སྟག་མཆོང་རུ་ཁག

《སྟག་མཆོང་རུ་ཁག》ནི་ཝང་ཅི་ཞིང་གིས་འཁྲབ་ཁྲིད་བྱས་པ་དང་། ཧུའུ་ཅན་ཧྲེང་དང་ལྭེང་ཧུའུ་ཧྲེང་གིས་འཁྲབ་གཞུང་བརྩམས་པ་ཡིན། ལིའུ་ཝེ་དང་ལི་ཞུའེ་ཅན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་དམག་འཁྲུག་བརྗོད་བྱའི་གློག་བརྙན་ཞིག་རེད། གློག་བརྙན་འདི་ནི་སྤྱི་ལོ1998ལོར་སྐམ་ས་དང་ཤང་ཀང་ནས་ཐོག་མར་བཏང་། གློག་བརྙན་དེའི་ནང་འཇར་འགོག་དམག་འཁྲུག་སྐབས་ཧྲན་ཏུང་ལུའུ་ནན་ཙའོ་ཀྲོང་ཉེ་འགྲམ་གྱི་ལྕགས་ལམ་དང་རྡོ་སོལ་གཏེར་ཁའི་བཟོ་པས་འཇར་ཇག་ལ་འགོག་རྒོལ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཤམ་བྷ་ལ།

《ཤམ་བྷ་ལ》ནི་སྤྱི་ལོ1957ལོར་བསྟན་པའི་ཀྲུང་གོའི་ཟློས་གར་གློག་བརྙན་ཞིག་ཡིན་ཞིང་། མཱ་ཞུའུ་ཝུའེ་པང་གིས་འཁྲབ་ཁྲིད་བྱས་པ་དང་། ཧན་ཆིང་ཆིང་དང་ཀུའོ་ཅཱ་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད།

རིགས་དབྱེ།  

《ཕྱེ་མ་དམར་པོ》

《ཕྱེ་མ་དམར་པོ》ཞེས་པ་ནི་པེ་ཅིང་གློག་བརྙན་བཟོ་གྲྭ་དང་རྒྱ་མཚོ་ཆེན་པོའི་གློག་བརྙན་ལས་རིགས་ཚད་ཡོད་ཀུང་སིས་བཏོན་པའི་གློག་བརྙན་ཞིག་ཡིན་ཞིང་། ལི་ཧྲའོ་ཧུང་གིས་འཁྲབ་ཁྲིད་དང་ཝང་ཅི་དང་ཝང་ཀྲི་ཝུན། ཧུ་སའེ་ཧྥེ་བཅས་ཀྱིས་འཁྲབ་སྟོན་བྱས་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ལ། སྤྱི་ལོ1995ལོའི་ཟླ2པར་ཀྲུང་གོའི་སྐམ་ས་ཆེན་མོར་བསྟན་པ་རེད།

རིགས་དབྱེ།  

ལྷོ་ཕྱོགས་སུ་བསྐྱོད་པ།

《ལྷོ་ཕྱོགས་སུ་བསྐྱོད་པ》ཞེས་པ་ནི་པཱ་ཐུ་ཨེར་གྱིས་འཁྲབ་ཁྲིད་བྱས་པ་དང་རྩོམ་པ་པོ་ཏེང་དབྱི་ཀོང་གིས་འཁྲབ་གཞུང་བརྩམས་པ་དང་། ཡུའུ་ཀྲེན་དང་། སུའུ་ཡན། ལུའོ་ཧའེ་ཆུང་། ཝུའུ་ཅན་བཅས་ཀྱིས་འཁྲབ་སྟོན་བྱས་པའི་གསར་བརྗེའི་ལོ་རྒྱུས་ཟློས་གར་ཞིག་ཡིན། སྤྱི་ལོ2010ལོའི་ཟླ5བའི་ཚེས23ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐོག་མར་བསྟན་པ་རེད། ཟློས་གར་དེའི་ནང་སྤྱི་ལོ1948ལོ་ནས་སྤྱི་ལོ1958ལོ་བར་ཏང་གི་ན་གཞོན་ལས་བྱེད་པ་ཁག་ཅིག་རང་ཉིད་ཀྱི་བྱང་ཕྱོགས་ཕ་ཡུལ་ནས་ཁ་བྲལ་ཏེ་དཔུང་ཆེན་དང་མཉམ་དུ་ལྷོ་ཕྱོགས་སུ་བསྐྱོད་དེ་ལྷོ་ཕྱོགས་བཅིངས་འགྲོལ་དང་ལྷོ་ཕྱོགས་འཛུགས་སྐྲུན་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

བྱང་ཕྱོགས་ཀྱི་ཕོ་རྒོད།

《བྱང་ཕྱོགས་ཀྱི་ཕོ་རྒོད》ནི་སུན་ཐའོ་ཡིས་འཁྲབ་ཁྲིད་བྱས་པ་དང་ལིའུ་ཕེ་ཆི་དང་། ཅའོ་ཀང་། ལི་ཁྲེང་རུའུ། ཀྲང་ཧེང་བཅས་ཀྱིས་གཙོ་འཁྲབ་བྱས་པའི་འཇར་འགོག་དམག་འཁྲུག་གི་ཟློས་གར་ཞིག་རེད། སྤྱི་ལོ2010ལོའི་ཟླ1པོའི་ཚེས18ཉིན་ཧུ་ནན་བརྙན་འཕྲིན་ཟློས་གར་འཕྲིན་ལམ་དུ་ཐོག་མར་བསྟན་པ་ཡིན། སྤྱི་ལོ2011ལོའི་ཟླ6པའི་ཚེས15ཉིན་ཧྲན་ཏུང་བརྙན་འཕྲིན་ཁང་དུ་བསྟན་པ་རེད། ཟློས་གར་དེའི་ནང“གསེར་ཁབ་ཀྱི་རྒྱལ་པོ་ཡ་མཚན་གསུམ”ཞེས་འབོད་པའི་ཧྲན་ཏུང་གི་སྨན་པ་གྲགས་ཅན་ཝང་ཧོའེ་ཡོན་དམག་ཁོངས་ཀྱི་སྨན་པ་རྙིང་པ་ནས་མི་དམངས་དམག་དཔུང་གི་ཕུལ་བྱུང་དམག་དཔོན་དུ་གྱུར་བའི་འགྱུར་ལྡོག་བརྒྱུད་རིམ་བརྗོད་ཡོད།

རིགས་དབྱེ།  

ནང་རུལ་པ་ཚར་གཅོད་པ།

《ནང་རུལ་པ་ཚར་གཅོད་པ》ཞེས་པ་ནི་ཧྲི་ཀྲུང་ཧྲན་གྱིས་བྲིས་པའི་བརྩམས་སྒྲུང་རྩོམ་སྒྲིག་བྱས་པ་དང་། ཝུའུ་ཅུན་གྱིས་བཟོ་མཁན་གྱི་འགན་འཁུར་བ་དང་ཀྲང་ཞའོ་ཡཱ་ཡིས་འཁྲབ་གཞུང་རྩོམ་པ་པོ་དང་ཀྲང་ཧན་ཅེ་ཡིས་འཁྲབ་ཁྲིད་བྱས་པ་རེད། ཟློས་གར་དེ་ཏུའུ་ཁྲུན་དང་། ཡུའུ་རུང་ཀོང་། དབྱང་རུའོ་ཞི་བཅས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། ཟློས་གར་དེའི་ནང་འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་བརྩེ་དུང་གཅིག་པའི་སྤུན་ཟླ་གཉིས་ལས་དབང་གིས་ཁ་བྲལ་དུ་གྱུར་ནས་རྒྱལ་ཁབ་དང་ཁྱིམ་གྱི་འཁོན་འཛིན་དང་། ལྐོག་གཡོ་དང་བརྩེ་དུང་རིམ་བརྩེགས་སུ་འདྲེས་པའི་མི་ཚེ་སྐྱོ་གར་ཞིག་འཁྲབ་སྟོན་བྱས་ཡོད།

རིགས་དབྱེ།  

རྒྱལ་སྤྱིའི་མྱུར་སྐྱོབ་ཆེན་པོ།

《རྒྱལ་སྤྱིའི་མྱུར་སྐྱོབ་ཆེན་པོ》ནི་ཡུན་ནན་བརྙན་འཕྲིན་ལས་ཁུངས་དང་ཁྲུང་ཆིང་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྲེ་ཅང་ཧའོ་ཧན་རིག་གནས་འཕེལ་རྒྱས་ཚོགས་པ་དང་མཉམ་དུ་བཏོན་པའི་གསར་བརྗེའི་མཉམ་འབྲེལ་པར་ལེན་ཟློས་གར་ཞིག་ཡིན་ལ། ཞེ་ཧུང་གིས་འཁྲབ་ཁྲིད་བྱས་པ་དང་། ལེན་དབྱི་མིང་དང་ཁྲེན་གོ་ཁུན་སོགས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་ཡིན། ཟློས་གར་དེའི་ནང་གཙོ་བོ་འཇར་འགོག་དམག་འཁྲུག་སྐབས་ཀྱི་ཨ་རིའི་སྟག་འཕུར་རུ་ཁག་གི་གྲགས་ཅན་འཕུར་སྐྱོད་པ་ཧྲང་ཞའོ་ཁཱ་ཨུན་གྱིས་མཉམ་འབྲེལ་ཐོག་ཕར་རྒོལ་བྱེད་པའི་གསང་བའི་དམག་འཐབ་འཆར་གཞིའི་ལས་འགན་འཁུར་ནས་འཇར་པན་གསང་འཕྲིན་ཅུས་དང་འཐབ་རྩོད་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཅང་ནན་གྱི་ནང་རུལ་པ་ཚར་གཅོད་པ།

《ཅང་ནན་གྱི་ནང་རུལ་པ་ཚར་གཅོད་པ》ཞེས་པ་ནི་ཀྲུང་གུང་གི་ཕུལ་བྱུང་མི་སྣས་དཔའ་ཉམས་ལྡན་པའི་ངང་ནང་རུལ་པ་ཚར་གཅོད་པའི་གཏམ་རྒྱུད་ཞིབ་འབྲི་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་འདིས་མི་རྣམས་ཀྱིས་མི་ཤེས་པའི་ལོ་རྒྱུས་དེར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཐུན་མོང་མ་ཡིན་པའི་ཟུར་ཚད་ནས་འགོ་བཙུགས་ཏེ་ཐལ་རྡུལ་གྱི་འདས་དོན་དེ་དག་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་པ་དང་སྤྱི་ལོ2010ལོར་བསྟན་པ་རེད།

རིགས་དབྱེ།  

སྤུན་ཟླའི་དཔའ་བོ།

《སྤུན་ཟླའི་དཔའ་བོ》(མིང་གཞན་ལ《སྤྱི་ལོ1911ལོའི་འཕོ་འགྱུར》ཞེས་ཀྱང་ཟེར)ནི་ལེན་དབྱི་མིང་གིས་འཁྲབ་ཁྲིད་བྱས་པ་དང་། ཉིའེ་ཡོན་དང་། ཧུའོ་སི་ཡན། ཀྲང་ཧུང་རུའེ། ལེན་དབྱི་མིང་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གསར་བརྗེའི་བརྗོད་གཞིའི་བརྙན་འཕྲིན་ཟློས་གར་ཞིག་རེད། ཟློས་གར་དེ་ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་ཆེད་དུ་བརྙན་སྐྲུན་བྱས་པ་ཞིག་ཡིན་པ་དང་། ལྕགས་ཕག་ལོའི་གསར་བརྗེའི་དུས་སྐབས་སུ་ཚའེ་ཀྲེན་ཧྲེང་གིས་མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད་དཀའ་ཚེགས་ཆེ་ལ་དུས་ཡུན་རིང་པོའི་རྒྱལ་སྐྱོབ་ཀྱི་ལམ་བུ་འཚོལ་ཞིབ་ཀྱི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

རྒྱལ་ཁབ་དབུ་བརྙེས་པའི་ཡོན་ཞུན་ཀྲུའུ་ཏེ།

《རྒྱལ་ཁབ་དབུ་བརྙེས་པའི་ཡོན་ཞུན་ཀྲུའུ་ཏེ》ནི་ཁྲང་ཁྲུན་གློག་བརྙན་བཟོ་གྲྭས་བཏོན་པའི་དམག་འཁྲུག་བརྗོད་བྱའི་ལོ་རྒྱུས་ཟློས་གར་ཞིག་ཡིན་ཞིང་། ཝང་ཝུན་ཧྲེང་གིས་འཁྲབ་ཁྲིད་བྱས་པ་དང་། ཝང་ཝེ་ཀྲི་དང་། ཝང་ཝུའུ་ཧྥུའུ། ཝང་དབྱིན། ཀུའོ་ཝེ་ཧྭ་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཡོད། ཟློས་གར་འདིས་ཀྲུའུ་ཏེ་ཡི་བྱས་རྗེས་གལ་ཆེན་དང་མི་ཚེའི་གཏམ་རྒྱུད་ངོ་མཚར་ཅན་བརྗོད་ཡོད།

རིགས་དབྱེ།  

ཨ་ཕ།

《ཨ་ཕ》ཞེས་པ་ནི་ཧྲང་ཧའེ་ཚི་ཝུན་གློག་བརྙན་བརྙན་འཕྲིན་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་བཏོན་པ་ཞིག་ཡིན་པ་དང་། ཡུའུ་མིན་གྱིས་འཁྲབ་ཁྲིད་བྱས་པ་དང་། ལུའོ་ཅཱ་ལྭིང་། ཀྲང་ཞི་ལིན། ཀྲའོ་ལི་ཞིན། ལུའེ་དབྱི། ཧོང་ཅུན་ཕེང་། ཙེང་ཧུང་ཁྲང་། ཀྲེང་དབྱི་ཐུང་། ཧྥན་ཅིན་ལིན་བཅས་ཀྱིས་འཁྲབ་སྟོན་བྱས་པའི་འཇར་འགོག་དམག་འཁྲུག་གི་ཟློས་གར་ཞིག་ཡིན། ཟློས་གར་འདིའི་ནང་དུ་རང་ཉིད་ཀྱི་མི་ཚེ་བརྒྱུད་རིམ་གྱི་གསང་བ་རྟོགས་པའི་ཉིང་ཝུའུ་ཡོན་དང་། རང་གི་ཕ་རྒན་ངོ་མ་མིན་པའི་ཨ་ཕ་གསུམ་པོ་དང་མཉམ་དུ་སྨན་རྫས་ཀྱི་གྱོད་གཞིའི་ནང་ཚུད་པ་དང་རང་ཉིད་ཀྱི་གསང་བ་བརྟོལ་ནས་རང་གི་ཨ་ཕ་རྙེད་པ་དང“ཨ་ཕ”བཞི་དང་འབྲེལ་ནས་འཁོན་འགྲས་རྩོད་རྙོག་གི་གཏམ་རྒྱུད་ཅིག་བརྗོད་པ་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཀྱི་ལས་དབང་།

《རྒྱལ་ཁབ་ཀྱི་ལས་དབང》ནི་ཀྲུང་གོ་བརྙན་འཕྲིན་ཟློས་གར་བཟོ་སྐྲུན་ལྟེ་གནས་ཚད་ཡོད་འགན་འཁྲི་ཀུང་སི་དང་། བཅིངས་འགྲོལ་དམག་སྤྱི་སྒྲིག་ཆས་པུའུ་ཡི་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས། ཀྲེ་ཅང་ཧྭ་ཚེ་གློག་བརྙན་བརྙན་འཕྲིན་མ་རྐང་ཚད་ཡོད་ཀུང་སི། པེ་ཅིང་ཐེན་ཞིན་དབྱི་ཡོན་གློག་བརྙན་བརྙན་འཕྲིན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་བཏོན་པ་དང་། བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྒྲིག་ཆས་པུའུ་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཟི་བརྗིད་དངོས་མཚོན་རང་བཞིན་གྱི་གསར་བརྗེའི་ལོ་རྒྱུས་མཚོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན། ཡན་དབྱི་ཡིས་འཁྲབ་ཁྲིད་བྱས་པ་དང་། ཧན་ཀྲུང་དང་། ལིའུ་ཅིན། ཞེ་ཀང་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན།

རིགས་དབྱེ།  

ཟླ་བཅུ་བའི་གྲོང་ཁྱེར་བསྐོར་བ།

གློག་བརྙན《ཟླ་བཅུ་བའི་གྲོང་ཁྱེར་བསྐོར་བ》ཞེས་པ་དེ་ཁྲེན་ཏུ་སེན་གྱིས་འཁྲབ་འཁྲིད་བྱས་པ་དང་། ཁྲེན་ཁོ་ཞིན་གྱིས་ལྟ་སྐུལ་བྱས་ནས་བཟོས་པ་ཞིག་ཡིན་ལ། ཀྲེན་ཙི་ཏན་དང་། ཞེ་ཐེང་ཧྥེང་། ཝང་ཞུའེ་ཆི། ལྭིང་ཅཱ་ཧུའེ། ལི་ཡུའུ་ཁྲུན། ཧྥན་པིང་པིང་། ལི་མིང་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཡོད། གློག་བརྙན་དེའི་ནང་སྤྱི་ལོ1906ལོའི་ཟླ10བའི་ཚེས15ཉིན་གྱི་ཞང་ཀང་ཀྲུང་ཧོན་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གསར་བརྗེའི་དྲང་བདེན་པ་དང་། ཚོང་པ། སྤྲང་པོ། སློབ་མ། རྒྱན་འཛུགས་མཁན་སོགས་ཀྱིས་ཆིང་སྲིད་གཞུང་དང་དབྱིན་ཇིའི་སྲིད་གཞུང་གི་མཐོ་གནོན་གཉིས་བརྩེགས་འོག་ཁྲག་བཏོན་ནས་སུན་ཀྲུང་ཧྲན་སྲུང་སྐྱོང་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ།

《སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ》ཞེས་པ་ནི་ལྕགས་རི་རིང་པོའི་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚོགས་པ་དང་ ཀོང་ཏུང་ལྷོ་ཕྱོགས་བརྙན་འཕྲིན་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་ཐོག་མ་དངུལ་བཏང་ནས་བཏོན་པའི་གསར་བརྗེའི་བརྗོད་གཞིའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཝང་ཞའོ་མིང་གིས་འཁྲབ་ཁྲིད་བྱས་པ་དང་། ཐང་ཀུའོ་ཆང་དང་། སུན་ཝེ་མིན། ཁྲེན་ཅན་པིན། ཅང་ལིན་ཅིང་། ཀྲེང་ཀུའོ་ལིན་སོགས་ཀྱིས་གཙོ་འཁྲབ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པའི“མདེལ་གཉིས་སྐར་གཅིག”གི་སྔ་རྗེས་ཀྱི་ཀྱག་ཀྱོག་གི་ལོ་རྒྱུས་བརྗོད་པ་དང་། ཆན་ཞུའེ་སེན་དང་། ཆན་སན་ཆང་། ཏེང་ཅཱ་ཞན་སོགས་ཚན་རིག་པའི་ངོ་མཚར་ཆེ་བའི་མི་ཚེ་བསྐྱར་དུ་མངོན་ཡོད།

རིགས་དབྱེ།  

ནམ་ཡང་སུབ་མི་ཐུབ་པའི་ཨང་རྟགས།

《ནམ་ཡང་སུབ་མི་ཐུབ་པའི་ཨང་རྟགས》ཞེས་པ་ནི་ཞུའུ་ཅི་ཀྲོའུ་ཡིས་འཁྲབ་ཁྲིད་བྱས་པ་དང་། ཧོང་ཧའེ་པོ་དང་། ཝང་ལེ། ཡའོ་ཆན་ཡུའུ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་འཇར་འགོག་ཟློས་གར་ཞིག་ཡིན་པ་དང་། “ལི་ཏཱ་འཇོན་ཐང”གིས་ཁྲིད་ཡོང་བའི་འཐབ་གྲོགས་ཚོས་ཚད་ལྡན་གྱི་སྒྲིག་གཞི་མེད་པའི་རྫོང་རུ་ཆེན་ཞིག་བཙུགས་ནས་དགྲས་བཟུང་ས་ཁུལ་དུ་འཇར་པན་ཇག་རྒོལ་ལ་འཐབ་འཁྲུག་བྱེད་པའི་སྐྱོ་གར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད།

རིགས་དབྱེ།  

བུད་མེད་དམར་པོ།

《བུད་མེད་དམར་པོ》ཞེས་པ་ནི་ཀུའོ་ཅིང་ཡུའུ་དང་པའེ་ཧྲན་གྱིས་འཁྲབ་ཁྲིད་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཝང་ལུའོ་ཏན་དང་། དབྱང་ཀྲི་ཀང་། ལིའུ་ཝེ། ཝང་ཧུའེ་ཁྲུན། ཧྲི་ཁུ། ཝང་ཁྲའོ་སོགས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་རེད། ཟློས་གར་དེའི་ནང་སྨན་བཅོས་ལག་རྩལ་བྱང་ཆུབ་པའི་བུད་མེད་དམར་དམག་ཝང་ཞའོ་ཧུང་ནི་ས་གནས་དེ་གའི་མི་རྣམས་ཀྱིས“བུད་མེད་དམར་པོ”མི་ཡུལ་དུ་བབས་པ་ཞེས་བཀུར་ནས་ཁོ་མོས་ཡུའུ་ཕིང་རྫོང་ལ་ནམ་ཡང་མདོག་མི་འགྱུར་བའི་དྲན་ཤེས་དམར་པོ་ཞིག་བཞག་ཡོད།

རིགས་དབྱེ།  

ཤར་ཕྱོགས།

《ཤར་ཕྱོགས》ནི་ཐང་ཀུའོ་ཆང་གིས་འཁྲབ་ཁྲིད་དང་འཁྲབ་སྟོན་པ་གཙོ་བོ་བྱས་པ་དང་ལིའུ་ཞིན་གྱིས་འཁྲབ་གཞུང་བརྩམས་པ་དང་སུན་ཝེ་མིང་དང་ཙུང་ལི་ཆུན་སོགས་འཁྲབ་སྟོན་པས་མཉམ་དུ་འཁྲབ་སྟོན་བྱས་པའི་གསར་བརྗེའི་ལོ་རྒྱུས་ཟློས་གར་ཞིག་ཡིན་ལ་བརྙན་འཕྲིན་ཟློས་གར《བཅིངས་འགྲོལ》ཞེས་པའི་རྒྱུན་མཐུད་འཁྲབ་གཞུང་ཞིག་ཀྱང་ཡིན་པ་དང་སྤྱི་ལོ2011ལོའི་ཟླ3པའི་ཚེས22ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐོག་མར་བསྟན་པ་རེད། ཟློས་གར་དེའི་ནང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་པའི་རྒྱལ་སྤྱི་རྒྱལ་ནང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་དངོས་སུ་བཀོད་པ་དང་། སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་རྒྱལ་ཁབ་བཙུགས་ནས་སྤྱི་ལོ1957ལོའི་ཟླ11པའི་ཚེས7ཉིན་ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་ངོ40འཁོར་བའི་དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་ཀྱི་ཆབ་སྲིད་དང་། དམག་དོན། དཔལ་འབྱོར། ཕྱི་འབྲེལ། རིག་གནས་སོགས་ཕྱོགས་མང་པོའི་ཐད་ཀྱི་ཉམས་འགྱུར་མངོན་ཡོད།

རིགས་དབྱེ།