཡིན་ནའང་ཕྱིར་རྒོལ་བའི་ལས་ནི་ཏོག་ཙམ་ཡང་མི་བྱེད། དོན་དམ་དུ་འདི་ནི་བཙོན་ཏུ་ཡོད་པའི་ཁོང་ཚོའི་ཕྱོགས་སྟོན་པ། ནམ་ཡང་གུས་སུ་འོས་པའི་ཡབ་ཆེན་གྱིས་བསྟན་པའི་ལམ་བུ་སྟེ། ཕས་ཀྱི་རྒོལ་བ་ཞུམ་པར་བྱེད་པས་མ་ཚད། རྒྱུ་འབྲས་བློ་མིག་གི་རྟོགས་སད་ཀྱང་ཕྱེ་བའི་རྒོལ་བའི་ཐབས་དམ་པ་ཡིན། འདི་ལྟ་བུའི་མཐུན་སྒྲིལ་གྱི་བྱས་ལས་མུ་མཐུད་རྒྱུན་བསྐྱངས་པས་ད་གཟོད་ཕ་རོལ་པོ་སྤ་བཀོང་བར་བྱས།   འོན་ཀྱང་ཁ་ཕྲལ་ནི་ནམ་དུ་ཡང་མཐུན་སྒྲིལ་དང་ཟློག་ཡོད་དེ། དེས་འཕེལ་རྒྱས་ཀྱི་གོམ་ཁ་འགོག་ལ། དམིགས་ཡུལ་དང་བར་ཐག་བཀྱེད་པར་བྱེད། མི་འདོད་པའི་གྲུབ་མཐའི་ཕྱོགས་ཞེན་ཀྱིས་མཐུན་སྒྲིལ་གྱི་ལག་རྡང་དེ་མ་ཐག་གཏོར་ཏེ་ལག་སྣེར་རེག་ཙམ་གྱི་རྒྱལ་ཁ་ཆེན་པོ་དེ་ཡོངས་སུ་མ་འགྲུབ། ཁ་ཕྲལ་གྱིས་བྱས་པའི་སྐྱོ་གར་འདི་ལྟ་བུ་ནི་མིའི་རིགས་ལོ་རྒྱུས་སུ་མང་དུ་འཁྲབ་མྱོང་བ་ཞིག་རེད་ལ། མ་འོངས་པར་ཡང་འཁྲབ་པར་འགྱུར། ཡིན་ཀྱང་ཆུ་ཚོད་གཉིས་རིང་གི་གློག་བརྙན་ནང་དུ་ཆ་ཚང་ཞིང་སེམས་འགུལ་ཐེབས་པའི་སློབ་གསོ་ཐེངས་ཤིག་བཏང་ཡོད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-21

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།