ཁཱ་ཐུང་གློག་བརྙན་ཞེས་པ་ནི་རི་མོ་སྤྱད་དེ་མི་སྣའི་སྣང་བརྙན་དང་ཟློས་གར་གྱི་བྱུང་བ་སྟོན་པའི་གློག་བརྙན་ལ་ཟེར་བ་དང་། དེ་ནི་རི་མོའི་གློག་བརྙན་གྱི་གཞི་རྩའི་རྣམ་པ་ཞིག་ཡིན།
《ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་སྒྲུང》ཞེས་པ་འདི་ནི་ཝུའུ་ཁྲེན་ཨུན་གྱིས་བརྩམས་ཤིང་། སུང་ཝུའུ་ཁུང་དང་ཐང་ཞོན་ཙང་། ཚུལ་ཁྲིམས་སྲུང་། ཀུན་གཙང་དགེ་སློབ་ཚོ་རྒྱ་གར་དུ་ཆོས་ལེན་དུ་སོང་བའི་གཏམ་རྒྱུད་བརྗོད་པའི་ཟློས་གར་ཞིག་ཡིན།
《མའོ་ཙེ་ཏུང་གི་ཉེ་སར་བཅར་བ》ཞེས་པ་ནི་སྤྱི་ལོ2003ལོར་ཀྲུང་དབྱང་གསར་འགྱུར་ཟིན་ཐོའི་གློག་བརྙན་བཟོ་སྐྲུན་བཟོ་གྲྭས་བཏོན་པའི་དངོས་བཤུས་གློག་བརྙན་ཞིག་རེད།
《དཔུང་སྐྱོད་ཆེན་པོ》ཞེས་པ་ནི་བརྒྱད་གཅིག་གློག་བརྙན་བཟོ་སྐྲུན་བཟོ་གྲྭས《ཐག་གཅོད་དམག་འཐབ་ཆེན་པོ》དང《ཁ་ཕྱོགས་འགྱུར་མཚམས་ཆེན་པོ》གཉིས་བཏོན་པའི་རྗེས་ཀྱི་བཅིངས་འགྲོལ་དམག་འཁྲུག་གི་མུ་འབྲེལ་གློག་བརྙན་ཞིག་ཡིན་ཞིང་། དེའི་ནང《ནུབ་བྱང་ཆེན་པོ་བཅིངས་འགྲོལ་གཏོང་བ》དང་།《ལྷོ་ཕྱོགས་ཀྱི་རྗེས་འདེད་ཆེན་པོ་ཚར་གཅོད》《ལྷོ་ནུབ་ཆེན་པོར་ཁྱབ་པ》《ཉིན་ཧུའུ་ཧང》ཞེས་པ་བཅས་ཁག་བཞི་ཚུད་ཡོད་པ་དེ་དག་སོ་སོར་སྤྱི་ལོ1996དང་། སྤྱི་ལོ1997ལོ། སྤྱི་ལོ1998ལོ། སྤྱི་ལོ1999ལོ་བཅས་བསྟན་པ་རེད།
གློག་བརྙན《སྤྱི་ལོ1925ལོའི་མའོ་ཙེ་ཏུང》ཞེས་པ་ནི་ཀྲང་ཅིན་པིའོ་ཡིས་འཁྲབ་ཁྲིད་གནང་བ་དང་། ཡན་མེ་ཁུའེ་ཡིས་འཁྲབ་གཞུང་བརྩམས་པ། ཝང་ལི་དང་། ཝང་ཧུའེ་ཅོན(ཅཱང་ཙི)ལི་ཝེ་རྨིན། ཀྲང་ཞའོ་པོ། ཁྲེན་ཏ་ཝེ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་དེ་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་པར་ལེན་བྱས་པ་དང་། སྤྱི་ལོ2001ལོའི་ཟླ6པའི་ཚེས5ཉིན་བསྟན་པ་རེད། གློག་བརྙན་ནང་བློ་མཐུན་མའོ་ཙེ་ཏུང་གིས་སྤྱི་ལོ1925ལོར་ཕ་ཡུལ་ཧྲའོ་ཧྲན་དུ་ལོག་ནས་ཞིང་པའི་མཚན་མོའི་སློབ་གྲྭ་བཙུགས་ཏེ་ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་བཙུགས་པ་དང་། ཞིང་པའི་ལས་འགུལ་སྐུལ་སློང་བྱས་ཏེ་ཀྲུང་གོའི་གསར་བརྗེ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།
《ཀྲོའུ་ཨེན་ལའེ་ཡི་ཕྱི་འབྲེལ་རླུང་འཚུབ》ནི་ཀྲུང་དབྱང་གསར་འགྱུར་ཟིན་ཐོའི་གློག་བརྙན་བཟོ་སྐྲུན་བཟོ་གྲྭས་ཕབ་ལེན་བྱས་པའི་ཚད་ལྡན་ཡིག་ཆའི་དངོས་བཤུས་གློག་བརྙན་ཞིག་ཡིན། ཧྥུའུ་ཧུང་ཞིན་གྱིས་འཁྲབ་ཁྲིད་གནང་བ་དང་། སྤྱི་ལོ1998ལོར་དངོས་སུ་བསྟན་པ་རེད། གློག་བརྙན་དེའི་ནང་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གོམ་སྟབས་འཁྱོར་འཁྱོར་གྱི་ཕྱི་འབྲེལ་ལོ་རྒྱུས་ཐོག་བཞག་པའི་རླབས་ཆེན་མཛད་རྗེས་དང་ཀྲུང་གོ་གསར་པའི་དུས་ཀྱི་དཀའ་ཚེགས་ཆེ་ལ་འོད་སྟོང་འཕྲོ་བའི་ཕྱི་འབྲེལ་ལོ་རྒྱུས་མངོན་ཡོད་པ་རེད།
《ང་ཡི་ཧྥ་རན་སིའི་ལོ་ཟླ》ཞེས་པ་ནི་ཀྲའེ་ཅུན་ཅེ་ཡིས་འཁྲབ་ཁྲིད་བྱས་པ་དང་། ཀྲུང་ཆིའུ་དང་། ཞ་ཡུས། ཀེ་ཚུན་ཀྲོང་། ལུའུ་ཆི་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གསར་བརྗེའི་ལོ་རྒྱུས་བརྗོད་བྱའི་གློག་བརྙན་ཞིག་ཡིན། གློག་བརྙན་དེའི་ནང་སྤྱི་ལོ1920ལོ་ནས་སྤྱི་ལོ1925ལོ་བར་གཞོན་ནུ་ཏེང་ཞའོ་ཕིང་ཧྥ་རན་སེར་ལས་སློབ་གཉིས་བརྩོན་བྱེད་པར་ཕེབས་སྐབས་བྱུང་བའི་ཀྱག་ཀྱོག་གི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་ཡོད། གློག་བརྙན་དེ་སྤྱི་ལོ2004ལོའི་ཟླ8པའི་ཚེས20ཉིན་པེ་ཅིང་དུ་ཐོག་མར་བསྟན།
《དམག་སྡེ་ཉེ་སར་སླེབས་པ》ཞེས་པ་ནི་ཧྥ་རན་སེའི་འཁྲབ་ཁྲིད་པ་རང•ཡ་ཁེ•ཨ་ནུའོ་ཡིས་འཁྲབ་ཁྲིད་བྱས་པ་དང་། ཆིའུ་ཏེ•ལུའོ་དང་ཨའེ་ཏེ•ཧ་ལི་སི་ཡིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཡིན་པ་དང་སྤྱི་ལོ2001ལོར་ཀྲུང་གོའི་སྐམ་ས་ཆེ་མོར་བསྟན་པ་རེད། གློག་བརྙན་དེ་རྩོམ་པ་པོ་ཝེ་ལན•ཁེ་ལེ་ཀེ་ཡིས་སྤྱི་ལོ1973ལོར་གསར་རྩོམ་བྱས་པའི་དངོས་བྲིས་བརྩམས་སྒྲུང་ཞིག་རེད། གློག་བརྙན་དེའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུའུ་ལེན་དམར་དམག་གི་ངོ་མཚར་ཆེ་བའི་འཇབ་རྒོལ་པ་ཝ་ཞིས་ལི་•ཁྲའེ་སེ་ཧྥུ་དང་འཇར་མན་དམག་དཔུང་གི་རྩེར་སོན་མེ་མདའ་རྒྱག་མཁན་ཁང་ཉི་ཧྲའོ་ཞའོ་ཡིས་སི་ཏ་ལིན་ཀེ་ལེའི་གཡུལ་འགྱེད་ཁྲོད་ཀྱི་ཤི་གསོན་གྱི་དམག་འཐབ་ཅིག་བརྗོད་ཡོད།
གློག་བརྙན་ལོ་རྒྱུས། བརྡ་འགྲེལ 8 ཡོད། |