ཧ་ཁྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧ་ཁྱི།
གློག་བརྙན《ཧ་ཁྱི》ནི1933ལོའི་ཉི་ཧོང་གི་དངོས་བྱུང་གཏམ་རྒྱུད་ཅིག་ནས་སྒྱུར་སྒྲིག་བྱས་ཤིང་། 2009ལོའི་ཟླ8པའི་ཚེས8ཉིན་གཏམ་རྒྱུད་འབྱུང་ཡུལ་ཏེ་ཉི་ཧོང་དུ་ཐོག་མར་བཀྲམ། གློག་བརྙན་འདིའི་ཁྲོད་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་གིས་ཁྱི་གུ་ཞིག་གཉོར་སྐྱོང་བྱས་ནས། ཁྱི་གུ་དེས་ནམ་རྒྱུན་དུས་ཚོད་ལྟར་ཕ་ཁི་ལས་ཀ་ཚུགས་པར་སྐྱེལ་བ་དང་། ཕྱི་དྲོ་དུས་ཚོད་ལྔའི་སྟེང་མེ་འཁོར་འབབ་ཚུགས་ཀྱི་སྒོ་ཁར་ཕ་ཁི་ལས་ཀ་གྲོལ་ནས་ཁྱིམ་དུ་ལོག་པར་བསྒུག་སྟེ་བསུ་བ་བྱེད། ཡིད་ཕངས་པ་ཞིག་ལ། ཉིན་ཞིག་དགེ་རྒན་ཆེན་མོ་དེ་གློ་བུར་ཏུ་སྙིང་ནད་འཕར་ནས་འཇིག་རྟེན་དང་ཁ་གྱེས་པས་མེ་འཁོར་འབབ་ཚུགས་ལ་ཕྱིར་ལོག་རྒྱུ་མ་བྱུང་བས། ཧ་ཁྱིས་ལོ་དགུའི་རིང་ཉིན་རྒྱུན་དུས་ཚོད་ལྟར་མེ་འཁོར་འབབ་ཚུགས་སུ་སོང་ནས་བདག་པོ་ལ་རེ་སྒུག་བྱས་པ་དང་། དེ་བཞིན་ཉིན་ཐོག་དང་ཉིན་དང་ཟླ་ཐོག་ཟླ་བཞག་ནས་ཁོ་འཇིག་རྟེན་དང་ཁ་བྲལ་རག་བར་རེ་སྒུག་བྱས་པའི་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཧ་ཁྱི།
མ་བརྙན་མིང་།
Hachi
རྒྱ་འགྱུར་མིང་།
忠犬八公的故事
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ལའེ་སི•ཧའོ་སི་ཐོར་མི།(Lasse Hallstorm)
གཙོ་འཁྲབ་པ།
རུའེ་ཁྲར་ཊི•གེའུ།(Richard Tiffany Gere) ཀྲོན•ཨེ་ལུན།( Joan Allen)
འགྲེམ་དུས།
2009-08-08
ཡུན་ཚད།
སྐར་མ93།
བརྙན་རིགས།
གཏམ་རྒྱུད།
1 ​བྱུང་རིམ།

གཏམ་རྒྱུད་འདིའི་ནང་དུ་རུའེ་ཁྲར་ཊི•གེའུ(Richard Gere)ཡིས་མིང་ལ་ཕ་ཁི་ཟེར་བའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་འཁྲབ་ཡོད། ཁོས་སྟེས་དབང་གིས་མེ་འཁོར་འབབ་ཚུགས་ནས་ཆིའུ་ཐེན་རིགས་ཀྱི་ཁྱི་གུ་ཞིག་རྙེད་པ་དང་མིང་ལ་ཧ་ཁྱི་ཞེས་བཏགས།  ཕ་ཁི་བཟའ་ཚང་གང་པོའི་གཉོར་སྐྱོང་འོག་ཁྱི་གུ་ཆུང་ཆུང་དེ་རིམ་བཞིན་འཚར་ལོངས་བྱུང་ནས་བོངས་ཆེ་དོམ་འདྲ་བ་ཞིག་ཏུ་གྱུར་ཅིང་།  འདི་ལྟར་ཕ་ཁི་དང་ཧ་ཁྱི་བར་ལ་བརྩེ་འདང་ལྷད་མེད་པ་ཞིག་ཆགས་པས།  ཧ་ཁྱིས་རྣམ་ཀུན་དུས་ཚོད་ལྟར་ཕ་ཁི་ལས་ཀ་ཚུགས་པར་སྐྱེལ་བ་དང་།  ཕྱི་དྲོ་དུས་ཚོད་ལྔའི་སྟེང་མེ་20130514204834-879125251.jpgའཁོར་འབབ་ཚུགས་ཀྱི་སྒོ་ཁར་ཕ་ཁི་ལས་ཀ་གྲོལ་ནས་ཁྱིམ་དུ་ལོག་པར་བསྒུག་སྟེ་བསུ་བ་བྱེད།  ཧ་ཁྱི་ཡི་ངོ་མཚར་བའི་བྱ་སྤྱོད་ཀྱིས་མི་ཐམས་ཅད་ལ་སེམས་འགུལ་ཐེབས་སུ་བཅུག   དེར་མ་ཟད།  ཉིན་ཞིག་ལ་ཧ་ཁྱི་ཡིས་ནམ་རྒྱུན་དང་མི་འདྲ་བའི་ཚུལ་ཞིག་བསྟན་པ་ནི།  སྔོན་ཆད་རྩེ་མྱོང་མེད་པའི་རྩེད་མོ་སྟེ་སྤོ་ལོ་ས་ཐོག་ནས་ལེན་པའི་རྩལ་དེ་མངོན་ཐུབ་པ་བྱུང་།  ཚུལ་དེ་མཐོང་རྗེས་ཕ་ཁི་སེམས་རབ་ཏུ་དགའ་བར་གྱུར་ནའང་།  ཡིད་སྐྱོ་དགོས་པ་ཞིག་ལ། དེ་ནི་ཁོ་གཉིས་ངོ་ཐུག་ཐེངས་མཐའ་མར་གྱུར་པ་རེད།

ཉིན་དེར་ཕ་ཁི་ཡིས་སློབ་ཁྲིད་བྱེད་སྐབས་གློ་བུར་ཏུ་སྙིང་ནད་འཕར་ནས་འཇིག་རྟེན་དང་ཁ་གྱེས།  ཡིན་ཡང་ཕྱི་དྲོ་དུས་ཚོད་ལྔ་པའི་སྟེང་ཧ་ཁྱི་ཡིས་ནམ་རྒྱུན་དང་འདྲ་བར་མེ་འཁོར་འབབ་ཚུགས་ནས་མིག་ཧྲིག་གེར་ཕ་ཁི་ཡོང་བར་རེ་སྒུག་བྱས་ཀྱང།  ཕ་ཁི་ལོག་རྒྱུ་མ་བྱུང་། དུས་དེ་ནས་བཟུང་ཧ་ཁྱི་ཡིས་ཉིན་གཅིག་ཀྱང་ཆད་པ་མེད་པར་མེ་འཁོར་འབབ་ཚུགས་ནས་རང་གི་བདག་པོ་ཡོང་བར་རེ་སྒུག་བྱས། ཉིན་ཐོག་ཉིན་དང་ཟླ་ཐོག་ཟླ་བཞག་ནས། ལོ་ངོ་དགུ་ཡི་རིང་ཁ་ཆར་རླུང་གསུམ་གང་ལའང་མ་འཛེམ་པར་དེ་ལྟར་རེ་སྒུག་བྱས་ཀྱང་། ཕ་ཁི་ཕྱིར་ལོག་རྒྱུ་མ་བྱུང་། མཐར་ཧ་ཁྱི་འཇིག་རྟེན་དང་ཁ་འབྲལ་རག་བར་བསྒུགས་ཀྱང་ཁོའི་བདག་པོ་ལོག་རྒྱུ་མ་བྱུང་།

2 དཔྱད་གཏམ།

གློག་བརྙན་འདི་ནི་གཏམ་རྒྱུད་ངོ་མ་ཞིག་ཡིན་ལ། ཧ་ཁྱི་ཡང་ཆེས་སྤྱིར་བཏང་གི་ཁྱི་གུ་ཞིག་ལས་མ་འདས། གཏམ་རྒྱུད་འདི་ལུགས་ལྡོག་གི་ཚུལ་གྱིས་བུ་ཆུང་ཞིག་གིས་སློབ་ཁྲིད་ཀྱི་སྐབས་སུ་གཏམ་རྒྱུད་བརྗོད་པ་ནས་འགོ་བརྩམས་ཡོད། གློག་བརྙན་འདིས་ཀུན་གྱི་ཆེས་ཡིད་དབང་འགུག་པའི་བརྗོད་བྱ་ནི་ཕ་ཁི་དང་ཧ་ཁྱི་གཉིས་ལས་མ་འདས་ཤིང་། ལྟ་མཁན་ལ་སེམས་འགུལ་ཐེབས་སུ་འཇུག་པའི་ནུས་པ་དོད་པོ་ལྡན་པ་སྟེ། གློག་བརྙན་འདིའི་འཁྲབ་ཡོལ་ཕྱེ་མ་ཐག་གི་གོམ་ཁ་མི་ཚུགས་པའི་ཁྱི་གུ་ཞིག་ནས།  གློག་བརྙན་མཇུག་སྒྲིལ་དུས་རྒས་ཤིང་འཁོགས་པར་གྱུར་ཏེ་མེ་འཁོར་འབབ་ཚུགས་fcfaaf51f3deb48fc899da9af01f3a292cf57885.jpgསུ་བདག་པོར་ཡོང་བར་རེ་སྒུག་བྱེད་པའི་སྣང་བརྙན་དེ་ནི་ཇི་འདྲའི་མི་སེམས་སྒུལ་བ་ཞིག་རེད་ཨང་།  མདོར་ན་གཏམ་རྒྱུད་ཀྱི་སྔ་མར་ཕ་ཁི་དང་ཧ་ཁྱི་གཉིས་འཕྲད་པ་ནས་བྱུང་བའི་གཏམ་རྒྱུད་སྤྲོ་པོ་དག་བརྗོད་བྱ་རུ་བྱས་ཤིང་། ཕྱི་མར་ཧ་ཁྱི་ཡིས་བདག་པོ་ལ་རེ་སྒུག་བྱེད་པའི་གཏམ་རྒྱུད་བརྗོད་ཡོད་ལ། མཇུག་མཐར་ཁ་བ་ལྷབ་ལྷུབ་འབབ་པའི་ཉིན་མོ་དེར་ཧ་ཁྱི་གྲང་རེག་ཁྲོད་གཉིད་དུ་ཡུར་བ་དང་བཅས་ཡིད་འགུལ་ཐེབས་པའི་སྣང་བརྙན་དེ་གཏམ་རྒྱུད་མཇུག་བསྡུས་པའི་བར་དུ་མུ་མཐུད་དུ་བཀོད་ཡོད་དོ། །


བརྡ་འགྲེལ་གདོང་འཛར།

གློག་བརྙན། གློག་བརྙན་བརྩམས་ཆོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-08

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།