རྣོ་སྦྲེང་མཁན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྣོ་སྦྲེང་མཁན་པོ།
《རྣོ་སྦྲེང་མཁན་པོ》ནི་2002ལོར་འགྲེམ་གཏོང་བྱས་པའི་གློག་བརྙན་ཞིག་ཡིན་ཏེ། ཕོ་ལན་རྒྱལ་ཁབ་ཀྱི་ཡིའུ་ཐའེ་དབྱངས་རྩོམ་མཁན་དང་རྣོ་སྦྲེང་མཁན་ཞེ་པེ་མན་གྱི་རང་རྣམ་གཞིར་བཟུང་ནས་འཁྲབ་ཁྲིད་པ་རུའོ་མན་ཕོ་ལན་སི་ཁེ(Roman Polansk)ཡིས་འཁྲབ་ཁྲིད་བྱས་ཤིང་། དེའི་ཁྲོད་ཕོ་ལན་གྱི་ཡིའུ་ཐའེ་རྣོ་སྦྲེང་མཁན་དེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་སུ་འཚོ་གནས་དཀའ་བའི་གཏམ་རྒྱུད་ཞིབ་འབྲི་བྱས་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
རྣོ་སྦྲེང་མཁན་པོ།
མ་བརྙན་མིང་།
The Pianist
རྒྱ་འགྱུར་མིང་།
钢琴家
རྒྱལ་ཁབ།
ཧྥ་རན་སི། འཇར་མན། ཕོ་ལན།
སྐད་རིགས།
དབྱིན་སྐད། འཇར་མན་སྐད།
འཁྲབ་ཁྲིད་པ།
རའོ་མན•ཕའོ་ལན་ཟུག(Roman Polansk)
གཙོ་འཁྲབ་པ།
ཨེ་ཏུ་རུན•པུ་རའོ་ཏེ།(Adrien Brody) ཐའོ་མི་སི•ཁུ་ལེ་ཁྲི་མན(Thomas Kretschmann)སོགས།
འགྲེམ་དུས།
2002ལོ།
ཡུན་ཚད།
སྐར་མ150།
བརྙན་རིགས།
གཏམ་རྒྱུད། དམག་འཁྲུག བརྩེ་དུང་།
བྱ་དགའ་གཙོ་བོ།
སྐབས75པའི་ཨའོ་ཟི་ཁཱའི་གློག་བརྙན་མཆོག་གྱུར་གྱི་འོས་མིང་དུ་བདམས། སྐབས55པའི་ཁཱ་ན་གློག་བརྙན་དུས་ཆེན་དུ་གསེར་གྱི་ཏ་ལའི་བྱ་དགའ་ཐོབ།
1 བྱུང་རིམ།

ཞེ་པེ་མན(Wladyslaw Szpilman)ནི་ཕོ་ལན་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཁང་ཞིག་གི་རྣོ་སྦྲེང་དཀྲོལ་མཁན་ཡིན།  འཛམ་གླིང་འཁྲུག་ཆེན་གཉིས་པའི་དུད་ནག་ཕྱོགས་བཞིར་འཁྲིགས་དུས།  ཁོ་ཚང་གི་ཁྱིམ་མི་གང་བོ་ཝར་སཱའི(Warsaw)ལྗེའུ་རིགས(jewish)འདུས་སྡོད་ས་ཁུལ་ནས་སྡོད་མ་ཆོག་པར་གནས་སྤར་དགོས་བྱུང་པ་རེད།   ཁོ་ཚོ་ནཱ་ཙིའི(nazi)འདྲེ་ལག་ལ་གཞོལ་ཆེད་གནས་མེད་ཡུལ་འཁྱར་བྱས་ཀྱང་དམག་འཁྲུག་གི་དུད་སྤྲིན་ག་སར་ཁྱབ་པས་ཁོའི་ཁྱིམ་མི་དང་གཉེན་ཉེ་དག་གི་གཅེས་པའི་ཚེ་སྲོག་ཀྱང་ཤོར།   ཁོ་རང་ལ་ཡང་མནར་གཅོད་དང་ཉེས་འགེལ་གང་མང་བྱས་ཀྱང་།  གྲོགས་པོ་ཞིག་གི་རོགས་རམ་འོག་ནས་ཚེ་སྲོག་གི་འཇིགས་ཉེན་མེད་པ་ཙམ་ཡོང་། དམག་འཁྲུག་རིམ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་དུས་རིམ་ཤིག་ལ་གྲོགས་པོ་དེ་ཕྱིར་ཡུལ་དུ་ལོག་དགོས་བྱུང་བས།  ཁོ་རང་གཅིག་པུ་རྟེན་ས་དང་ཁེན་ས་མེད་པར་དམག་འཁྲུག་གི་ཉེན་ཁར་གཞོལ་བའི་དུས་ལ།  ལས་ལམ་ལ་སོང་ནས་ཁོའི་རོལ་དབྱངས་ལ་བྱང་པའི་སྒྱུ་རྩལ་གྱིས་འཇར་མན་གྱི་དམག་སྤྱི་ཞིག་གི་སེམས་པ་སྒུལ་ཐུབ་སོང་།  དམག་སྤྱི་དེས་སྲུང་སྐྱོབ་ཐོབ་པ་ནས་ཁོ་ལ་ཚེ་སྲོག་གི་ཉེན་ཁ་མེད་པར་རྣོ་སྦྲེང་གི་འགྱུར་ཁུགས་དཀྲོལ་བཞིན་མི་སེམས་ལ་གཡབ་མོ་བཏང་ནས་དམག་འཁྲུག་མཇུག་བསྡུས་ཤིང་རང་དབང་དང་ཞི་བདེ་ཡི་སྐྱ་རེངས་བསུ་ཐུབ་བྱུང་བ་རེད།

2 དཔྱད་གཏམ།

གློག་བརྙན་འདི་ཕོ་ལན(Poland)རྒྱལ་ཁབ་ཀྱི་རྣོ་སྦྲེང་མཁན་གྲགས་ཅན(Wladyslaw Szpilman)ཡི་རང་རྣམ་བརྩམས་སྒྲུང «གཤིན་རྗེའི་གྲོང་ཁྱེར»ཞེས་པ་གཞིར་བཟུང་ནས་འཁྲབ་གཞུང་དུ་བཅོས་པ་ཞིག་ཡིན།

རྣོ་སྦྲེང་གི་དབྱངས་རྟས་ཡོངས་སུ་བཟི་བའི་ཁོ་རང་གི་རྣམ་ཤེས་དེ་དམག་འཁྲུག་གིས་དཀྲོགས་སོང་རུང་། དམག་འཁྲུག་གི་ཉེན་ཁ་གང་མང་བརྒྱུད་མཐར་ཁོའི་རྣོ་སྦྲེང་ལ་བྱང་བའི་དབྱངས་རྟ་དེ་སླར་ཡང་ཞི་བདེ་བསུ་བའི་གཡབ་མོ་རུ་གྱུར་བའི་གཏམ་རྒྱུད་ཞིག་གིས་གློག་བརྙན་གྱི་གཞུང་དོན་ཁོག་འབུབས་ཐུབ་པར་བྱས་ཡོད་ལ། དམག་འཁྲུག་དང་རོལ་དབྱངས་ཀྱིས་མི་སེམས་ལ་བསླངས་པའི་མཐོ་རླབས་མི་འདྲ་བར་གཞིགས་ནས་སྒྱུ་རྩལ་གྱི་ཚད་ཐིག་ལ་སླེབས་པར་བྱས་ཡོད་སྙམ། དམག་འཁྲུག་གི་ནག་ཉེས་ཀྱིས་དིབ་པའི་ཁོར་ཡུག་ནས་རྣོ་སྦྲེང་གི་དབྱངས་རྟ་བཀབ་བྱུང་བས་རྣོ་སྦྲེང་མཁན་པོ་དེ་ཡང་ཡུལ་གྱར་ནས་ཉེན་གཡོལ་བྱེད་དགོས་བྱུང་། 1945ལོའི་ཝར་སཱའི་གྲོང་ཁྱེར་གྱི་ཞིག་རོའི་ཁྲོད་ན་འཁྱམས་པའི་ཡུའི་ཐེའི་རྣོ་སྦྲེང་མཁན་པོའི་ཉམ་ཐག་པའི་རྣམ་པ་དེ་མཐོང་དུས་མི་སེམས་བློང་བློང་པོར་བཏང་འགྲོ་ཞིང་།  དེ་ལྟར་བཀྲེས་སྐོམ་དང་འཇིག་ཉེན་གྱིས་དུབ་པའི་ཁོས་རྣོ་སྦྲང་དཀྲོལ་ཐེངས་ཤིག་གི་དབྱངས་རྟ་དེས་འཇར་མན་ནཱ་ཙེའི(nazi)དམག་དཔོན་ཞིག་གི་སེམས་པ་སྒུལ་ཐུབ་བྱུང་ལ། རོལ་དབྱངས་དཀྲོལ་ཐེངས་དེ་ནི་ཁོས་བརྙན་འཕྲིན་ཁང་དང་གར་སྟེགས་སུ་འཁྲབ་པའི་འགྱུར་ཁུགས་ལས་ཀྱང་སྙན་པས། གློག་བརྙན་གྱི་ནང་དོན་མཐོ་རླབས་སུ་བསྐྱལ་ནས་དམག་འཁྲུག་གིས་གཙེས་པའི་མིའི་རིགས་ལ་ཡིད་ཆེས་དང་རེ་བ་སྦྱིན་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-15

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།