བསྐྱར་བཟོས་སྤོས་འགྱིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྐྱར་བཟོས་སྤོས་འགྱིག
བསྐྱར་བཟོས་སྤོས་འགྱིག་ནི་སྤོས་འགྱིག་ཡང་བསྐྱར་བཀོལ་སྤྱོད་བྱས་པ་ལ་ཟེར་བ་ཡིན་ཞིང་། འཕྲུལ་ཆས་ཀྱིས་གཅོད་གཏུབ་སོགས་བྱས་རྗེས་སྤོས་འགྱིག་གསར་དུ་བཟོས་པ་ལ་བརྟེན་ནས། ཡང་བསྐྱར་ཐེངས་གཅིག་ལ་བཀོལ་སྤྱོད་བྱས་པ་དེར་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
再生塑料
1 དགེ་མཚན།

འཛམ་གླིང་ཐོན་ཁུངས་ནི་མིའི་རིགས་ཀྱི་གླེང་གཞི་གཙོ་ཆེ་བར་གྱུར་ཡོད་ཅིང་། ཐོན་ཁུངས་གྲོན་ཆུང་གི་འབོད་ཚིག་མི་རྣམས་ཀྱི་སེམས་སུ་སིམ་ཡོད་པས། བསྐྱར་བཟོས་སྤོས་འགྱིག་གི་ཐད་ནས་ཀྱང་ངོས་ཟིན་ཐོབ་པ་ནི་སྨོས་མ་དགོས་པ་ཞིག་རེད། དེ་ཡང་ཐོན་ཁུངས་ཕྱིར་སྡུད་ཀྱི་ཐབས་ལམ་བརྒྱུད་པ་ཡིན་ན། ད་གཟོད་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ནུས་པ་མི་དམན་པ་ཐོན་སྲིད།

བསྐྱར་བཟོས་སྤོས་འགྱིག་གི་རིན་གོང་རྒྱུ་ཆ་གསར་བ་ལས་དམའ་བ་ནི་དགེ་མཚན་ཆེན་པོར་མཐོང་བ་ཡིན་ལ། དེ་ཡི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་རྒྱུ་ཆ་གསར་བ་དང་བསྡུར་ཐབས་མེད་ནའང་། ཐོན་རྫས་མང་ཆེ་བ་བཟོ་དུས་ངེས་པར་དུ་རྒྱུ་ཆ་ཆེས་བཟང་བོ་གདམ་དགོས་པའི་ངེས་པའང་གཏན་ནས་མེད། དེ་ལྟར་བྱས་པར་རྒྱུ་ཆ་གྲོན་ཆུང་ལ་ཕན་ཐོགས་ཆེན་པོ་ཡོད་པར་མ་ཟད། ཐོན་ཁུངས་ཀྱང་ཆུད་ཟས་སུ་འགྲོ་བ་མ་ཡིན།

2 སྐྱོན་ཆ།

(1)སྤོས་འགྱིག་ཕྱིར་སྡུད་བྱས་ནས་ཡང་བསྐྱར་བཀོལ་སྤྱོད་བྱ་བའི་ཕྱོགས་ནས་རིགས་བཀར་རྒྱུ་ནི་ཆེས་དཀའ་ཁག་ཆེ་བའི་གནས་ཡིན་པར་མ་ཟད། དཔལ་འབྱོར་གྱི་ཐད་ནས་ཀྱང་གྱོང་གུད་ཆེན་པོ་ཐེབས་སྲིད།

(2)སྤོས་འགྱིག་ནི་འབར་སླ་བ་དང་འབར་བའི་དུས་སུ་དུག་ལྡན་རླངས་གཟུགས་ཐོན་པ་ཡིན།

(3)སྤོས་འགྱིག་ནི་རྡོ་སྣུམ་གྱི་རྒྱུ་ལས་ཐོན་པའི་རྒྱུ་ཆ་ལས་གྲུབ་པ་ཡིན་ལ། རྡོ་སྣུམ་གྱི་ཐོན་ཁུངས་ཧ་ཅང་དཀོན་པ་ཡིན།

(4)སྤོས་འགྱིག་ནི་ས་འོག་ཏུ་ལོ་ངོ་བརྒྱ་ཕྲག་ཁ་ཤས་སམ་སྟོང་ཕྲག་ལྷག  ཡང་ན་ཁྲི་ཕྲག་ཁ་ཤས་སོང་བའི་དབང་དུ་བཏང་ཡང་རུལ་བར་འགྱུར་མི་སྲིད།

(5)སྤོས་འགྱིག་གི་ཚ་བ་ཐེག་པའི་རང་བཞིན་ཅུང་ཞན་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།