གློག་བརྙན་གྱི་རྩ་བའི་ཤེས་བྱ།

དེ་ཡང་སྤྱི་ལོ1889ལོར་ཨ་མེ་རི་ཁའི་གསར་གཏོད་པའི་རྒྱལ་བོར་འབོད་པའི་ཨའེ་ཏི་ཧྲེང་གིས་གློག་བརྙན་གྱི་གནས་གཟུགས་འཕྲུལ་ཆས་གསར་གཏོད་བྱས་རྗེས་སུ་ལོ་ལྔའི་ཚོད་ལྟ་བརྒྱུད་མཐར་གློག་བརྙན་གྱི་མཐོང་ཤེལ་གསར་གཏོད་གནང་བ་རེད། དེ་བཞིན་དུ་ཧྥ་རན་སེའི་ཨའོ་ཀུའུ་སི་ཐཱ•ལུའུ་སྨི་ཨའེ་ཨེར་དང་ལུའུ་དབྱི་སི•ལུའུ་སྨི་ཨའེ་ཨེར་སྤུན་མཆེད་གཉིས་ནི་འཛམ་གླིང་སྟེང་བརྙན་ལེན་རྒྱུ་ཆ་བཟོ་སྐྲུན་བྱས་པའི་རླབས་ཆེ་བའི་གསར་གཏོད་པ་ཞིག་ཡིན། ཁོ་གཉིས་ཀྱིས་གློག་བརྙན་གྱི་སྤྱིན་ཤོག་འོད་ལེན་རྫས་བཅོས་བསྒྱུར་བྱས་པ་དང་བྱ་འགུལ་གློག་བརྙན་འཕྲུལ་ཆས་ཞིབ་འཇུག་བྱས་པ་ལེགས་འགྲུབ་བྱུང་བ་རེད། སྤྱི་ལོ1895ལོའི་ཟླ12པའི་ཚེས28ཉིན་འཛམ་གླིང་སྟེང་ཐེངས་དང་བོའི་བྱ་འགུལ་གློག་བརྙན་དངོས་སུ་སྤྱི་བསྒྲགས་བྱས། པ་ལི་ཡི་འཚིག་ཇ་འཐུང་སའི་ས་འོག་ཁང་བ་ནས་ལུའུ་སྨི་ཨེར་བཟོ་གྲྭའི་སྒོ་ཆེན། མེ་འཁོར་འབབ་ཚིགས་སུ་སླེབས་པ་སོགས་གློག་བརྙན་བརྒྱུད་གཏོང་བྱས་པ་ནས་བཟུང་གློག་བརྙན་དངོས་སུ་དབུ་བརྙེས་པ་ཡིན། དེའི་རྗེས་སུ་ལོ་རེའི་སྤྱི་ཟླ12པའི་ཚེས28ཉིན་ནི་འཛམ་གླིང་གི་གློག་བརྙན་ཉིན་མོ་ཞེས་མིང་བཏགས་པ་རེད། ཏཱ་ཝེ•ཀུ་ལི་ཧྥེ་སི་ནི་ཨ་མེ་རི་ཁའི་འཁྲབ་ཁྲིད་པ་ཞིག་ཡིན་ལ་ཁོའི་འཐུས་ཚབ་བརྩམས་ཆོས་ལ་རྒྱལ་ཁབ་ཅིག་དབུ་བརྙེས་པ་དང་རིས་ཆད་གཞན་རྒོལ་ཡོད་པ་མ་ཟད། གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་སྔོན་བྱོན་ལག་ལེན་བྱས་པ་དང་། ཨའེ་སེན་སི་ཐན་ནི་སྔོན་ཆད་ཀྱི་སུའུ་ལེན་རྒྱལ་ཁབ་ཀྱི་འཁྲབ་ཁྲིད་པ་དང་གློག་བརྙན་རིག་གཞུང་བ་ཞིག་ཡིན་ལ། ཁོའི་འཐུས་ཚབ་བརྩམས་ཆོས་ལ་དམག་གྲུ་པོ་ཅང་ཅིན་ཧའོ་གློག་བརྙན་པར་གཞི་བཅད་འབྲེག་དང་སྒྲིག་སྦྱོང་གི་རིག་གཞུང་འཕེལ་རྒྱས་སུ་བཏང་བ་རེད། གློག་བརྙན་གསར་གཏོད་ཀྱི་ལམ་བུ་ཀྱག་ཀྱོག་ཅན་དུ་བརྒྱུད་པའི་སྔོན་བྱོན་མེས་པོ་འདི་དག་གིས་རང་གི་བློ་གྲོས་དང་ལག་ཟུང་ལ་བརྟེན་ནས་མིའི་རིགས་ལ་བླ་ན་མ་མཆིས་པའི་ཕྱག་རྗེས་བཞག་ཡོད་པར་ཚད་མཐོ་ས་ནས་བརྩི་བཀུར་དང་གདེང་འཇོག་ཆེན་པོ་བྱས་པ་ཡིན། དེ་ཡང་རང་ཉིད་གློག་བརྙན་སྒྱུ་རྩལ་གྱི་རིག་གནས་ལ་དགའ་ཞེན་ཅུང་ཙམ་ཡོད་པའི་མི་ཞིག་གི་ངོས་ནས་ནམ་རྒྱུན་གློག་བརྙན་ཁ་ཁེར་ལ་རོལ་མྱོང་བྱ་རྒྱུ་ལ་དགའ་བོ་ཡོད། རང་ཉིད་ཀྱིས་གློག་བརྙན་རོལ་མྱོང་ལ་རྐྱེན་བྱས་ཏེ་རིམ་བཞིན་གློག་བརྙན་ཕྱོགས་ཀྱི་ཤེས་བྱ་ཡང་སློབ་སྦྱོང་བྱེད་པར་དུངས་པར་གྱུར། གཤམ་ནས་རང་གིས་དཔེ་དེབ་དང་དྲ་ཚིགས་བརྒྱུད་ནས་ཤེས་རྟོགས་བྱུང་ཞིང་ཕྱིས་སུ་ཟིན་བྲིས་སུ་བཏབ་པའི་གློག་བརྙན་དང་འབྲེལ་བ་གཏིང་ཟབ་པའི་ཤེས་བྱ་འགའ་ཞིག་འགོད་པར་བྱ།

རིགས་དབྱེ།  

གློག་བརྙན་དང་བརྙན་འཕྲིན་པར་ལེན་དང་སྒྲིག་སྦྱོར།

གློག་བརྙན་དང་བརྙན་འཕྲིན་པར་ལེན་དང་སྒྲིག་སྦྱོར་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

བརྙན་ལམ་ཕྱོགས་སྟོན་འབར་མདེལ།

བརྙན་ལམ་ཕྱོགས་སྟོན་འབར་མདེལ་ནི་བརྙན་འཕྲིན་བརྙན་ལེན་འཕྲུལ་ཆས་ཀྱིས་གྲུབ་པའི་སྣེ་ཁྲིད་མ་ལག་གི་འཕུར་མདེལ་ལ་ཟེར། བཀོལ་སྤྱོད་བྱས་ཟིན་པའི་བརྙན་ལམ་ཕྱོགས་སྟོན་འབར་མདེལ་ལ་གཙོ་བོ་རིགས་གཉིས་ཡོད། གཅིག་ནི་བརྙན་འཕྲིན་བཀའ་བརྡའི་སྣེ་ཁྲིད་འཕུར་མདེལ་དང་། གཞན་ཞིག་ནི་བརྙན་འཕྲིན་གྱིས་བཙལ་བའི་སྣེ་ཁྲིད་འཕུར་མདེལ་ཡིན།

རིགས་དབྱེ།  

བརྙན་འཕྲིན་སྒྲིག་བཟོ།

བརྙན་འཕྲིན་སྒྲིག་བཟོ་ཞེས་པ་ནི་བརྙན་འཕྲིན་ལེ་ཚན་སྣ་ཚོགས་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་ཟེར། དེའི་ནང་བརྙན་འཕྲིན་ལས་རིགས་ཀྱི་ཆེད་ལས་ཁག་དང་ཆེད་ལས་ཁག་གི་ལས་རིགས་དང་འབྲེལ་བ་ཡོད་པ་རེད།

རིགས་དབྱེ།  

བརྙན་འཕྲིན་ཟློས་གར་སྒྲིག་བཟོའི་ཆོག་འཐུས།

བརྙན་འཕྲིན་ཟློས་གར་སྒྲིག་བཟོའི་ཆོག་འཐུས་ནི་བརྙན་འཕྲིན་ཟློས་གར་བཟོ་དགོས་ཚེ་འབྲེལ་ཡོད་སྡེ་ཁག་གི་ཆོག་འཐུས་ཐོབ་པ་བརྒྱུད་དེ། 《རླུང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》ཡོད་པའི་ལས་ཁུངས་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པ(ཚུད)ཡན་གྱི་བརྙན་འཕྲིན་ཁང་། 《གློག་བརྙན་སྒྲིག་བཟོའི་ཆོག་འཐུས་ལག་ཁྱེར》ཡོད་པའི་གློག་བརྙན་བཟོ་སྐྲུན་ལས་ཁུངས་ལ་ད་གཟོད་བརྙན་འཕྲིན་ཟློས་གར་སྒྲིག་བཟོའི་ཐོབ་ཐང་ཡོད་པ་མ་ཟད། ད་དུང་ངེས་པར་དུ་བརྙན་འཕྲིན་ཟློས་གར་སྒྲིག་བཟོའི་ཆོག་འཐུས་ལག་ཁྱེར་ལོགས་སུ་ལེན་དགོས།

རིགས་དབྱེ།  

བརྙན་འཕྲིན་ཟློས་གར་གྱི་ཞིབ་བཤེར་བྱ་རིམ།

སྤྱི་ལོ2002ལོའི་ཟླ7པའི་ཚེས5ཉིན། རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་བརྙན་འཕྲིན་ཟློས་གར་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་། བརྙན་འཕྲིན་ཟློས་གར་གསར་རྩོམ་གྱི་ཁྲིད་ཕྱོགས་ཡང་དག་པ་ཡོང་བའི་འགན་ལེན་དང་། བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བ། བརྙན་འཕྲིན་ཟློས་གར་གྱི་སྒྱུ་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བརྙན་འཕྲིན་ཟློས་གར་ཞིབ་བཤེར་ལས་ཀའི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་ཆེད། བརྡ་ཐོའི་ནང་ཞིབ་བཤེར་སྙན་ཞུའི་གོ་རིམ་དང་ཞིབ་བཤེར་སྙན་ཞུའི་བླང་བྱར་གཏན་འབེབས་རབ་དང་རིམ་པ་བྱས་ཡོད།

རིགས་དབྱེ།  

གློག་བརྙན་སྒྲིག་བཟོ།

གློག་བརྙན་སྒྲིག་བཟོ་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན། ཆེད་ལས་འདིས་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་དང་། གློག་བརྙན་སྒྲིག་བཟོའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་རྩལ་ནུས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་བྱས་ནས། སྒྱུ་རྩལ་གྱི་བྱང་ཚད་དང་ལག་ལེན་གསར་གཏོད་ཀྱི་སྙིང་སྟོབས་ཆེ་ཙམ་ལྡན་པ། གློག་བརྙན་དང་། བརྙན་འཕྲིན། འགུལ་རིས། རོལ་རྩེད། བརྡ་ཁྱབ་སོགས་ལས་རིགས་སུ་འཁྲབ་ཁྲིད་པ་དང་། པར་ལེན་བརྙན་ལེན། འཁྲབ་གཞུང་ཇུས་འགོད། ཕྱིས་སུ་སྒྲིག་བཟོ་དང་། གློག་བརྙན་དང་བརྙན་འཕྲིན་སྒྲ་འཇུག དམིགས་བསལ་ནུས་པ་གསར་སྤེལ། རྟོག་བཟོའི་པར་ལེན། སྨྱན་སྦྱོར་སྒྲིག་བཟོ་དང་གློག་བརྙན་སྒྲིག་བཟོ་སོགས་འབྲེལ་ཡོད་ཁྱབ་ཁོངས་སུ་ལས་ཀ་བྱེད་པའི་གློག་བརྙན་སྒྲིག་བཟོ་མཉམ་འདྲེས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།

རིགས་དབྱེ།