ཨ་རིའི་འདས་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་འདས་དོན།
《ཨ་རིའི་འདས་དོན》ནི་རའོ་པུ་ཐུ•ཏུ་ནེ་རའོ་ཡིས་འཁྲབ་ཁྲིད་བྱས་ཤིང་། གློག་བརྙན་འདིའི་ཁྲོད་ཨ་རིའི་ཉིག་ཡོག་གི་ཡིའུ་ཐའེ་ཡི་སྡོད་ཁུལ་རྒྱབ་ལྗོངས་སུ་བྱས་ནས། མི་སྣ་གཙོ་བོ་ཐུག་པ་ཞེས་པ་གཞོན་ནུ་ཞིག་ནས་ནག་ཚོགས་ཀྱི་འགོ་གཙོ་ཞིག་ཏུ་གྱུར་བའི་བརྒྱུད་རིམ་བརྗོད་པའི་མཚུངས་སུ། དུས་རབས20པའི་ལོ་རབས20པ་ནས་ལོ་རབས60པའི་བར་གྱི་ཨ་རིའི་ནག་ཚོགས་ཀྱི་ལོ་རྒྱུས་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཨ་རིའི་འདས་དོན།
མ་བརྙན་མིང་།
Once Upon a Time in America
རྒྱ་འགྱུར་མིང་།
美国往事
རྒྱལ་ཁབ།
དབྱི་ཐ་ལི། ཨ་རི།
སྐད་རིགས།
དབྱིན་སྐད། ཧྥ་རན་སེའི་སྐད། དབྱི་ཐ་ལིའི་སྐད།
འཁྲབ་ཁྲིད་པ།
སུར་ཅེའོ•ལེ་ནུ།(SergioLeone)
གཙོ་འཁྲབ་པ།
རའོ་པུ་ཐུ•ཏུ་ནེ་རའོ།(Robert De Niro) ཀྲའེ་མུ་སུ•བུའུ་ཙི། ( James Woods)
འགྲེམ་དུས།
1984-2-17
ཡུན་ཚད།
སྐར་མ229།
བརྙན་རིགས།
གཏམ་རྒྱུད། ནག་ཉེས།
བྱ་དགའ་གཙོ་བོ།
སྐབས42བའི་ཨ་རིའི་གསེར་གྱི་གོང་བུ་རྟགས་མའི་འཁྲབ་ཁྲིད་པ་མཆོག་གྱུར་གྱི་འོས་མིང་དུ་ཚུད། སྐབས8པའི་ལྗར་པན་གློག་བརྙན་སློབ་གླིང་གི་བྱ་དགའི་ཁྲོད་ཕྱི་སྐད་ཀྱི་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ་པ་སོགས།
1 བྱུང་རིམ།

གློག་བརྙན་འདིའི་ནང་དུ་ལོ་རབས20པའི་ནང་། ཨ་རིའི་ཉིག་ཡོ (New York)གྲོང་ཁྱེར་གྱི་ཉེན་རྟོག་སྡེ་ཁག་ག་གེ་མོར་ནག་ཚོགས་སྐོར་ཞིག་གིས་ཆང་རག་ལྐོག་འཚོང་བྱེད་པའི་གསང་བ་ཡར་ཞུ་བྱས་ཤིང་། དེ་མར་ཉེན་རྟོག་པ་ཚོ་སྔོག་བཤེར་ཏུ་ཕྱིན་ནས་མེ་མདས་ཁོ་ཚོ་ལྔ་ལམ་དུ་བརྫངས་ཀྱང་། མིང་ལ་ཐུག་པ(noodles)ཟེར་བའི་མི་དེ་གཅིག་པུ་བྲོས་ཤོར་ཐུབ་པ་བྱུང་ཞིང་། ཁོ་ནི་ཏག་ཏག་གསང་བ་ཡར་ཞུ་བྱེད་མཁན་དེ་ཡིན་འདུག  ཁོས་དང་ཐོག་བསམས་པར་གྲོགས་པོ་ཚོའི་སྤྱོད་ངན་སྔོན་འགོག་བྱེད་ཨེ་ཐུབ་སྙམ་པ་ཡིན་ཡང་ལས་བསམ་སར་མ་སོང་གསེག་སར་སོང་སྟེ་ཁོའི་གྲོགས་པོ་ཚོའི་ཚེ་སྲོག་E1zdydVRy_1201020505.jpgཤོར་བས། ཁོ་རང་ནོངས་འགྱོད་དང་གདུང་བ་ཆེན་པོ་སྐྱེ་ཞོར་ཉིག་ཡོག་(New York)དང་ཁ་བྲལ་ནས་ཆུང་དུས་འཚར་ལོངས་འབྱུང་སའི་གནས་དེར་ཕྱིར་ལོག     ལོ་ངོ་སུམ་ཅུ་འཁོར་བའི་རྗེས་ལ་ཐུག་པ་ཉིག་ཡོར་ཡོང་དུས་ཁོའི་གྲོགས་པོའི་གྲས་ཀྱི་མིང་ལ་མེལ་ཁི་སི(Max)ཟེར་བ་དེ་ཤི་མེད་པར། དོན་ངོ་མར་སྐབས་དེ་དུས་མེལ་ཁི་སིས་ཉེན་རྟོག་པ་ལག་རོགས་སུ་བཀོལ་ནས་རང་གི་གྲོགས་པོ་ཚོ་གཡོ་འཚོང་བྱས་པ་དང་། ཁོ་ཚོའི་ཐུན་མོང་གི་གསོག་དངུལ་འབོར་ཆེན་དེ་སྤྱད་ནས་ཁོ་རང་གོ་སར་འཛེགས་ཐབས་བྱས་པའི་ལྐོག་ཇུས་དྲན་པ་ཡིན་པས། ཐུག་པ་ཡིས་དོན་རྐྱེན་དེའི་རྒྱབ་ལྗོངས་སུ་དེ་ལྟར་བསམ་ཡུལ་ལས་འདས་པའི་ལྐོག་གཡོ་ཞིག་གནས་ཡོད་པ་ཤེས་ཏེ། ཉེས་པ་འབའ་ཞིག་གིས་སྦགས་ཡོད་པའི་གྲོགས་པོ་དེ་དང་གཏན་བྲལ་བྱས་ཤིང་། མེལ་ཁོ་སི་ཡིས་རང་ཉིད་ཀྱི་ཚེ་སྲོག་གི་མཇུག་བསྡུས་པ་དེའོ།།

2 དཔྱད་གཏམ།

གཞོན་པ།--རྒས་པ།--ན་ཆུང་།--རྒན་པ།--གཞོན་པ།--རྒན་པ།--གཞོན་པའི་གོ་རིམ་འདི་ནི་ཨ་རིའི་འདས་དོན་གྱི་ལྷུག་བརྗོད་གོ་རིམ་ཡིན་ལ། གློག་བརྙན་འདིས་མ་གཞི་ནས་མི་ཚེ་ཧྲིལ་བོ་ཞིག་མཚོན་ཐུབ་བྱས་ཡོད་པར་གཞིགས་ན་དུས་ཚོད་ཀྱིས་ལྷུག་བརྗོད་ཀྱི་གོ་རིམ་ཧྲིལ་བོར་བརྡ་རྟགས་ཀྱི་ནུས་གོ་ཆོད་འདུག་སྟེ། མི་སྣའི་ན་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་མཐའ་འཁོར་གྱི་ཡོད་ཚད་འགྱུར་གྱིན་པ་དང་། འགྱུར་བའི་རྣམ་པ་དེ་དུས་ཚོད་ཀྱི་བརྡ་རྟགས་ལ་བརྟེན་ནས་གོ་མཚམས་གསལ་བོ་རེ་དབྱེ་ཡོད་པས། གློག་བརྙན་འདི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས་བཤད་ན་ཁྱད་ཆོས་འབུར་དུ་ཐོན་ས་གཅིག་ནི་ལྷུག་བརྗོད་བྱེད་སྟངས་ཀྱི་མཉེན་འགུག་ཁྲོད་ན་མངོན་འདུག་སྟེ། དགོས་དབང་གིས་དོན་དག་མང་པོ་ཞིག་བར་བཅུག་གིས་བརྗོད་པ་དེས་གློག་བརྙན་ཧྲིལ་བོའི་བརྗོད་དོན་གཟིགས་པོའི་p1020618136.jpgསྤྱན་སྔར་བསྟར་ཐུབ་པར་བྱས་ཡོད། ད་དུང་ཁྱད་ཆོས་གཞན་ཞིག་ནི་མི་སྣ་བཀོད་སྒྲིག་གི་ཐོག་ནས་མངོན་འདུག་སྟེ།  གློག་བརྙན་ནང་གི་ཕོ་གསར་དྲུག་པོ་དེ་དག་ཁོ་ཚོ་རང་རང་གི་རང་གཤིས་ཀྱི་ཚབ་བྱེད་དུ་བཞེངས་ཤིང་དེའི་ཐོག་ལ་རང་གཤིས་མི་འདྲ་བའི་བུད་མེད་གསུམ་བསྣན་པས་གློག་བརྙན་ཧྲིལ་བོའི་བརྙན་རིས་གྲུབ་འདུག་ལ། བརྙན་རིས་དེ་དག་ལས་མི་ཚེ་དང་མིའི་འཚར་ལོངས་ཀྱི་གོ་རིམ་ཧྲིལ་བོ་ཞིག་མཐོང་ཐུབ་པས་གློག་བརྙན་གྱི་བརྗོད་དོན་ཡང་ལྷུན་ཆགས་དང་ཁྱད་ཆོས་ཅན་ཞིག་ཏུ་བསྒྱུར་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-16

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།