གད་སྙིགས་ཀྱི་སྦག་བཙོག

གད་སྙིགས་ཀྱིས་ས་གཞི་ཧམ་བཟུང་བྱས་པ་དང་གཙང་བོ་སོགས་ཁེགས་པར་གྱུར་ནས། གཙང་སྦྲ་ལ་གནོད་པ་དང་ཡུལ་ལྗོངས་ཀྱི་མཛེས་ཆ་ལ་གནོད་པར་མ་ཟད། ལོ་ཏོག་གི་སྐྱེ་འཚར་དང་མི་ལུས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་སྣང་ཚུལ་དེ་ལ་གད་སྙིགས་ཀྱི་སྦག་བཙོག་ཟེར། དེ་ཡང་གད་སྙིགས་ཀྱི་སྦག་བཙོག་ལ་རིགས་ཆེན་པོ་གཉིས་ཡོད་དེ། བཟོ་ལས་སྙིགས་རོའི་སྦག་བཙོག་དང་འཚོ་བའི་གད་སྙིགས་ཀྱི་སྦག་བཙོག་གཉིས་ཡིན་ཞིང་། བཟོ་ལས་སྙིགས་རོའི་སྦག་བཙོག་ནི་བཟོ་ལས་ཐོན་སྐྱེད་དང་ལས་སྣོན་གྱི་གོ་རིམ་ཁྲོད་དུ་བྱུང་བའི་བེད་མེད་དངོས་རོ་ཡིན་ལ། དེ་ནི་གཙོ་བོ་སོལ་མ་རྡོ་དང་སོལ་ཐལ། ངར་ལྕགས་ཀྱི་སྙིགས་རོ། མཐོ་ཐབ་ཀྱི་སྙིགས་རོ། ས་དམར། སྤོས་འགྱིག རྡོ་སྣུམ་གྱི་སྙིགས་རོ་སོགས་ཡིན། ཡང་འཚོ་བའི་གད་སྙིགས་ཀྱི་སྦག་བཙོག་ནི་གཙོ་བོ་ཐབ་ཚང་གི་གད་སྙིགས་དང་འགྱིག་སྙིགས། ཤོག་སྙིགས། ཤེལ་སྒོ་ཆག་རོ། ལྕགས་རིགས་ཀྱི་ཐོན་རྫས་སོགས་ཡིན། གཞན་གྲོང་ཁྱེར་དུ་མི་གྲངས་ཇེ་མང་ལ་ཕྱིན་པའི་རྐྱེན་གྱིས་འཚོ་བའི་གད་སྙིགས་ནི་ལོ་རེའི10%ཡི་མྱུར་ཚད་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད།

རིགས་དབྱེ།  

གཙང་བོ་སྦག་བཙོག

གཙང་བོ་སྦག་བཙོག་ནི་ཐད་ཀར་རམ་ཐད་ཀར་མ་ཡིན་པའི་སྒོ་ནས་གཙང་བོའི་ནང་དུ་ཕྱིར་གཏོང་བྱས་པའི་དངོས་པོ་མི་གཙང་བ་ཡིས་གཙང་བོའི་སྤུས་ཚད་ཇེ་ཞན་དུ་བཏང་བའི་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

ཆིག་སྤྱོད་ཟས་སྣོད།

མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཆིག་སྤྱོད་རང་བཞིན་གྱི་ཤོག་བཟོས་ཕོར་བའམ་འཚོ་བའི་མཁོ་ཆས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཞིང་། དབྱིབས་དང་རྣམ་པ་འདྲ་མིན་སྣ་ཚོགས་མང་བོ་ཞིག་དང་། ཁོར་ཡུག་འདྲ་མིན་སྣ་ཚོགས་སུ་བཀོལ་སྤྱོད་བྱས་ཆོག་པའི་ཤོག་བཟོས་འཚོ་བའི་མཁོ་ཆས་ཟམ་མི་ཆད་པར་བྱུང་བ་ཡིན།

རིགས་དབྱེ།  

ཆུའི་སྦག་བཙོག

ཆུའི་སྦག་བཙོག་ནི་གནོད་ལྡན་རྫས་འགྱུར་དངོས་རྫས་ཀྱིས་ཆུ་ཡི་བཀོལ་སྤྱོད་ཀྱི་རིན་ཐང་དམའ་རུ་བཏང་བ་དང་མེད་པར་བཟོས་པ་དེ་ལ་ཟེར་ཞིང་། ཁོར་ཡུག་སྦག་བཙོག་བཟོ་བའི་ཆུ་ལ་བྱ་བ་ཡིན། དེ་ཡང་བཙོག་ཆུའི་ཁྲོད་ཀྱི་སྐྱུར་དང་བ་ཚྭ། དབྱང་འགྱུར་སྐུལ་རྫས་སོགས་དང་། ཟངས་དང་ཁད། དངུལ་ཆུ། སེན་སོགས་འདྲེས་སྦྱོར་དངོས་རྫས། པུན་དང་ཁིལ་གཉིས་དབྱི་ཝན། དབྱི་གཉིས་ཆང་རག་སོགས་སྐྱེ་ལྡན་དུག་རྫས་བཅས་ཀྱིས་ཆུ་ནང་དུ་འཚོ་བའི་སྐྱེ་དངོས་དུག་ཕོག་ནས་འཆི་བར་འགྱུར་བ་ཡིན་ལ། འཐུང་ཆུ་སྦག་བཙོག་བཟོ་བ་དང་ཡུལ་ལྗོངས་ཁུལ་གྱི་ལྗོངས་རྣམ་ལ་གནོད་པ་ཚབས་ཆེན་ཐེབས་སྲིད་པ་ཡིན།

རིགས་དབྱེ།  

དཀར་པོའི་སྦག་བཙོག

དཀར་པོའི་སྦག་བཙོག་ནི་མི་རྣམས་ཀྱིས་ས་འོག་ཏུ་འཐིམ་དཀའ་བའི་སྤོས་འགྱིག་གི་གད་སྙིགས་ཀྱིས་ཁོར་ཡུག་སྦག་བཙོག་བཟོས་པའི་སྣང་ཚུལ་རིགས་ཤིག་གི་སྒོ་ནས་བཏགས་པའི་མིང་བརྡ་ཞིག་ཡིན་ལ། དེ་ནི་ཆ་རྡུལ་མཐོན་པོའི་རིགས་ཀྱི་འདྲེས་སྦྱོར་དངོས་རྫས་ཀྱིས་བཟོས་པའི་འཚོ་བའི་སྤོས་འགྱིག་ཐོན་རྫས་རིགས་རྣམ་པ་སྣ་ཚོགས་བཀོལ་སྤྱོད་བྱས་རྗེས། གང་བྱུང་དུ་གཡུགས་པ་ཡིས་སྲ་གཟུགས་ཀྱི་ཟོག་རོར་གྱུར་བ་དེ་ལ་ཟེར་ཞིང་། མི་རྣམས་ཀྱིས་གད་སྙིགས་གང་སར་གཡུགས་པ་ཡིས་ཐག་གཅོད་ལེགས་པོ་བྱ་དཀའ་བར་གྱུར་ནས། ཁོར་ཡུག་གི་སྦག་བཙོག་ཧ་ཅང་ཚབས་ཆེན་དུ་གྱུར་བའི་སྣང་ཚུལ་བྱུང་བ་ཡིན།

རིགས་དབྱེ།  

དཀར་འོད་ཀྱི་སྦག་བཙོག

དཀར་འོད་ཀྱི་སྦག་བཙོག་ནི་འོད་ཀྱི་སྦག་བཙོག་རིགས་ཤིག་ཡིན་ལ། དེ་ནི་གཙོ་བོ་ཉིན་དཀར་ཉི་འོད་ཀྱི་འགྱེད་འཕྲོ་ཤིན་ཏུ་དྲག་པོ་ཡིན་པའི་སྐབས་སུ། གྲོང་ཁྱེར་ནང་དུ་བཟོ་སྐྲུན་གྱི་ཤེལ་ལས་གྲུབ་པའི་ཕྱི་གྱང་དང་འོད་ལྡན་རྩིག་པ། བརྡར་ནས་འཇམ་པོ་ཡིན་པའི་རྡོ་ཀ་མ་རུ། འབྱུག་རྫས་སྣ་ཚོགས་པ་སོགས་ཀྱི་མཛེས་སྤྲས་ཀྱི་ལྡོག་འཕྲོའི་འོད་ཐིག་གིས་བསྐྱེད་པའི་འོད་ཀྱི་སྦག་བཙོག་ལ་བྱ་བ་ཡིན། དེ་ཡང་མེ་ལོང་གི་ལྡོག་འཕྲོ་རེད་ཅེས་ཀྱང་བཤད་ཆོག་སྟེ། དངོས་གཟུགས་ཀྱི་ལྡོག་འཕྲོའི་ངོས་ནི་ཧ་ཅང་འཇམ་པ་དང་། འོད་ཐིག་ནི་མཉམ་འགྲོའི་ལྡོག་འཕྲོ་ཡིན། དཔེར་ན། མེ་ལོང་དང་ཆུ་ངོས་སོགས་ལྟ་བུ།

རིགས་དབྱེ།  

དངུལ་ཆུའི་སྦག་བཙོག

དངུལ་ཆུའི་འདྲེས་སྦྱོར་དངོས་རྫས་སྣ་ཚོགས་ཀྱི་དུག་གི་རང་བཞིན་གྱི་བར་ཁྱད་ཤིན་ཏུ་ཆེ་བ་ཡིན། དེ་ཡང་སྐྱེ་མེད་དངུལ་ཆུའི་ཁྲོད་ཀྱི་དངུལ་ཆུ་རིགས་དེ་ནི་དུག་ཤེད་ཆེ་བའི་དངོས་རྫས་ཡིན་པ་དང་། སྐྱེ་ལྡན་དངུལ་ཆུའི་ཁྲོད་ཀྱི་དངུལ་ཆུ་རིགས་དེར་དུག་ཤེད་དེ་འདྲའི་ཆེན་པོ་ཡོད་པ་མ་ཡིན་ལ། དངུལ་ཆུ་དེ་རིགས་མིའི་ལུས་སྟེང་དུ་ཞུགས་པ་ཡིན་ན། ཀླད་པའི་ནང་དུ་གསག་པ་ཡིན་ཞིང་དུག་ཤེད་ཧ་ཅང་ཆེ་བ་ཡིན།

རིགས་དབྱེ།  

དུ་ཞག་གི་སྦག་བཙོག

དུ་ཞག་གི་སྦག་བཙོག་ནི་མཁའ་དབུགས་ཁྲོད་ཀྱི་དངོས་རྫས་མི་གཙང་བ་རྐྱེན་དུ་བྱས་ནས་མཁའ་དབུགས་ཀྱི་ངོ་བོ་སྡུག་ཏུ་ཕྱིན་པའི་སྣང་ཚུལ་རིགས་ཤིག་ལ་ཟེར་བ་ཡིན་ལ། དེ་ཡིས་བཟོས་པའི་གནོད་སྐྱོན་ལ་ཕྱོགས་མང་བོ་ཡོད་ཅིང་། རླུང་ཁམས་ཆེན་པོའི་ཁྲོད་ཀྱི་ཚངས་ཐིག་ལ་ཝེ་སྨི5མན་གྱི་རིལ་བུ་མིའི་གློ་སྦུག་གི་ཆེས་ཟབ་སར་ཞུགས་པ་ཡིན།

རིགས་དབྱེ།  

ནག་པོའི་སྦག་བཙོག

ནག་པོའི་སྦག་བཙོག་ནི་དཀར་པོའི་སྦག་བཙོག་ལ་བལྟས་ནས་བཏགས་པའི་སྦག་བཙོག་གི་རིགས་ཤིག་ཡིན་ལ། དེ་ནི་གཙོ་བོ་འགྱིག་འཁོར་གྱིས་ཁོར་ཡུག་ལ་ཐེབས་པའི་སྦག་བཙོག་ཡིན། མིག་སྔར། རང་རྒྱལ་ནི་འཛམ་གླིང་སྟེང་གི་འགྱིག་ཟད་གྲོན་གྱི་རྒྱལ་ཁབ་དང་པོ་དང་འགྱིག་ནང་འདྲེན་གྱི་རྒྱལ་ཁབ་དང་པོ་ཡིན་ཞིང་། རྒྱལ་ཡོངས་ནས་ལོ་རེར་ཐོན་པའི་འགྱིག་འཁོར་ནི་ཧ་ལམ་དུང་ཕྱུར1དང་བྱེ་བ4ལྷག་ཡོད།

རིགས་དབྱེ།  

བཟོ་ལས་ཀྱི་སྦག་བཙོག

བཟོ་ལས་ཀྱི་སྦག་བཙོག་ནི་བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་བྱུང་བའི་བཙོག་རླངས་དང་བཙོག་ཆུ་སོགས་ཀྱིས་ཁོར་ཡུག་ལ་སྦག་བཙོག་བཟོས་པ་ལ་ཟེར་ཞིང་། དེ་ནི་གཙོ་བོ་བཙོག་ཆུ་ལ་སོགས་པ་དང་འུར་སྒྲ་སྣ་ཚོགས་ཀྱིས་བཟོས་པ་ཡིན།

རིགས་དབྱེ།  

བསྐྱར་བཟོས་སྤོས་འགྱིག

བསྐྱར་བཟོས་སྤོས་འགྱིག་ནི་སྤོས་འགྱིག་ཡང་བསྐྱར་བཀོལ་སྤྱོད་བྱས་པ་ལ་ཟེར་བ་ཡིན་ཞིང་། འཕྲུལ་ཆས་ཀྱིས་གཅོད་གཏུབ་སོགས་བྱས་རྗེས་སྤོས་འགྱིག་གསར་དུ་བཟོས་པ་ལ་བརྟེན་ནས། ཡང་བསྐྱར་ཐེངས་གཅིག་ལ་བཀོལ་སྤྱོད་བྱས་པ་དེར་ཟེར་བ་ཡིན།

རིགས་དབྱེ།  

མཐོང་ལམ་སྦག་བཙོག

དེང་རབས་ཅན་གྱི་གྲོང་ཁྱེར་ནང་དུ་མཐོང་ལམ་གྱི་ཁོར་ཡུག་རིགས་གཉིས་ཀྱིས་རྒྱུན་པར་མི་རྣམས་ལ་སུན་སྣང་བཟོ་བ་ཡིན་ཏེ། དེ་ནི་ནང་དོན་མེད་པའི་མཐོང་རྒྱ་དང་རྒྱུ་རྐྱང་མཐོང་རྒྱ་གཉིས་ཡིན།

རིགས་དབྱེ།  

མཛེས་སྤྲས་ཀྱི་སྦག་བཙོག

ཁང་བའི་ནང་མཛེས་སྤྲས་བྱས་པ་ལས་བྱུང་བའི་སྦག་བཙོག་ནི་གསར་དུ་བྱུང་བའི་ཁོར་ཡུག་སྦག་བཙོག་རིགས་ཤིག་ཡིན་ལ། དེ་ཡང་མཛེས་སྤྲས་བྱས་པ་ལས་ཁང་བའི་ནང་གི་ཁོར་ཡུག་ལ་སྦག་བཙོག་ཐེབས་པ་ལ་ཟེར།

རིགས་དབྱེ།  

ཚ་བའི་སྦག་བཙོག

ཚ་བའི་སྦག་བཙོག་ནི་དེང་རབས་བཟོ་ལས་དང་འཚོ་བའི་ཁྲོད་ཕྱིར་གཏོང་བྱས་པའི་བཙོག་ཚས་བཟོས་པའི་ཁོར་ཡུག་གི་སྦག་བཙོག་ལ་ཟེར་བ་ཡིན།

རིགས་དབྱེ།  

ཚོན་ལྡན་འོད་རྒྱུའི་སྦག་བཙོག

ཚོན་ལྡན་འོད་རྒྱུའི་སྦག་བཙོག་ནི་བྱེ་བྲག་ཏུ་ཞབས་བྲོ་ཁང་དང་མཚན་མོའི་རོལ་རྩེད་ཁང་། མཚན་མོའི་སྤྲོ་གསེང་ཁང་སོགས་ཀྱི་གློག་འོད་ནག་པོ་དང་འཁོར་སྐྱོད་ཀྱི་གློག་འོད། ཡིང་ཀོང་གློག་འོད། འོད་ཆེམ་ཆེམ་གྱི་ཚོན་ལྡན་འོད་རྒྱུ་ནས་ཐོན་པའི་ཚོན་ལྡན་འོད་རྒྱུས་གྲུབ་པའི་འོད་ཀྱི་སྦག་བཙོག་ལ་ཟེར་བ་ཡིན་ལ། དེ་ཡི་སྨུག་ཕྱིའི་འོད་ཟེར་ཀྱི་ཚད་ནི་ཉི་མའི་ཁྲོད་ཀྱི་སྨུག་ཕྱིའི་འོད་ཟེར་གྱི་ཚད་ལས་དྲག་པོ་ཡིན་པ་རེད།

རིགས་དབྱེ།  

ཞའི་སྦག་བཙོག

ཞ་ནི་ལྕགས་རིགས་ལྗིད་གྲས་ཁམ་ནག་གི་རིགས་ཤིག་ཡིན་ལ། ཚ་བོ་བྱས་ནས400-500℃ལ་སླེབས་པའི་སྐབས་སུ་ཞའི་རླངས་པ་དེ་ཞའི་དུ་ཞག་ཏུ་འགྱུར་བ་ཡིན་ཞིང་། ཞ་ཕྱེ་དཀར་པོ་བཟོ་བའི་གོ་རིམ་ཁྲོད་དུ་ཞའི་དུ་ཞག་གང་སར་ཁྱབ་ནས། མཁའ་དབུགས་སྦག་བཙོག་བཟོ་བ་དང་། མཁའ་དབུགས་ཁྲོད་ཀྱི་ཞའི་དུ་ཞག་གིས་མིའི་བདེ་ཐང་ལ་གནོད་པ་ཡིན།

རིགས་དབྱེ།  

འགྱེད་འཕྲོའི་སྦག་བཙོག

རང་བྱུང་ཁམས་དང་མིས་བཟོས་ཐོན་སྐྱེད་ཀྱི་གཞི་རྒྱུའི་ཁྲོད་རང་འགུལ་གྱིས་ངོ་བོ་འགྱུར་བ་འགའ་ཤས་ཡོད་པར་མ་ཟད། དེ་ལས་འཕྲོས་པའི་འགྱེད་འཕྲོའི་འོད་ནི་མིག་གིས་ཟིན་པ་མ་ཡིན་ལ། གཞི་རྒྱུ་དེ་དག་ལ་འགྱེད་འཕྲོ་རང་བཞིན་གྱི་གཞི་རྒྱུའམ་འགྱེད་འཕྲོ་རང་བཞིན་གྱི་དངོས་རྫས་ཞེས་འབོད་པ་ཡིན།

རིགས་དབྱེ།  

འབར་བའི་སྦག་བཙོག

འབར་བའི་གོ་རིམ་ཁྲོད་ཀྱི་ཆེས་རྒྱུན་མཐོང་གི་སྦག་བཙོག་དངོས་རྫས་ནི་དབྱང་གཅིག་ཐཱན་འགྱུར་དང་དབྱང་གཉིས་མུ་སི་འགྱུར་རྫས། ཏན་ཁིལ་འདྲེས་སྦྱོར་དངོས་རྫས། དུ་ཞག་ས་རྡུལ་བཅས་ཡིན།

རིགས་དབྱེ།  

འུར་སྒྲའི་སྦག་བཙོག

འུར་སྒྲ་ནི་སྒྲ་འདོན་དབང་བོ་འདར་བའི་སྐབས་སུ་བྱུང་བའི་སྒྲ་ལ་ཟེར་ཞིང་། སྒྲ་ནི་དངོས་པོ་གང་ཞིག་འདར་བ་ལས་བྱུང་བ་ཡིན་པས། རླབས་རིས་ཀྱི་ཚུལ་དུ་མཚམས་སྦྱོར་དངོས་པོ་ངེས་ཅན་གྱི་ཁྲོད་ཁྱབ་སྒྲོག་བྱ་བ་ཡིན་ཞིང་། རྒྱུན་པར་མི་རྣམས་ཀྱིས་བཤད་ཀྱིན་པའི་འུར་སྒྲའི་སྦག་བཙོག་ནི་མང་ཆེ་བ་མིས་བཟོས་ཡིན།

རིགས་དབྱེ།  

འོད་ཀྱི་སྦག་བཙོག

འོད་ཀྱི་སྦག་བཙོག་ནི་བཙོག་ཆུ་དང་བཙོག་རླངས། སྙིགས་རོ། རྣར་གཟན་པའི་སྒྲ་སོགས་ཀྱིས་སྦག་བཙོག་བཟོས་རྗེས་ཀྱི་ཁོར་ཡུག་སྦག་བཙོག་གི་ཁུངས་གསར་བའི་རིགས་ཤིག་ཡིན་ལ། དེ་ལ་གཙོ་བོ་དཀར་གསལ་སྦག་བཙོག་དང་མིས་བཟོས་ཉིན་དཀར་སྦག་བཙོག ཚོན་འོད་སྦག་བཙོག་བཅས་འདུ་བ་ཡིན། དེ་ཡང་འོད་ཀྱི་སྦག་བཙོག་གིས་མི་རྣམས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད་ཅིང་། དུས་རྒྱུན་གྱི་འཚོ་བའི་ཁྲོད། མི་རྣམས་ཀྱིས་རྒྱུན་མཐོང་གི་འོད་ཀྱི་སྦག་བཙོག་གི་གནས་ཚུལ་མང་ཆེ་བ་ནི་མེ་ལོང་ངོས་ལྟ་བུའི་བཟོ་སྐྲུན་གྱི་ལྡོག་འོད་ཀྱིས་ལམ་འགྲོ་པ་དང་ཁ་ལོ་པ་སོགས་མགོ་ཡུ་འཁོར་བར་འགྱུར་བ་ཡིན་པར་མ་ཟད། མཚན་མོའི་འོས་མཚམ་མ་ཡིན་པའི་གློག་འོད་ཀྱིས་མིའི་ལུས་པོ་མི་བདེ་བའི་ཚོར་བ་འབྱུང་བ་ཡིན།

རིགས་དབྱེ།  

རྡོ་སོལ་གྱི་སྦག་བཙོག

རྡོ་སོལ་གྱི་སྐྱེ་ལྡན་དངོས་རྫས་འགྲུབ་བྱའི་རྒྱུ་གཙོ་བོ་ནི་ཐཱན་དང་དབྱང་། ཏན། མུ་སི་སོགས་ཡིན་ལ། དེ་ལས་གཞན་ལིན་དང་ཧྥུལ། ཁིལ། སེན་སོགས་ཀྱང་ཉུང་ངུ་རེ་ཡོད་པ་ཡིན།

རིགས་དབྱེ།  

རླངས་འབུད་ཀྱི་སྦག་བཙོག

རླངས་འབུད་ཀྱི་སྦག་བཙོག་ནི་རླངས་འཁོར་གྱིས་ཕྱིར་གཏོང་བྱས་པའི་དུག་ལྡན་རླངས་གཟུགས་ཀྱིས་མཁའ་དབུགས་སྦག་བཙོག་བཟོས་པ་ལ་ཟེར་བ་ཡིན་ཞིང་། དུག་ལྡན་རླངས་གཟུགས་གཙོ་བོ་ནི་དབྱང་གཅིག་ཐཱན་འགྱུར་དང་ཏན་དབྱང་འདྲེས་སྦྱོར་དངོས་རྫས། ཏན་ཆིང་འདྲེས་སྦྱོར་དངོས་རྫས་སོགས་ཡིན་ལ། དེ་ནི་རླངས་འཁོར་གྱི་སྣུམ་གྱི་རིགས་དང་རླངས་འཁོར་གྱི་ཐེག་ཚད། ལམ་གྱི་གནས་ཚུལ། གནམ་གཤིས་ལ་སོགས་པའི་ཆ་རྐྱེན་མི་འདྲ་བའི་དབང་གིས་ཚད་ཀྱང་མི་འདྲ་བ་སྣ་ཚོགས་ཡོད་པ་ཡིན།

རིགས་དབྱེ།  

རླུང་ཁམས་ཆེན་པོ་སྦག་བཙོག

ནག་ནོག་གི་རླུང་ཁམས་ཆེན་པོའི་ཁྲོད་ཀྱི་རླངས་གཟུགས་ཀྱི་གྲུབ་ཆའི་ཚད་གཞལ་དཀའ་བ་ཡིན་མོད། འོན་ཀྱང་ཁྱབ་ཁོངས་ངེས་ཅན་གྱི་རླུང་ཁམས་ཆེན་པོའི་ཁྲོད་དུ་སྔ་ན་མེད་པའི་ཚད་ཉུང་དངོས་རྫས་ཐོན་པ་ན། དེའི་གྲངས་ཀ་དང་རྒྱུན་མཐུད་ཀྱི་དུས་ཡུན་གྱིས་མི་དང་སྲོག་ཆགས། སྐྱེ་དངོས། དངོས་ཟོག རྒྱུ་ཆ་བཅས་ལ་གནོད་སྐྱོན་ཐེབས་སྲིད་པ་ཡིན། རླུང་ཁམས་ཆེན་པོའི་ཁྲོད་ཀྱི་སྦག་བཙོག་དངོས་རྫས་ཀྱི་གར་ཚད་གནོད་ལྡན་གྱི་ཚད་ལ་སླེབས་ན། སྐྱེ་ཁམས་མ་ལག་དང་མིའི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་གནས། འཕེལ་རྒྱས་ཀྱི་ཆ་རྐྱེན་གཏོར་རླག་ཐེབས་ནས། མིའམ་དངོས་པོ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པའི་སྣང་ཚུལ་ལ་རླུང་ཁམས་ཆེན་པོ་སྦག་བཙོག་ཟེར་བ་ཡིན།

རིགས་དབྱེ།  

ལྕགས་རིགས་ལྗིད་གྲས་ཀྱི་སྦག་བཙོག

ལྕགས་རིགས་ལྗིད་གྲས་ཀྱི་སྦག་བཙོག་ནི་ལྕགས་རིགས་ལྗིད་གྲས་སམ་འདྲེས་སྦྱོར་དངོས་རྫས་ཀྱིས་བཟོས་པའི་ཁོར་ཡུག་སྦག་བཙོག་གི་རིགས་ལ་ཟེར་བ་ཡིན།

རིགས་དབྱེ།  

ལྦུ་སྐྱེད་ཟས་སྣོད།

ལྦུ་སྐྱེད་ཟས་སྣོད་དམ་ཆིག་སྤྱོད་རང་བཞིན་གྱི་སྤོས་འགྱིག་ཟས་སྣོད་ནི་འདུས་འདྲེས་པུན་ཁ་སིན་ཐང་ཆུ་རྒྱུ་ཆ་བྱས་ནས། འཕྲུལ་ཆས་སུ་དྲོད་ཚད་ཧ་ཅང་མཐོན་པོའི་འོག་སྣོན་བཞུ་བྱས་རྗེས། ལྦུ་བ་སྐྱེད་རྫས་སོགས་རྫས་འགྱུར་དངོས་རྫས་མང་དུ་བཏབ་པ་ལས་གྲུབ་པ་ཞིག་ཡིན་ལ། རྒྱུ་ཆ་དེ་དག་རླུང་རྒྱུ་སའམ་བཞའ་ཚན་ཆེ་བའི་ཁོར་ཡུག་ཏུ་བཞག་ནས། ཡང་བསྐྱར་ཐེངས་གཉིས་པར་དྲོད་ཚད་མཐོན་པོ་བརྒྱུད་པ་ལས་བྱུང་བ་ཡིན་ཞིང་། ཟས་སྣོད་སྣ་ཚོགས་པ་གྲུབ་པ་ནི། དཔེར་ན། མགྱོགས་ཟས་ཟས་སྣོད་དང་སྟབས་བདེ་ཐུག་པའི་དཀར་ཡོལ་ལ་སོགས་པ་ལྟ་བུ།

རིགས་དབྱེ།  

ས་འོག་ཆུ་སྦག་བཙོག

ས་འོག་ཆུ་སྦག་བཙོག་ནི་གཙོ་བོ་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ས་འོག་གི་ཆུ་ཡི་རྫས་འགྱུར་གྲུབ་ཆ་དང་དངོས་ལུགས་ངོ་བོ། སྐྱེ་ཁམས་རིག་པའི་ཁྱད་གཤིས་བཅས་ལ་འགྱུར་བ་བྱུང་ནས། ས་འོག་གི་ཆུ་ཡི་སྤུས་ཚད་ཇེ་ཞན་དུ་སོང་བའི་སྣང་ཚུལ་ལ་བྱ་བ་ཡིན། དེ་ཡང་ས་ངོས་མན་ཆད་ཀྱི་སའི་ཆགས་རིམ་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཡིན་ལ། ས་འོག་གི་ཆུ་ཡི་བཞུར་རྒྱུན་ཤིན་ཏུ་དལ་བའི་རྐྱེན་གྱིས། ས་འོག་ཆུ་སྦག་བཙོག་གི་གོ་རིམ་དལ་བ་དང་ཤེས་རྟོགས་འབྱུང་དཀའ་བ། འགོག་བཅོས་བྱ་དཀའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན། ས་འོག་གི་ཆུ་ལ་སྦག་བཙོག་བཟོས་པ་ཡིན་ན། སྦག་བཙོག་གི་ཁུངས་རྩ་མེད་དུ་གཏོང་ཐུབ་པའི་དབང་དུ་བཏང་ཡང་། དུས་ཡུན་ནི་ལོ་བཅུ་ཕྲག་ལྷག་དགོས་པར་མ་ཟད། ལོ་བཅུ་ཕྲག་ཁ་ཤས་ལ་ཆུ་ཡི་སྤུས་ཚད་སྔར་གྱི་དེ་འདྲ་ཞིག་འོང་དཀའ་བ་ཡིན།

རིགས་དབྱེ།  

ས་རྒྱུ་སྦག་བཙོག

ས་རྒྱུ་སྦག་བཙོག་ནི་སྤྱིའི་ཆ་ནས་སྐྱེ་མེད་སྦག་བཙོག་དངོས་རྫས་དང་སྐྱེ་ལྡན་སྦག་བཙོག་དངོས་རྫས་རིགས་གཉིས་སུ་བཀར་ཡོད་དེ། སྐྱེ་མེད་སྦག་བཙོག་དངོས་རྫས་ནི་གཙོ་བོ་སྐྱུར་དང་བ་ཚྭ། ལྕགས་རིགས་ལྗིད་གྲས། ཚྭའི་རིགས། སི་ཡི་འདྲེས་སྦྱོར་དངོས་རྫས། སེན་དང་སེ། ཧྥུལ་བཅས་འདུ་བའི་འདྲེས་སྦྱོར་དངོས་རྫས་སོགས་ཡིན་ལ། སྐྱེ་ལྡན་སྦག་བཙོག་དངོས་རྫས་ནི་གཙོ་བོ་སྐྱེ་ལྡན་ཞིང་སྨན་དང་ཧྥུན་གྱི་རིགས། ཆིང་འགྱུར་རྫས། རྡོ་སྣུམ། འདྲེས་སྦྱོར་འདག་ཆུ་སོགས་ཡིན།

རིགས་དབྱེ།  

སྐྱེ་ཁམས་སྦག་བཙོག

སྐྱེ་ཁམས་སྦག་བཙོག་ནི་སྐྱེ་དངོས་དང་སྦག་བཙོག་ཐེབས་པའི་ཁོར་ཡུག་བར་ཕན་ཚུན་ནུས་པ་ཐོན་པར་མ་ཟད། སྦག་བཙོག་གི་དངོས་རྫས་ནི་སྐྱེ་ཁམས་ཁོར་ཡུག་ཁྲོད་དུ་གཞན་འགྱུར་བྱུང་བ་སོགས་ཀྱི་ཆོས་ཉིད་ལ་བྱ་བ་ཡིན།

རིགས་དབྱེ།  

སྐྱེ་དངོས་སྦག་བཙོག

མི་དང་སྐྱེ་དངོས་ལ་གནོད་པ་བཟོ་བའི་སྐྱེ་དངོས་ཕྲ་རབ་དང་གཞན་བརྟེན་སྲིན་འབུ་སོགས་ནད་ཀྱི་འབྱུང་རྐྱེན་སོགས་ཀྱིས་ཆུ་དང་རླངས་པ། ས་རྒྱུ། ཟས་རིགས་ལ་སྦག་བཙོག་བཟོ་བར་མ་ཟད། སྐྱེ་དངོས་ཐོན་སྐྱེད་ཀྱི་ཚད་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། མིའི་རིགས་ཀྱི་བདེ་ཐང་ལ་གནོད་པའི་རིགས་དེ་ལ་སྐྱེ་དངོས་སྦག་བཙོག་ཟེར་བ་ཡིན།

རིགས་དབྱེ།  

སྤོས་འགྱིག་ཐོན་རྫས།

སྤོས་འགྱིག་ཐོན་རྫས་ནི་སྤོས་འགྱིག་རྒྱུ་ཆ་གཙོ་བོར་བྱས་ནས་བཟོས་པའི་འཚོ་བའི་མཁོ་ཆས་དང་བཟོ་ལས་མཁོ་ཆས་ཀྱི་སྤྱི་མིང་ལ་བྱ་བ་ཡིན།

རིགས་དབྱེ།