གཟུགས་འགྱུར་རྡོ་རྗེ་ཁག་བཞི་པ།

《གཟུགས་འགྱུར་རྡོ་རྗེ་ཁག་བཞི་པ》ནི་མེ་ཁོ•བྷེ་ཡིས་འཁྲབ་ཁྲིད་བྱས་པའི་འཆར་ཡན་གློག་བརྙན་ཞིག་ཡིན་ཏེ། གློག་བརྙན་འདིའི་ཁྲོད་རླངས་འཁོར་མི་རབས་དང་བོ་དབུ་ཁྲིད་མཛད་མཁན་ཏེ་གནམ་འདེགས་ཀ་བས་མིའི་རིགས་ལ་རོགས་བགྱིས་ནས་སྟག་སྐོར་ནག་པོ་མཐར་བསྐྲད་པའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

ངང་པ་ནག་པོ།

《ངང་པ་ནག་པོ》ནི2010ལོར་ཏའེ་རོན་ཨེ་རོ་ནོབ་སི་ཁེ་ཡིས་འཁྲབ་ཁྲིད་བྱས་པའི་ཨ་རིའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིའི་ཁྲོད་ན་ཚོད་གཞོན་པའི་པཱ་ལེ་གར་མཁན་ཞིག་གིས་པཱ་ལེའི་གར་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་འདེགས་པར་དཀའ་བའི་སེམས་ཚོར་ལྕི་མོ་ཁུར་གྱིས་མ་བཟོད་པར། མཇུག་མཐར་མི་ཚེ་རྨེག་མེད་ཀྱི་ལམ་བུའི་སྟེང་ཕྱོགས་པའི་བྲེད་ཤ་སློང་པའི་གཏམ་རྒྱུད་ཅིག་ཡིན།

རིགས་དབྱེ།  

དབུས་ལམ་གྱི་ཉི་མ།

《དབུས་ལམ་གྱི་ཉི་མ》ཞེས་པ་ནི་བོད་རིགས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། འདིའི་ནང་དུ་བོད་རིགས་ན་གཞོན་ཞིག་གིས་མཐོལ་བཤགས་བྱེད་པའི་སེམས་ཁམས་མངོན་པར་མཚོན་ཡོད་པ་སྟེ། མི་སྣ་གཙོ་བོ་ཉི་མས་འགྲིམ་འགྲུལ་གྱི་ཆག་སྒོའི་ཁྲོད་སྟབས་མ་ལེགས་པར་ཁོང་གི་ཨ་མའི་ཚེ་སྲོག་ཤོར་ཏུ་བཅུག་པ་ལ་སྡུག་བསྔལ་གྱིས་མ་བཟོད་པར་ལྷ་ས་ནས་རང་ཡུལ་དུ་རྐང་ཐང་ལ་བསྐྱོད་ནས་སྐྱེ་འཆིའི་སྙིང་བོ་འཚོལ་སྙེག་བྱེད་བཞིན་པ་བརྗོད་ཡོད།

རིགས་དབྱེ།  

བདེ་སྐྱིད་སྒོ་ཁར་ཡོང་དུས།

《བདེ་སྐྱིད་སྒོ་ཁར་ཡོང་དུས》ཞེས་པ་ནི་ཀཱ་པུ་རེའོ•མུའུ་ཁེ་ནོ་ཡིས་འཁྲབ་ཁྲིད་དང་ཝེའོ•སི་མེ་ཟི་ཡིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་འདི་ནི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་ཨ་རིའི་མི་ནག་དངུལ་གཏོང་ཆེད་མཁས་ཁུ་རུས་སུ་རྒ་རྡི་ན(Chris Gardener)ཞེས་པ་དེ་ཡིན། གློག་བརྙན་འདིའི་ཁྲོད་མ་རྩ་རྡིབ་ལ་ཉེ་བའི་ཁར། བཟའ་ཟླ་ཡང་ཁྱིམ་དང་བྲལ་ནས་སོང་ཤུལ་དུ། བུ་ཕྲུག་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་ཆེད་ཐབས་བརྒྱ་ཇུས་གཏོང་དང་དཀའ་སྤྱད་འབད་བརྩོན་སྒོས་སྤྱིར་བཏང་གི་ལས་མི་ཞིག་གི་ལས་ཀ་རག་ནས་རིམ་བཞིན་མཚན་སྙན་གྲགས་ཅན་གྱི་དངུལ་རྩ་གཏོང་མཁན་ཞིག་ཏུ་གྱུར་བའི་ཚུལ་བརྗོད་པའི་བློ་སྟོབས་བསྐྱེད་པའི་གཏམ་རྒྱུད་ཅིག་ཡིན།

རིགས་དབྱེ།  

བྱ་ཕྲུག་ཕྲོས།

《བྱ་ཕྲུག་ཕྲོས》ཞེས་པའི་གློག་བརྙན་འདི་ནི་ནེ་ཁི་ཕར་ཁི་ཞེས་པས་འཁྲབ་ཁྲིད་བྱས་པའི་འགུལ་བརྙན་ཞིག་ཡིན་ཏེ། འདིའི་ཁྲོད་གཙོ་བོར་དབྱིན་ཇིའི་ཝའེ་ཐི་དིས་ཞེས་པའི་བྱ་གསོ་ར་བའི་ནང་བྱ་ཕྲུག་ཁྱུ་ཞིག་གིས་བྱ་གསོ་ར་བ་ནས་ཕྱིར་འབྲོ་བའི་འཆར་ཇུས་བཟོས་པའི་ཚུལ་བསྟན་ཡོད།

རིགས་དབྱེ།  

རོམ་གྲོང་གི་གུང་གསེང་།

《རོམ་གྲོང་གི་གུང་གསེང》ནི1953ལོར་ཨ་རིའི་ཕའེ་རཱ་མིན་ཀུང་ཟིས་ཕབ་བསྐྲུན་བྱས་པའི་དུངས་བརྗོད་གློག་བརྙན་ཞིག་ཡིན་ཏེ། འདིའི་ཁྲོད་ཡོ་རོབ་གླིང་གི་རྒྱལ་ཁབ་ག་གེ་མོའི་སྲས་མོ་ཞིག་དང་ཨ་རིའི་གསར་འགོད་པ་ཞིག་དབྱི་ཐ་ལིའི་རོ་མ་ནས་ཉིན་གཅིག་གི་རིང་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།

རིགས་དབྱེ།  

རྣོ་སྦྲེང་མཁན་པོ།

《རྣོ་སྦྲེང་མཁན་པོ》ནི་2002ལོར་འགྲེམ་གཏོང་བྱས་པའི་གློག་བརྙན་ཞིག་ཡིན་ཏེ། ཕོ་ལན་རྒྱལ་ཁབ་ཀྱི་ཡིའུ་ཐའེ་དབྱངས་རྩོམ་མཁན་དང་རྣོ་སྦྲེང་མཁན་ཞེ་པེ་མན་གྱི་རང་རྣམ་གཞིར་བཟུང་ནས་འཁྲབ་ཁྲིད་པ་རུའོ་མན་ཕོ་ལན་སི་ཁེ(Roman Polansk)ཡིས་འཁྲབ་ཁྲིད་བྱས་ཤིང་། དེའི་ཁྲོད་ཕོ་ལན་གྱི་ཡིའུ་ཐའེ་རྣོ་སྦྲེང་མཁན་དེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་སུ་འཚོ་གནས་དཀའ་བའི་གཏམ་རྒྱུད་ཞིབ་འབྲི་བྱས་ཡོད།

རིགས་དབྱེ།  

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།

《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནི་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་ཤིང་། དབེན་དགོན་དུ་ཡོད་པའི་གྲྭ་ཕྲུག་ཅིག་ལོ་གསར་རོལ་བར་ཕྱིར་ཕ་ཡུལ་དུ་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

རིགས་དབྱེ།  

སོར་གདུབ་རྒྱལ་པོ།

《སོར་གདུབ་རྒྱལ་པོ(སོར་གདུབ་བྱ་ར་བ)》ནིJ•R•Rཐོར་ཅིན་གྱི་སྒྱུ་འཕྲུལ་བརྩམས་སྒྲུང་ལས་སྒྱུར་སྒྲིག་བྱས་པ་ཡིན་ལ།《སོར་གདུབ་རྒྱལ་པོའི་གློག་བརྙན་གསུམ》ཞེས་པའི་མུ་འབྲེལ་གློག་བརྙན་གྲས་ཀྱི་ཁག་དང་པོ་ཡིན། གློག་བརྙན་འདིའི་ཁྲོད་གནའ་བོའི་དུས་རབས་བར་མའི་སྐབས་སུ་ཧྥུ་རོ་དྷོ་ཞེས་པ་ཁོང་གི་གྲོགས་མཆོག་རྣམས་དང་ལྷན་ཅིག་ཏུ་སོར་གདུབ་བརླག་པའི་ལམ་ལ་བཞུད་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

སྐྱེ་རྒ་གོ་ལྡོག

《སྐྱེ་རྒ་གོ་ལྡོག》ཅེས་པའི་གློག་བརྙན་ཁྲོད་མི་སྣ་གཙོ་བོ་བྷན་ཇེ་མིན་ཞེས་པ་ནི་རང་བྱུང་གི་ཆོས་ཉིད་དང་ལྡོག་པ་སྟེ། སྐྱེས་མ་ཐག་རྒད་པོ་ཞིག་དང་འདྲ་ཡང་། ཕྱིས་སུ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་རིམ་གྱིས་གཞོན་དུ་འགྲོ་བའི་ཚེ་སྲོག་གི་བཤུལ་ལམ་ཁྱད་མཚར་ཅན་དེ་བརྗོད་ཡོད།

རིགས་དབྱེ།  

ཨ་ཆེན་གངས་རྒྱབ།

《ཨ་ཆེན་གངས་རྒྱབ》ནི་ཧྭ་དབྱི་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་ཟིས་སྒྲིག་བཟོ་བྱས་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིའི་ཁྲོད་གསར་འགོད་པ་ཀ་གཡུ་ཞེས་པས་གཙོད་སྲུང་སྐྱོབ་རུ་ཁག་དང་ལྷན་དུ་ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད། རྔོན་པ་སྐོར་ཞིག་ལ་ངོ་རྒོལ་དྲག་པོ་བྱས་ནས་མཐར་ཚེ་སྲོག་བློས་བཏང་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཨ་རིའི་འདས་དོན།

《ཨ་རིའི་འདས་དོན》ནི་རའོ་པུ་ཐུ•ཏུ་ནེ་རའོ་ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་འདིའི་ཁྲོད་ཨ་རིའི་ཉིག་ཡོག་གི་ཡིའུ་ཐའེ་ཡི་སྡོད་ཁུལ་རྒྱབ་ལྗོངས་སུ་བྱས་ནས། མི་སྣ་གཙོ་བོ་ཐུག་པ་ཞེས་པ་གཞོན་ནུ་ཞིག་ནས་ནག་ཚོགས་ཀྱི་འགོ་གཙོ་ཞིག་ཏུ་གྱུར་བའི་བརྒྱུད་རིམ་བརྗོད་པའི་མཚུངས་སུ། དུས་རབས20པའི་ལོ་རབས20པ་ནས་ལོ་རབས60པའི་བར་གྱི་ཨ་རིའི་ནག་ཚོགས་ཀྱི་ལོ་རྒྱུས་བརྗོད་ཡོད།

རིགས་དབྱེ།  

འཆི་ཕོད་རུ་ཁག

《འཆི་ཕོད་རུ་ཁག》ནི་སེ་འོར་ཝེ་སི་ཐུར•སི་ཐད་ལོན་གྱིས་སྒྲིག་བཟོ་དང་། འཁྲབ་ཁྲིད། འཁྲབ་སྟོན་བྱས་པའི་ཨ་རིའི་དྲག་རྩལ་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་གྱི་ཁྲོད་དུ་ཨ་རིའི་སྲིད་གཞུང་གིས་དམག་མི་གླས་ནས་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་ག་གེ་མོ་ཞིག་ཏུ་སྒེར་གཅོད་སྲིད་དབང་རྩ་མེད་བཟོ་རྩིས་ཡོད་རུང་ལས་འགན་དེ་ནི་ཉེན་ཁ་ཧ་ཅང་ཆེ་བས་འགན་ཁུར་ཐེག་མཁན་ཞིག་མ་བྱུང་ལ། མཇུག་མཐར་སི་ཐད་ལོན་གྱིས་སྣེ་ཁྲིད་པའི་དམིགས་བསལ་བྱ་སྤྱོད་རུ་ཁག་གིས་ཉེན་ཁའི་ལས་འགན་དེའི་འགན་བླངས་པའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

ཞལ་ཟས་རོ་བརྒྱའི་བྱེད་པོ།

«ཞལ་ཟས་རོ་བརྒྱའི་བྱེད་པོ»ནི2007ལོར་ཕི་ཁི་སར་འགུལ་རིས་ཀུང་སིས་བཟོས་ཤིང་རྡི་སི་ནཱིས་གློག་བརྙན་གྱིས་འགྲེམ་སྤེལ་བྱས་པའི་འགུལ་རིས་གློག་བརྙན་ཞིག་ཡིན། འདིའི་ཁྲོད་ཙི་གུ་ཆུང་ཆུང་ལའེ་མིར་སུས་ཀྱང་དོ་ཟླ་མི་ཐུབ་པའི་ལྷན་སྐྱེས་ཀྱི་སྣོམ་ཚོར་ཁྱད་པར་བ་ཞིག་ཡོད་པ་དང་། ཁོ་གད་སྙིགས་དང་མཉམ་དུ་འཚོ་བ་རོལ་མི་འདོད་པར་ཞལ་ཟས་རོ་བརྒྱའི་བྱེད་པོ་ཞིག་ཏུ་འགྱུར་རྒྱུའི་འདུན་པ་ཆེན་པོ་ཡོད་པས། སྟེས་དབང་གིས་ཁོས་ཀུའུ་སི་ཐི་ཟ་ཁང་གི་སློབ་མ་ལིན་ཁུའེ་ནི་ངོ་ཤེས་པར་གྱུར་ཅིང་། ཙི་གུ་ལའེ་མིར་གྱི་རོགས་རམ་ལ་བརྟེན་ནས་ལིན་ཁུའེ་ནི་ཞལ་ཟས་རོ་བརྒྱའི་བྱེད་པོ་ཞེས་པའི་གྱུར་བའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

དབུལ་བོའི་གྲོང་གི་ཕྱུག་ཆེན།

《དབུལ་བོའི་གྲོང་གི་ཕྱུག་ཆེན》ཞེས་པ་ནི་དབྱིན་ཇིའི་འཁྲབ་ཁྲིད་པ་ཏཱན་ནེ•པོ་ཡེའོ་ཞེས་པས་རྒྱ་གར་གྱི་རྩོམ་པ་པོ་ཝེ་ཁཱ་སི•སི་བཱ་རོ་ཕི(Vikas Swarup)ཡི་བརྩམས་ཆོས《Q&A》ལས་བཅོས་སྒྲིག་བྱས་ཤིང་། གློག་བརྙན་འདིའི་ཁྲོད་དབུལ་བོའི་གྲོང་གི་དྭ་ཕྲུག་རྗེ་མར་ཞེས་པས་ཁོང་གི་མཛའ་མོ་བཙལ་ཆེད«ཕྱུག་ཆེན་ནོར་གྱི་རྒྱལ་པོ»ཞེས་པའི་ལེ་ཚན་དུ་ཞུགས་ནས་རྒྱལ་ཁ་ལོན་ལ་ཁད་བྱེད་དུས། མི་ཞིག་གིས་ཁོར་གཡོ་བཀྱེ་འདུག་ཅེས་སྐྱོན་བཙུགས་ནས་ཉེན་རྟོག་པར་སྤྲད་ནས་ཁོས་རང་ཉིད་ཀྱི་ཀྱག་ཀྱོག་ཆེ་བའི་མི་ཚེ་མྱོང་བ་གསོང་བོར་བརྗོད་པའི་ཚུལ་བཀོད་ཡོད་པའོ། །

རིགས་དབྱེ།  

ཁྲི་མུན་ལས་ཐར་བ།

《ཁྲི་མུན་ལས་ཐར་བ》ཞེས་པ་ནི་སྒྱུར་སྒྲིག་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་གྱི་བྱུང་རིམ་ཡོངས་སུ་བརྗོད་གཞི་གཅིག་སྟེ་རེ་བ་དང་དམ་པོར་འབྲེལ་ནས། ཁྲི་མུན་དུ་མྱངས་པའི་ཡ་ང་བའི་དཀའ་སྡུག་རྒྱབ་ལྗོངས་སུ་བྱས་ནས་མི་བྱེ་བྲག་པས་ཡུལ་དུས་ཀྱི་འགྱུར་ལྡོག་ལ་འཇིགས་སྣང་སྐྱེས་པའི་ཚུལ་མངོན་པར་མཚོན་ཡོད།

རིགས་དབྱེ།  

མ་ཧཱ་གྷན་དྷི།

《མ་ཧཱ་གྷན་དྷི》ནི་རི་ཁྲར་ཏི•ཨད་ཐེན་པོ་རའོ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་སྟེ། འདིའི་ཁྲོད་དུ་རྒྱ་གར་གྱི་ཡབ་ཆེན་བདག་ཉིད་ཆེན་པོ་མ་ཧཱ་གྷན་དྷི་ཡི་མི་ཚེ་ཧྲིལ་བོའི་མཛད་པ་བརྗོད་ཡོད་དོ།།

རིགས་དབྱེ།  

གཡུལ་རྟ།

གློག་བརྙན《གཡུལ་རྟ》ནི་དབྱིན་ཇིའི་མཚན་སྙན་ཅན་གྱི་རྩོམ་པ་པོ་མཱད་ཁའོ•མོར་ཕུར་གོ་ཡི་མིང་གཅིག་པའི་བརྩམས་སྒྲུང་ལས་གློག་བརྙན་དུ་བསྒྲིགས་པ་ཡིན། གློག་བརྙན་འདིའི་ཁྲོད་མིང་ལ་རྗོ་ཡེ་ཞེས་འབོད་པའི་རྟ་ཞིག་གི་མཐོང་སྣེ་ནས་བཟུང་སྟེ། 1914ལོའི་འཛམ་གླིང་འཁྲུག་ཆེན་དང་པོ་བརྒྱབ་ཅིང་། ཨལ་བྷིར་ཐྲི་ཡི་ཨ་ཕས་ཞིང་རའི་ཚོང་ལས་རྒྱུན་འཁྱོངས་ཐུབ་ཕྱིར་རང་གི་རྟ་མཆོག་རྗོ་ཡེ་གཡུལ་སའི་རྟ་ཉོ་ལ་བཙོངས་པ་དང་། དམག་འཁྲུག་ལས་ཅང་ཤེས་རྗོ་ཡེ་དང་ཨལ་བྷིར་ཐྲི་གཉིས་ཀྱི་ལས་དབང་ཡང་བསྐྱར་མཉམ་གཅིག་ཏུ་སྦྲེལ་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

སེམས་ཀྱི་ལྡེ་མིག

《སེམས་ཀྱི་ལྡེ་མིག》ནི་ཧྭ་ནཱ་གློག་བརྙན་ཀུང་སིས“9.11”འཇིགས་སྐུལ་དོན་རྐྱེན་བྱུང་ནས་ལོ་ངོ་བཅུ་འགོར་བའི་རྗེས་དྲན་དུ་འགྲེམ་སྤེལ་བྱས་པའི་གློག་བརྙན་ཞིག་སྟེ། འདིའི་ཁྲོད“9.11”འཇིགས་སྐུལ་དོན་རྐྱེན་ཁྲོད་ཕ་རྐྱེན་ལམ་དུ་ཤོར་བའི་བུ་ཆུང་ཞིག་སྐྱོ་གདུང་དང་འཇིགས་སྐྲག་ཁྲོད་རིམ་གྱིས་འཚར་ལོངས་བྱུང་བའི་གཏམ་རྒྱུད་བརྗོད་དེ། བུ་ཆུང་དེའི་སྟེང་ནས“9.11”འཇིགས་སྐུལ་དོན་རྐྱེན་བརྒྱུད་པའི་མི་རྣམས་ཀྱི་ཨུ་ཚུགས་དང་བློ་རྩ་བརྟན་པོ་མངོན་པར་མཚོན་ཡོད།

རིགས་དབྱེ།  

ཏང་འཛུགས་ཀྱི་བྱ་གཞག

《ཏང་འཛུགས་ཀྱི་བྱ་གཞག》ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐྱེས་ཕུལ་གློག་བརྙན་ཡིན་པ་སྟེ། གློག་བརྙན་གྱི་ཁྲོད་དུ1911ལོར་ལྕགས་ཕག་གསར་བརྗེ་བྱུང་བ་ནས1921ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་པའི་བར་གྱི་ལོ་ངོ་བཅུའི་རིང་གི་ཀྲུང་གོའི་ལོ་རྒྱུས་དོན་ཆེན་ཁག་བརྗོད་ཡོད་པ་རེད།

རིགས་དབྱེ།  

གྱེས་བྲལ།

《གྱེས་བྲལ》ནི་ཨ་སི་ཧཱར•ཧྥར་ཧཱ་ཏི་ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་ཁྲོད་བཟའ་འཐོར་བྱ་གྲབས་ཡོད་པའི་བཟའ་ཟླ་གཉིས་ཀྱིས་སྙུང་གཞི་བྱུང་ནས་ཉལ་སར་ལྷུང་བའི་ཨ་ཕ་དང་མངལ་ཤོར་བའི་ནད་གཡོག་མ་སོགས་གནད་དོན་གང་མང་ཞིག་ལ་གདོང་གཏུག་དུས། ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་རྙོག་གྲའི་ཁྲོད་འཕག་འཚག་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

གླེན་པ་རྣམ་གསུམ།

《གླེན་པ་རྣམ་གསུམ》ནི་རྒྱ་གར་གྱི་བྲིན་སྐྱེན་པོའི་དཔེ་དེབ་ཀྱི་རྩོམ་པ་པོ་ཁྲེ་ཐཱན•པཱ་ཧཱ་ཐི་ཞེས་པའི་བརྩམས་སྒྲུང《གྲངས་ལྔའི་མི》ཞེས་པ་ནས་བསྒྱུར་བསྒྲིགས་བྱས་ལ། གློག་བརྙན་འདིའི་ཁྲོད་ཧྥར་ཧན་དང་། རཱ་ཇུ། རཱན་ཆོ་གསུམ་སློབ་ཆེན་འགྲིམ་དུས་རྒྱུགས་འབྲས་དང་འགྲན་རྩོད་གཉིས་གཙིགས་སུ་འཛིན་པའི་སློབ་གྲྭའི་ལམ་ལུགས་ལ་དགག་པ་བཏང་ནས་ཉིན་རྒྱུན་སློབ་གྲྭའི་ལུགས་འགལ་གྱི་བྱ་བ་མང་པོ་བསྒྲུབས་ཀྱང་། མཐར་སོ་སོའི་བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་བླངས་པའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

ཧ་ཁྱི།

གློག་བརྙན《ཧ་ཁྱི》ནི1933ལོའི་ཉི་ཧོང་གི་དངོས་བྱུང་གཏམ་རྒྱུད་ཅིག་ནས་སྒྱུར་སྒྲིག་བྱས་ཤིང་། 2009ལོའི་ཟླ8པའི་ཚེས8ཉིན་གཏམ་རྒྱུད་འབྱུང་ཡུལ་ཏེ་ཉི་ཧོང་དུ་ཐོག་མར་བཀྲམ། གློག་བརྙན་འདིའི་ཁྲོད་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་གིས་ཁྱི་གུ་ཞིག་གཉོར་སྐྱོང་བྱས་ནས། ཁྱི་གུ་དེས་ནམ་རྒྱུན་དུས་ཚོད་ལྟར་ཕ་ཁི་ལས་ཀ་ཚུགས་པར་སྐྱེལ་བ་དང་། ཕྱི་དྲོ་དུས་ཚོད་ལྔའི་སྟེང་མེ་འཁོར་འབབ་ཚུགས་ཀྱི་སྒོ་ཁར་ཕ་ཁི་ལས་ཀ་གྲོལ་ནས་ཁྱིམ་དུ་ལོག་པར་བསྒུག་སྟེ་བསུ་བ་བྱེད། ཡིད་ཕངས་པ་ཞིག་ལ། ཉིན་ཞིག་དགེ་རྒན་ཆེན་མོ་དེ་གློ་བུར་ཏུ་སྙིང་ནད་འཕར་ནས་འཇིག་རྟེན་དང་ཁ་གྱེས་པས་མེ་འཁོར་འབབ་ཚུགས་ལ་ཕྱིར་ལོག་རྒྱུ་མ་བྱུང་བས། ཧ་ཁྱིས་ལོ་དགུའི་རིང་ཉིན་རྒྱུན་དུས་ཚོད་ལྟར་མེ་འཁོར་འབབ་ཚུགས་སུ་སོང་ནས་བདག་པོ་ལ་རེ་སྒུག་བྱས་པ་དང་། དེ་བཞིན་ཉིན་ཐོག་དང་ཉིན་དང་ཟླ་ཐོག་ཟླ་བཞག་ནས་ཁོ་འཇིག་རྟེན་དང་ཁ་བྲལ་རག་བར་རེ་སྒུག་བྱས་པའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

རོགས་དང་འགལ་བའི་ཉིན་སོ་གསུམ།

《རོགས་དང་འགལ་བའི་ཉིན་སོ་གསུམ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཐེང་ཧྭ་ཐའོ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཝུན་ཀྲང་དང་པའེ་པའེ་ཧུ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་བརྩེ་དུང་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་རྩོམ་པ་པོ་པའོ་ཅིང་ཅིང་གིས་བརྩམས་པའི་ཁ་བྱང་གཅིག་པའི་དྲ་རྒྱའི་བརྩམས་སྒྲུང་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཞིག་ཡིན།

རིགས་དབྱེ།  

ཕལ་བའི་མི་ཚེ།

《ཕལ་བའི་མི་ཚེ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཞུའུ་ཨན་ཧྭ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཡེ་ཏུ་ཞན་དང་ལིའུ་ཏུ་ཧྭ་སོགས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་ཡིན། གློག་བརྙན་ནི་མིའི་མིང་དེ་བརྙན་མིང་ལ་བཏགས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་དུ་ཁྱིམ་ཆེན་ཞིག་གི་སྐུ་སྲས་ལོའུ་ཅེ་ཞེས་པ་དེ་དང་ཁོ་རང་ཆུང་ངུ་དུས་ནས་གཉོར་སྐྱོང་བྱེད་མྱོང་མཁན་གྱི་ཁྱིམ་གཡོག་མ་ཐའོ་ཅེ་གཉིས་ཀྱི་བར་ལ་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

རིགས་དབྱེ།  

ཆེས་མཐའ་མཇུག་གི་མོ་ཧི་མི།

《ཆེས་མཐའ་མཇུག་གི་མོ་ཧི་མི》ཞེས་པའི་གློག་བརྙན་འདི་ནི་སྤྱི་ལོ1992ལོར་འགྲེམས་སྟོན་བྱས་པ་དང་འཁྲབ་ཁྲིད་པ་མའེ་ཁུ་ཨར•མན་གྱིས་འཁྲབ་ཁྲིད་བྱས་ཤིང་། ཏན་ནེ་ཨར•ཏའེ•ལིའུ་དབྱི་སི་དང་མཱ་ཏུ་ལིང•སི་ཐོའུ་བཅས་ཀྱིས་གཙོ་འཁྲབ་བྱས་པའི་དམག་འཁྲུག་སྐོར་གྱི་གློག་བརྙན་ཞིག་ཡིན། གློག་བརྙན་འདིའི་ནང་དུ་སྤྱི་ལོ1757ལོའི་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མེ་གླིང་དུ་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱེད་པའི་ལོ་བདུན་གྱི་དམག་འཁྲུག་རྒྱལ་ལྗོངས་དུ་བྱས་ཏེ། མི་སེར་སྤེལ་མཁན་དང་གདོད་མའི་ཚོ་བ་བར་གྱི་འཐབ་རྩོད་དང་། རང་དབང་རང་བཙན་བརྩོན་ལེན་བྱེད་པའི་རིགས་རྒྱུད་དཀར་པོའི་མི་དང་མི་སེར་སྤེལ་མཁན་བར་གྱི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ས་ཚིགས་དབུས་མ།

《ས་ཚིགས་དབུས་མ》ཞེས་པའི་པར་ཙིར་གྱི་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་ཨོ་ཨར་ཐུ•སའེ་ལུ་སི་ཡིན་པ་དང་། གཙོ་འཁྲབ་པ་ནི་ཧྥེ་ཨར་ནན་ཏཱ•མེང་ཐན་ནཱ་ཀུ་ལོའུ་དང་མཱ་རུའེ་ལི་ཡཱ•པེ་ལཱ། ཝུན་ནེ་ཞི་སི•ཏུ•ཨོ་ལི་ཝེ་ལཱ་སོགས་ཡིན། བརྗོད་དོན་གཙོ་བོ་ནི་ཡའོ་ཧྲོ་ཡས་ཨ་ཕར་བཅངས་བའི་བརྩེ་དུང་གི་སེམས་འགྱུ་དང་ཨ་ཕ་བཙལ་བའི་གོ་རིམ་ལས་བྱིས་དུས་ཀྱི་ལོ་ཟླ་དང་འཚོ་བ་ནི་སྡུག་ཡུས་ཀྱི་མིག་ཆུ་དང་རྔུལ་ཁྲག་གི་ལམ་བུ་བརྗོད་ཡོད།

རིགས་དབྱེ།  

དབྱི་ཐ་ལིའི་མི།

《དབྱི་ཐ་ལིའི་མི》ཞེས་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་ཨན་ཏུ་ལི•ཁུ་ལཱ་ཧྥུའུ་ཧྥོ་ཁུའུ་ཁུ་ཡིན་པ་དང་། གཙོ་འཁྲབ་པ་ནི་ཧུ་ལི་ཡཱ•ཧྲི་པེ་ལི་ཏོའུ་ནོའུ་ཧྥུའུ་ཡིན། གློག་བརྙན་འདི་ལ་སྐབས55བའི་པོ་ལིན་རྒྱལ་སྤྱི་གློག་བརྙན་དུས་སྟོན་དང་སྐབས28པའི་བྱིས་པའི་གློག་བརྙན་དུས་ཆེན་གྱི་བྱིས་པའི་གློག་བརྙན་རྩེ་གྲས་དང་བྱིས་པའི་དཔྱད་སྡུར་ཚོགས་པའི་བྱ་དགའ་ཐོབ། སྐབས13པའི་ཧྲིན་ཕེ་ཏུ་པའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ལྟ་མཁན་ཀྱིས་འདེམས་ཤོག་འཕངས་པའི་གློག་བརྙན་རྩེ་གྲས། སྤྱི་ལོ2005ཨ་མུའུ་སི་ཐུ་ཏན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཐོག་མའི་བྱ་དགའ་སོགས་བྱ་དགའ་མང་པོ་ཐོབ།

རིགས་དབྱེ།  

དེང་གི་དུས་རབས།

《དེང་གི་དུས་རབས》ཞེས་པའི་གློག་བརྙན་འདི་ནི་ཁྲ་ལི•ཀྲུའོ་པིའེ་ལིན་གྱིས་འཁྲབ་ཁྲིད་དང་གཙོ་འཁྲབ་བྱས་པའི་སྤྲོ་གར་གློག་བརྙན་གྲགས་ཅན་ཞིག་ཡིན་ཏེ། གློག་བརྙན་འདི་ནི་ཨ་རིའི་གློག་བརྙན་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་གློག་བརྙན་ཞིག་དང་། སྐུ་ཞབས་ཁྲ་ལི•ཀྲུའོ་པིའེ་ལིན་གྱིས་ཆེས་ཕུལ་དུ་བྱུང་བའི་གློག་བརྙན་བརྩམས་ཆོས་གྲས་ཀྱི་གཅིག་ཡིན། གློག་བརྙན་འདིའི་བརྗོད་དོན་ནི་ཨ་རིའི་དཔལ་འབྱོར་སྤྱི་ཚོགས་ཉམས་རྒུད་ཅན་དང་བཟོ་ལས་སྒེར་སྡོམ་རིང་ལུགས་ཀྱི་དུས་སྐབས་ཤིག་གི་ངོ་གདོང་མཚོན་པའི་གནས་བབ་དང་དུས་བབ་ཞིག་ཡིན།

རིགས་དབྱེ།  

ཐེ་ལན་དིའི་བརྩེ་དུང་།

《ཐེ་ལན་དིའི་བརྩེ་དུང》ཞེས་པའི་ཐེ་ལན་དིའི་བརྩེ་དུང་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་ཁྲ་ཅི་ཡཱ་ཐུ•སཱ་ཁུ་ཝེ་ལཱ་ཁུའུ་ཡིན་པ་དང་། གཙོ་འཁྲབ་པ་ནི་ཝེ་ཐུ་ཝེ་སི་ཐུ•ཧའེ་ལུན་ཡཱ་ཨོ་ཨུན་ཁུའུ་དང་མཱ་ལི་ཨོ•མའོ་རུའེ་ཨར། ལའེ་ལཱ•པང་ཡཱ་ཧྲུའུ་སོགས་ཡིན།

རིགས་དབྱེ།