གླེན་པ་རྣམ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླེན་པ་རྣམ་གསུམ།
《གླེན་པ་རྣམ་གསུམ》ནི་རྒྱ་གར་གྱི་བྲིན་སྐྱེན་པོའི་དཔེ་དེབ་ཀྱི་རྩོམ་པ་པོ་ཁྲེ་ཐཱན•པཱ་ཧཱ་ཐི་ཞེས་པའི་བརྩམས་སྒྲུང《གྲངས་ལྔའི་མི》ཞེས་པ་ནས་བསྒྱུར་བསྒྲིགས་བྱས་ལ། གློག་བརྙན་འདིའི་ཁྲོད་ཧྥར་ཧན་དང་། རཱ་ཇུ། རཱན་ཆོ་གསུམ་སློབ་ཆེན་འགྲིམ་དུས་རྒྱུགས་འབྲས་དང་འགྲན་རྩོད་གཉིས་གཙིགས་སུ་འཛིན་པའི་སློབ་གྲྭའི་ལམ་ལུགས་ལ་དགག་པ་བཏང་ནས་ཉིན་རྒྱུན་སློབ་གྲྭའི་ལུགས་འགལ་གྱི་བྱ་བ་མང་པོ་བསྒྲུབས་ཀྱང་། མཐར་སོ་སོའི་བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་བླངས་པའི་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
གླེན་པ་རྣམ་གསུམ།
མ་བརྙན་མིང་།
3Idiots
རྒྱ་འགྱུར་མིང་།
三傻大闹宝莱坞
རྒྱལ་ཁབ།
རྒྱ་གར།
སྐད་རིགས།
དབྱིན་སྐད། རྒྱ་གར་སྐད།
འཁྲབ་ཁྲིད་པ།
རཱ་ཁུ་མཱར•ཧེ་རཱ་ནེ།( Rajkumar Hirani)
གཙོ་འཁྲབ་པ།
ཨ་མིར•ཁཱན།( Aamir Khan) ཁཱ་རེས་ནཱ•ཁཱ་ཕོར ( Kareena kapoor)སོགས།
འགྲེམ་དུས།
2009ལོ།
ཡུན་ཚད།
སྐར་མ170།
བརྙན་རིགས།
གཏམ་རྒྱུད། སྤྲོ་གར། བརྩེ་དུང་།
བྱ་དགའ་གཙོ་བོ།
2010ལོར་རྒྱ་གར་རྒྱལ་སྤྱིའི་གློག་བརྙན་སློབ་གླིང་གི་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ་པ། 2010ལོར་རྒྱ་གར་གློག་བརྙན་གྱི་གཟིགས་མོ་བའི་བྱ་དགའི་་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ་པ་སོགས།
1 བྱུང་རིམ།

ཧྥར་ཧན་དང་། རཱ་ཇུ། རཱན་ཆོ་གསུམ་ནི་རྒྱལ་ཡོངས་བཟོ་སྐྲུན་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་ཞིང་། ཉལ་ཁང་ཡང་གཅིག་པ་ཡིན་པས་ཁོ་ཚོ་བློས་ཐུབ་ཀྱི་གྲོགས་པོར་ཆགས། སྒྲིག་ལམ་དོམ་པའི་སློབ་གྲྭ་འདིའི་ནང་རཱན་ཆོ་ནི་ཀུན་དང་མི་མཚུངས་པ་ཞིག་རེད། ཁོས་སློབ་སྦྱོང་བྱེད་དུས་བསམ་བློ་གང་ཡང་མི་གཏོང་བར་ངག་སྐྱོར་ཁོ་ན་བྱེད་པའི་ལམ་དུ་མི་འཇུག་ལ། ཐ་ན་མངོན་གསལ་དོད་པོས་སློབ་གཙོ་ལ"ནད་དུག"ཅེས་འབོད་དེ། ཁོའི་སློབ་གསོའི་བྱེད་སྟངས་ལ་དོགས་སློང་བྱེད་ཀྱི་ཡོད། ཁོས་རང་གི་གྲོགས་གཉིས་ལ་རང་རང་གི་ཕུགས་བསམ་འཚོལ་སྙེག་དགོས་པའི་སྐུལ་མ་གཏོང་བའི་མི་ཚད། ད་དུང་སློབ་jE9NeWd5IEtsoufBdX9hf3C0fE6.jpgགཙོའི་བུ་མོ་ཆུང་བ་ཕི་ཡཱ་ལ་མིག་ནང་དངུལ་ཁོ་ན་ལས་མེད་པའི་དགའ་རོགས་དང་ཁ་བྲལ་དགོས་པའི་བསམ་འཆར་ཡང་བཏོན། རཱན་ཆོའི་དམིགས་བསལ་གྱི་གཤིས་སྤྱོད་ལ་དཔེ་མཚོན་སློབ་མ"ཁ་དཀོན་པོ"མ་རངས་ཤིང་། ཁོས་རཱན་ཆོ་དང་རྒྱན་བཞག་སྟེ་ལོ་ངོ་བཅུའི་རྗེས་སུ། ཁོ་གཉིས་སུའི་སློབ་སྦྱོང་བྱེད་སྟངས་དེ་ལ་གྲུབ་འབྲས་ཆེ་བ་བླངས་འདུག་ལྟ་རྒྱུ་བྱས།

དེ་ལྟར་སློབ་གྲྭ་ཐོན་ནས་ལོ་ངོ་བཅུའི་རྗེས་སུ་གྲོགས་པོ་གཉིས་པོས་རཱན་ཆོ་འཚོལ་བའི་ལམ་བུར་ཞུགས། ཚང་མས་རཱན་ཆོ་ནི་རྒྱུ་མེད་འཁྱམ་པོ་གང་སར་བྱས་ནས་ཡོད་རེད་སྙམ་པའི་སྐབས་སུ། དོན་དངོས་ཐོག་རཱན་ཆོ་ནི་རང་རང་གི་འབད་བརྩོན་དང་བློ་རིག་ལ་བརྟེན་ནས་ཁེ་དབང་སྒེར་བདག་བཞི་རྒྱ་ལྷག་ཡོད་པའི་འཛམ་གླིང་གྲགས་ཅན་ཚན་རིག་པ་ཞིག་ཆགས་ཟིན། མཐའ་མར་ཁོའི་གྲོགས་གཉིས་པོས་ཁོ་རྙེད་པས་ཡུན་རིང་བྲལ་བའི"གླེན་པ་རྣམ་གསུམ"སླར་ཡང་བསྐྱར་དུ་འཛོམས། རཱན་ཆོར་ཁ་གཏད་ཀྱི་བརྩི་འཇོག་ཐོབ་པ་མ་ཟད་རང་གི་སེམས་ནང་གི་མཛངས་མ་དང་ཡང་མཉམ་འཛོམས་བྱུང་བ་རེད།

2 དཔྱད་གཏམ།

ལྟད་མོ་འདིར་དེང་གི་རྒྱ་གར་གཙོས་པའི་ཨེ་ཤེ་ཡའི་སློབ་གསོའི་ལམ་ལུགས་ལ་དགག་པ་བཏང་ཡོད་ལ། གློག་བརྙན་ནང་གི་ཞེ་མཐུན་པའི་གྲོགས་པོ་དེ་གསུམ་ནི་གོང་མའི་བཟོ་སྐྲུན་སློབ་གྲྭ་ཆེན་མོའི་སློབ་མ་རེད། ཁོ་ཚོར་རང་སོར་དམིགས་བསལ་གྱི་གཤིས་ཀ་རེ་ཡོད། རཱན་ཆོ་ནི་སྤྱང་གྲུང་དོད་ལ་ཆུང་དུས་ནས་ཕུགས་བསམ་ཅན་ཞིག་དང་།  ལྷག་པར་དུ་སློབ་རའི་ལུགས་སྲོལ་ཡོད་ཚད་ལས་བརྒལ་བས་མི་ཚད། དགེ་རྒན་དང་སློབ་གྲྭའི་དབུ་ཁྲིད་ཀྱི་མདུན་དུའང་རང་གི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་ཐུབ་མཁན་ཞིག་ཡིན། དེར་བརྟེན་ཁོས་རང་ཉིད་མི་ཚད་རང་གི་གྲོགས་གཉིས་ཀྱང་རྟག་པར་དཀའ་ངལ་ལ་གཏོད་ཀྱི་ཡོད། ཡིན་ཡང་ཁོ་གསུམ་པོའི་མཛའ་མཐུན་ལ་སྐྱོན་མ་ཤོར། དེ་བས། ཁོ་ཚོའི་འཛིན་གྲྭའི་ནང་ངག་སྐྱོར་ལ་དགའ་ཞིང་སློབ་སྦྱོང་ཆེད་དུ་སློབ་སྦྱོང་དང་། འགྲན་རྩོད་ཁོ་ན་གཙོར་QQ截图20160122105815.jpgའཛིན་ཏེ་སློབ་སྦྱོང་བྱས་པ་ལས། སློབ་སྦྱོང་གི་རྩ་བའི་དམིགས་ཡུལ་ཡེ་ནས་བསམ་བློ་མི་གཏོང་མཁན་གྱི་སློབ་མ་དེ་དང་ཁོ་ཚོ་གསུམ་པོའི་བར་རྩོད་པ་བྱུང་སྟེ།  ལོ་ངོ་མང་པོའི་རྗེས་ཁོ་ཚོའི་སུ་ལ་གྲུབ་འབྲས་ཆེ་བ་ཐོབ་མིན་ལ་རྒྱན་བཞག གཏམ་རྒྱུད་འདི་ལྟར་འགོ་ཚུགས་ཤིང་གླེན་པ་གསུམ་པོས་སློབ་རའི་ནང་ལུགས་བརྒལ་གྱི་བྱ་བ་མང་པོ་བརྩམས་པ་དང་ཆབས་ཅིག་ཏུ་ཁོ་ཚོའི་ལས་དབང་ལ་འགྱུར་ལྡོག་བཏང་བའི་དོན་རྐྱེན་ཐོན་པའི་བར་ལ་ལེགས་པོར་སྦྲེལ་མཐུད་དེ་གཏམ་རྒྱུད་ཀྱི་སྒྲིག་གཞི་བཀོད་སྒྲིག་བྱས་ཤིང་། མཐར་ཁོ་ཚོ་སུ་རྒྱལ་མིན་ནི་སྒྲུང་གི་བརྗོད་དོན་གཙོ་བོ་ཡིན་ལ་ཚང་མས་ཚོད་དཔག་བྱ་ཡུལ་དུ་གྱུར་བའང་དེ་ག་རང་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-22

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།