ཁོར་ཡུག་སྲུང་སྐྱོབ།

ཁོར་ཡུག་སྲུང་སྐྱོབ་ནི་སྤྱིར་བཏང་དུ་མིའི་རིགས་ཀྱིས་མངོན་ལྐོག་གང་རུང་ནས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་ཆེད། མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བ་སྙོམས་སྒྲིག་བྱ་བ་དང་། མིའི་རིགས་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་བ། དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་འགན་སྲུང་བྱ་བའི་ཆེད་དུ། འགུལ་སྐྱོད་སྣ་ཚོགས་པ་བྱས་པའི་སྤྱི་མིང་ལ་བྱ་བ་ཡིན་ཞིང་། དེའི་ཐབས་ལམ་ལ་བཟོ་སྐྲུན་ལག་རྩལ་གྱི་སྐོར་དང་སྲིད་འཛིན་དོ་དམ་གྱི་སྐོར། ཡང་ཁྲིམས་ལུགས་ཀྱི་སྐོར་དང་དཔལ་འབྱོར་གྱི་སྐོར། སློབ་གསོ་དྲིལ་སྒྲོག་གི་སྐོར་བཅས་ཡོད།

རིགས་དབྱེ།  

གནམ་རིག་ལེ་ཏཱ།

གནམ་རིག་ལེ་ཏཱ་ནི་གནམ་རིག་ཚན་ཁག་གིས་དུས་ཐུང་ནང་དྲག་ཆར་དང་། རྒྱ་མཚོའི་རླུང་འཚུབ། འབྲུག་ཆར་སོགས་ཀྱི་གནས་ཡུལ་དང་། ཤུགས་ཚད། མགྱོགས་ཚད། ཁ་ཕྱོགས་སོགས་ལ་འཚོལ་ཞིབ་ཐིག་ལེན་བྱ་རྒྱུར་མེད་དུ་མི་རུང་བའི་མ་ལག་ཅིག་ཡིན། ཐོག་མའི་ལེ་ཏཱ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྔ་ནུབ་ཏུ་གསར་གཏོད་བྱས་པ་ཞིག་ཡིན་ལ། སྐབས་དེར་གཙོ་བོ་དམག་དོན་ཀྱི་ཆེད་དུ་སྤྱོད་ཀྱིན་ཡོད་པས། གནམ་གྲུ་དང་དམག་གྲུ་བཤེར་འཚོལ་བྱེད་ཀྱིན་ཡོད། དེ་ཡང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་མི་རྣམས་ཀྱིས་གཟུགས་མཐོང་གློག་ཤེལ་ཐོག་སྤྲིན་དང་ཆར་བ་མཐོང་བར་མ་ཟད། རྒྱུན་ལྡན་ལྟར་གནམ་གྲུ་དང་དམག་གྲུ་འཚོལ་ཞིབ་རྗེས་འདེད་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་ཀྱང་དེས་གནམ་རིག་མི་སྣའི་བློ་སྒོ་ཕྱེས་པ་དང་། ཁོ་ཚོས་ལེ་ཏཱ་བེད་སྤྱོད་བྱས་ནས་བར་སྣང་སྤྲིན་ཆར་གྱི་འགྱུར་བར་ཞིབ་འཇུག་བྱ་བ་དང་། དྲག་ཆར་རླུང་འཚུབ་ཡོང་རྒྱུར་སྔོན་དཔག་བྱེད་ཀྱི་ཡོད།

རིགས་དབྱེ།  

ཉ་ཁྲབ་སྤྲིན།

ཉ་ཁྲབ་ལྟ་བུའི་སྤྲིན་ཟེར་བ་ནི་སྔོ་ཐང་ཐིང་གི་ཨ་སྔོན་དབྱིངས་སུ། སྤྲིན་ལེབ་ཆུང་ཆུང་ཚགས་དམ་པོར་གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་པ་ཞིག་ཡིན་ལ། ས་ངོས་སྟེང་ནས་བལྟས་ན་དེ་དག་ནི་ཉ་ཁྲབ་དང་མཚུངས་པས་ཧ་ཅང་མཚར་བོ་ཡོད་ཅིང་། སྤྲིན་པ་དེའི་རིགས་ལ་གནམ་གཤིས་རིག་པའི་ཐད་གསོག་སྤྲིན་མཐོན་པོ་ཞེས་བརྗོད།

རིགས་དབྱེ།  

ཐོག

དབྱར་གྱི་དུས་སུ་ཚ་བ་ཧ་ཅང་ཆེ་བ་དང་སྤྲིན་ནག་ལང་ལོང་འཁྲིགས་པ་ཡིན་ལ། གློག་དམར་འཁྱུག་ནས་འབྲུག་སྒྲ་ལྡིར་ལྡིར་བྱ་བ་ཡིན། དེ་ལ་གནའ་དུས་ཀྱི་མི་རྣམས་ཀྱིས་ཐོག་གིས་བརྒྱབ་ཅེས་ཟེར་བ་ཡིན།

རིགས་དབྱེ།  

ནམ་མཁའ།

ང་ཚོས་རྒྱུན་པར་མགོ་བོ་ཡར་བཀྱགས་ནས་བལྟས་ཚེ། ཨ་སྔོན་དབྱིངས་རིམ་མཐོང་བ་ཡིན་ལ། རྒྱུན་ལྡན་གྱི་ནམ་མཁའ་ནི་ཧ་ཅང་དྭངས་པ་དང་སྔོན་པོ་ཡིན། དེ་ཡང་ནམ་མཁའ་ནི་སའི་གོ་ལའི་རླུང་ཁམས་ཆེན་པོའི་ཆགས་རིམ་གྱིས་བཏུམས་ཡོད་པ་ཡིན་ཞིང་། རླུང་ཁམས་ཆེན་པོའི་འཁྱག་སིལ་དང་ཆུ་ཐིགས་སོགས་མང་བོ་འདྲེས་ཡོད་པ་དང་། ཉི་མའི་འོད་ནི་དམར་པོ་དང་སེར་པོ། སྔོན་པོ། ལྗང་གུ། ལི་མདོག རྒྱ་བོ། མཐིང་མདོག་སོགས་ཁ་དོག་མི་འདྲ་བ་སྣ་ཚོགས་ལས་གྲུབ་པ་ཡིན།

རིགས་དབྱེ།  

བ་མོ།

གྲང་ངར་ཧ་ཅང་ཆེ་བའི་དགུན་ཁའི་ཞོགས་པར། ས་གཞི་སྐྱ་ཐིང་ངེར་གནས་པ་ཡིན་ལ། ཁང་བའི་ཐོག་ཁ་དང་ཤིང་སྡོང་གི་ཡལ་གའི་སྟེང་དུ་ཧ་ཅང་སྲབ་པའི་འཁྱག་བད་བབས་ཡོད་པ་ཡིན་ཞིང་། སྔ་ཉིན་ཁ་བ་བབས་པ་མིན་ན། དེ་ནི་བ་མོ་ཡིན་པ་ཁོ་ཐག་ཡིན། དེ་ཡང་བ་མོ་ནི་ས་ངོས་དང་ཉེ་བའི་མཁའ་རླུང་ཁྲོད་ཀྱི་ཆུ་རླངས་དེ་རླངས་གཟུགས་འཁྱག་པར་གྱུར་ནས། སྲ་གཟུགས་ཆགས་པའི་འཁྱག་སིལ་དེ་དངོས་པོའི་སྟེང་དུ་བབས་ནས་བྱུང་བ་ཡིན་ཞིང་། བརྒྱུད་རིམ་དེར་གནམ་གཤིས་རིག་པའི་ནང་རླངས་པ་འཁྱག་འགྱུར་ཞེས་བརྗོད་པ་ཡིན།

རིགས་དབྱེ།  

མཚམས་སྤྲིན།

ཞོགས་པའི་མཚམས་སྤྲིན་ཟེར་བ་ནི་ཞོགས་པར་གནམ་ས་འབྲེལ་མཚམས་ནས་ཉི་མ་མ་ཤར་བ་དང་། མུན་ནག་ཡལ་ནས་ནམ་ལངས་ཟིན་པའི་སྐབས་ཀྱི་འོད་མདོག་ལ་ཟེར་ཞིང་། དེ་ཡང་ང་ཚོས་རྒྱུན་དུ་བཤད་པའི་སྐྱ་རེངས་ཞེས་པ་དེ་ཡིན།

རིགས་དབྱེ།  

མིས་བཟོས་ཆར་བ།

ཚན་རིག་ལག་རྩལ་ཧ་ཅང་སྔོན་ཐོན་མིན་པའི་དུས་སྐབས་སུ། མིའི་རིགས་དང་རང་བྱུང་ཁམས་ཆེན་པོའི་གནོད་འཚེའི་བར་གྱི་འཐབ་རྩོད་ནི་རྒྱུན་མི་ཆད་པ་ཡིན། དེ་ཡང་ཚན་རིག་ལག་རྩལ་དར་རྒྱས་ཀྱི་དུས་སུ། མི་རྣམས་ཀྱིས་ནམ་མཁའ་ནས་ཆར་ཆུ་ཕབ་འདོད་པའི་རེ་བའང་ལས་སླ་མོའི་སྒོ་ནས་འགྲུབ་པ་ཡིན།

རིགས་དབྱེ།  

མིས་བཟོས་སེར་བ།

ལོ་ངོ་མང་བོའི་རིང་ལ། རང་རྒྱལ་གྱི་ངལ་རྩོལ་མི་དམངས་ཀྱིས་ཡུལ་ཐབས་ཀྱི་མེ་སྒྱོགས་དང་ཡུལ་ཐབས་ཀྱི་མེ་ཤུགས་འཕུར་མདའ་སོགས་སྤྱད་དེ་སེར་བ་བསྲུངས་པ་ཡིན་ཞིང་། སེར་འགོག་གི་འཐབ་རྩོད་རབས་དང་རིམ་པ་བརྒྱབ་མྱོང་ལ། ཚན་རིག་ལག་རྩལ་ཧ་ཅང་སྔོན་ཐོན་ཡིན་པའི་རྒྱལ་ཁབ་མང་ཆེ་བས་ཀྱང་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སྤྱད་ནས། སེར་བ་སྔོན་འགོག་བྱ་བ་ཡིན་པར་མ་ཟད། དེའི་ནང་ནས་མཁའ་འཕེན་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་ཆུང་བ་སྤྱད་དེ་སེར་ལྡན་སྤྲིན་གཏོར་བའི་ཐབས་ཤེས་དེ་ནི་ཀུན་གྱིས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པའི་ཐབས་ཤིག་རེད།

རིགས་དབྱེ།  

ཟིལ་བ།

ཟིལ་བ་ནི་ས་ངོས་དང་ཐག་ཉེ་བའི་མཁའ་རླུང་ནང་གི་ཆུ་རླངས་རྡོ་དང་། རྫ་ལེབ། ཡལ་འདབ་སོགས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོར་ཧྲེངས་འགྲིལ་བྱས་ཏེ་ཆགས་པའི་ཆུ་ཟིལ་ལ་ཟེར། ས་སྲིབ་བམ་མཚན་མོའི་དུས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོས་གློད་པའི་འགྱེད་འཕྲོ་དེ་ཚུར་ལེན་འགྱེད་འཕྲོ་ལས་ཆེ་བ་ཡོད་སྟབས་རིམ་བཞིན་གྲང་མོ་ཆགས་པ་དང་། དེ་ལྟར་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོར་འབྱར་བའི་མཁའ་རླུང་ཀྱང་དུས་མཚུངས་དྲོད་ཚད་ཆག་པ་དང་ཟིལ་དྲོད་ལས་དམའ་བ་ཆག་པ་སྟེ་མཁའ་རླུང་ནང་གི་ཆུ་རླངས་འདྲེས་ཚད་ལོངས་ཚད་ལས་བརྒལ་སྐབས་ས་ངོས་སམ་ས་སྟེང་གི་བརྟན་གནས་དངོས་པོའི་ཕྱི་ངོས་ལ་ཆུ་ཟིལ་ཆགས་ཀྱི་ཡོད།

རིགས་དབྱེ།  

འཁོར་སྐར།

གནམ་རིག་བརྟག་དཔྱད་འཁོར་སྐར་ནི་མིས་བཟོས་པའི་སའི་གོ་ལའི་འཁོར་སྐར་བེད་སྤྱོད་བྱས་ཏེ། རླུང་ཁམས་ཆེན་པོའི་ཆགས་རིམ་གྱི་ཕྱི་རོལ་ནས་སའི་གོ་ལ་དང་རླུང་ཁམས་ཆེན་པོར་གནམ་རིག་བརྟག་དཔྱད་ཀྱི་ཡོ་བྱད་ཅིག་ཡིན།

རིགས་དབྱེ།  

འཇའ་ཚོན།

དབྱར་དུས་སུ་འབྲུག་ཆར་བབས་རྗེས་ཏག་ཏག་ལ་ཉི་མ་ཤར་བ་ཡིན་ན། མཁའ་དབྱིངས་སུ་སྒོར་ཕྱེད་གཟུགས་ཀྱི་འཇའ་ཚོན་འཆར་བ་ཡིན་ལ། དེ་ལ་ཁ་དོག་བདུན་དང་ལྡན་པ་ཞིག་ཡིན།

རིགས་དབྱེ།  

རླུང་ཁམས་ཆེན་མོ།

ང་ཚོ་འཚོ་སྡོད་ཀྱི་སའི་གོ་ལ་ནི་མིག་སྔར་ཤེས་རྟོགས་བྱུང་ཟིན་པའི་སྐྱེ་སྟོབས་ལྡན་ཞིང་སྲོག་དང་ལྡན་པའི་སྐར་མའི་གོ་ལ་གཅིག་པུ་དེ་རེད་ལ། སའི་གོ་ལའི་མཐའ་འཁོར་དུ་མཁའ་རླུང་བང་རིམ་གྱིས་བཏུམས་ཡོད་པས། མི་རྣམས་ཀྱིས་དེ་ལ་རླུང་ཁམས་ཆེན་པོ་ཟེར། རླུང་ཁམས་ཆེན་པོའི་སྟུག་ཚད་དེ་ཇེ་མཐོར་སོང་ནས་རིམ་བཞིན་སྲབ་ཏུ་འགྲོ་བ་ཡིན། ཡང་བར་སྣང་ཁམས་ནས་བང་རིམ་ཆེན་པོས་བཏུམས་པའི་སའི་གོ་ལར་ལྟ་སྐབས། དེ་ནི་ཕ་ལམ་སྔོན་པོ་སྒོར་སྒོར་ཞིག་དང་མཚུངས་ཤིང་། སའི་གོ་ལར་བཏུམས་པའི་རླུང་ཁམས་ཆེན་པོ་དེ་ནི་རང་བྱུང་ཁམས་ཀྱི་སྲོག་ཆགས་སྐྱེ་འཕེལ་གྱི་རྒྱུ་དང་། མིའི་རིགས་འཕེལ་རྒྱས་གཏོང་རྒྱུར་འཚམ་པའི་སྲུང་གདུགས་ཤིག་ཡིན།

རིགས་དབྱེ།  

ལྡོག་དྲོད།

ལྡོག་དྲོད་ནི་རྒྱུན་པར་ནམ་མཁའ་དྭངས་ཤིང་རླུང་ཕྲན་བུ་རྒྱུ་བའམ་སྤྲིན་ཉུང་བ། མཚན་མོར་མཁའ་རླུང་ལྟོས་བཅས་ཀྱིས་བརྟན་པོར་ཡོད་པ་བཅས་ཀྱི་སྐབས་སུ་འབྱུང་བ་ཡིན་ལ། ལྡོག་དྲོད་ཆགས་རིམ་གྱི་མཐུག་ཚད་ལ་སྤྱིར་བཏང་དུ་སྨི་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཡིན་ཞིང་། དེ་ལས་མཐུག་པའང་ཡོད་པ་དང་། སྟེང་འོག་གཉིས་ཀྱི་དྲོད་ཚད་ལ་ཁྱད་པར་ཏུའུ་བདུན་ནས་བརྒྱད་དམ་དེ་ལས་མང་བའང་ཡོད།

རིགས་དབྱེ།  

སད།

སད་དང་བ་མོ་གཉིས་མི་འདྲ་ལ། བ་མོ་ནི་འཁྱག་སྐྱོན་མི་ཡོང་བའི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་། སད་ནི་སྐྱེ་དངོས་རིག་པའི་སྣང་ཚུལ་ཞིག་ཡིན་པར་མ་ཟད། དཔྱིད་མཇུག་དང་སྟོན་འགོར་མཁའ་རླུང་གྲང་མོ་ཞིང་ས་དང་རྩི་ཤིང་། ས་ངོས་དང་ཐག་ཉེ་བའི་མཁའ་རླུང་ཁྲོད་དུ་བབས་པ་ཡིན་ན། དྲོད་ཚད་གློ་བུར་དུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར་མན་ལ་སླེབས་པ་དང་། རྩི་ཤིང་གི་གདོད་སྐྱེས་རྫས་ལ་གཏོར་སྐྱོན་ཐེབས་ནས། རྩི་ཤིང་ལ་གནོད་འཚེ་ཕོག་པའམ་འཆི་བར་འགྱུར་བའི་དུས་ཡུན་ཤིན་ཏུ་ཐུང་བའི་གནོད་འཚེའི་རིགས་ཤིག་རེད། དེ་ལ་ཡང་སད་དཀར་པོ་དང་སད་ནག་པོ་གཉིས་སུ་དབྱེ་བ་ཡིན།

རིགས་དབྱེ།  

སེར་བ།

སེར་ལྡན་སྤྲིན་གྱི་ནང་དུ་འཁྱག་སིལ་དང་ཆུ་ཐིགས་མང་བོ་ཡོད་ཅིང་། དེ་འགུལ་སྐྱོད་ཀྱི་བརྒྱུད་རིམ་ནང་དུ་འཁྱག་པར་གྱུར་ནས་གངས་རིལ་ཆགས་པ་དེ་ནི་སེར་བའི་སྦྲུམ་རྟེན་ཡིན་ལ། སེར་བའི་སྦྲུམ་རྟེན་སྤྲིན་གྱི་ནང་གི་མཐོ་རྒྱུག་རླུང་རྒྱུན་དང་མར་འབབ་རླུང་རྒྱུན་ལ་མཉམ་པར་གོང་འོག་འགུལ་སྐྱོད་བྱ་བ་ཡིན།

རིགས་དབྱེ།  

སྤྲིན།

ནམ་མཁའ་རུ་སྤྲིན་སྣ་ཚོགས་པ་ཡོད་པ་དང་། དེ་དག་གི་གྲུབ་ཚུལ་ལ་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་ཡོད་དེ། ཚང་མས་ཤེས་གསལ་ལྟར་སའི་གོ་ལའི་སྟེང་དུ་ཆུ་མང་བོ་ཡོད་པ་དང་། དེ་དག་ནི་བཟོ་ལྟ་སྣ་ཚོགས་ལ་བརྟེན་ནས་སའི་གོ་ལའི་སྟེང་དུ་གནས་ཡོད་པ་ཡིན་ལ། དེ་དག་གི་ནང་དུ་གཤེར་གཟུགས་ཆུ་ཡོད་པ་ནི། དཔེར་ན། མཚོ་ཆུ་དང་ས་སྟེང་གི་ཆུ། ས་འོག་གི་ཆུ། སྤྲིན་གྱི་ནང་གི་ཆུ། ཆར་ཆུ་ལྟ་བུ་ཡིན་ཞིང་། དེ་བཞིན་སའི་གོ་ལ་ཧྲིལ་བོའི་སྐྱེ་དངོས་ཀྱི་ཆུ་སོགས་ཡོད་ལ། སྲ་གཟུགས་ཀྱི་ཆུ་ནི་གངས་དང་འཁྱག་རོམ་གཉིས་ཡིན་ལ། དེ་དག་ནི་འཁྱག་ཐང་དང་འཁྱག་ཀླུང་། འཁྱག་རི་བཅས་ཀྱི་སྟེང་དུ་ཁྱབ་ཡོད་པ་ཡིན་ཞིང་། དེ་མིན་ད་དུང་སྤྲིན་ནང་གི་འཁྱག་རོམ་ཡང་ཡོད།

རིགས་དབྱེ།  

སྨུག་པ།

སྨུག་པ་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ནང་དུས་རྟག་ཏུ་མཐོང་རྒྱུ་ཡོད་པའི་གནམ་གཤིས་ཀྱི་སྣང་ཚུལ་རིགས་ཤིག་ཡིན་ལ། རྒྱང་ནས་ལྟ་དུས་སྤྲིན་དཀར་ལང་ལོང་རྒྱུ་བ་ལྟ་བུའི་སྣང་བ་སྐྱེ་ཞིང་། ཉེ་རུ་བཅར་ནས་བལྟས་ཚེ་རླངས་པ་འཕྱུར་བ་ཞིག་དང་མཚུངས་པ་ཡིན། ཡང་སྐབས་རེར་ཧ་ཅང་མཐུག་པས་དུ་ཐལ་དང་མཚུངས་པ་དང་སྐབས་རེར་ཤིན་ཏུ་སྲབ་པས་སངས་རས་ཀྱི་ཡོལ་བ་དང་འདྲ། གཞན་སྨུག་པའི་ཁྲོད་དུ་ལྗོངས་རྣམས་ཧྲབ་བེ་ཧྲིབ་བེ་བྱ་བ་ཡིན་ཞིང་། ཤར་ནུབ་ཀྱི་དབྱེ་བ་འབྱེད་དཀའ་བའི་འཁྲུལ་སྣང་སྐྱེ་སྲིད་པ་རེད།

རིགས་དབྱེ།  

གནམ་གཟུགས་ཚད་འཇལ་རིག་པ།

གནམ་གཟུགས་ཚད་འཇལ་རིག་པ་ནི་གནམ་དཔྱད་རིག་པའི་ཁྲོད་ཆེས་ཐོག་མར་འཕེལ་རྒྱས་བྱུང་བའི་ཡན་ལག་ཅིག་ཡིན་ལ། དེའི་ལས་འགན་གཙོ་བོ་ནི་གནམ་གཟུགས་ཀྱི་གནས་ཡུལ་དང་འགུལ་སྐྱོད་ལ་ཞིབ་འཇུག་དང་ཚད་འཇལ་བྱས་ཏེ། གཞི་རྩའི་དཔྱད་གཞིའི་གནས་ཚད་མ་ལག་འཛུགས་པ་དང་ས་ངོས་ཚེག་གི་གནས་ཚད་གཏན་ཁེལ་བྱ་རྒྱུ་དེ་ཡིན། སྐར་མའི་གོ་ལའི་ཚད་འཇལ་ནི་ལྟ་དཔྱད་ཚད་འཇལ་བྱེད་པར་བཀོལ་བའི་ལག་རྩལ་གྱི་ཐབས་ཤེས་དང་འཕེལ་རྒྱས་ཀྱི་གོ་རིམ་ལ་བརྟེན་ནས། གཞི་རྩ་དང་། པར་ལེན། གློག་འཕྲོ་དང་བར་སྟོང་བཅས་རིགས་བཞི་རུ་དབྱེ་ཆོག

རིགས་དབྱེ།  

ཐོན་ཁུངས་གསར་སྤེལ་བེད་སྤྱོད།

ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཅེས་པ་ནི་མིའི་རིགས་ཀྱིས་ལག་ཆའམ་བློ་གྲོས་ལ་བརྟེན་ནས་མི་རྣམས་ལ་ཞབས་འདེགས་ཞུ་ཐུབ་པའི་དངོས་པོ་དང་། ནུས་པ། ཚེ་སྲོག་གི་ཕུང་པོ། བློ་རིག་བཅས་ལས་སྣོན་དང་། བསྒྱུར་བཀོད། བེད་སྤྱོད་བཅས་བྱས་ནས་མིའི་རིགས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ལ་ཟེར། ཐོན་ཁུངས་ལ་དབྱེ་སྟངས་སྣ་ཚོགས་ཡོད་དེ། དངོས་གཟུགས་ཡོད་མེད་ལྟར་དངོས་རྫས(རྡོ་སྣུམ་དང་རྡོ་སོལ། ཆུ)དང་ཟོལ་རྫས(དྲ་རྒྱ་དང་། གློག་རླབས། ཉི་མ)བཅས་སུ་དབྱེ་བ་དང་། ཐོན་ཁུངས་ཡང་བསྐྱར་གསར་སྤེལ་བྱེད་ཐུབ་མིན་ལྟར་སླར་འབྱུང་ཐུབ་པའི་ཐོན་ཁུངས་དང་སླར་འབྱུང་མི་ཐུབ་པའི་ཐོན་ཁུངས་གཉིས་སུ་དབྱེ་ཆོག ཐོན་ཁུངས་སྔོག་འདོན་བྱེད་པའི་དཀའ་ཚད་དང་མཐོང་ཐུབ་ཚད་ལ་གཞིགས་ནས་དབྱེ་ཆོག་པ་སོགས་ཡིན།

རིགས་དབྱེ།  

ཐཱན་རྩེར་སོན།

ཐཱན་རྩེར་སོན་ནི་དུས་ཚོད་ག་གེ་མོ་ཞིག་ཏུ་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད་སླར་ཡང་མི་འཕར་བར་རྩེ་གྲངས་སུ་སླེབས་པ་དང་དེ་རྗེས་རིམ་བཞིན་མར་ཆག་པ་ལ་ཟེར། ཐཱན་རྩེར་སོན་ནི་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད་འཕར་སྣོན་ནས་མར་ཆག་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པ་དང་། དེ་ལས་ཐཱན་ཕྱིར་གཏོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་མཚམས་ཆད་པ་མཚོན་ཞིང་། རྩེ་གྲངས་ཁྲོད་རྩེར་སོན་པའི་ལོ་གྲངས་དང་རྩེ་གྲངས་ཚུད་ཡོད།

རིགས་དབྱེ།  

ཐཱན་བཏང་སྙོམས།

ཐཱན་བཏང་སྙོམས་ནི་ནུས་བསྲི་སྙིགས་འཕྲིའི་བརྡ་ཆད་ཅིག་ཡིན་ཞིང་། ཁེ་ལས་དང་ཚོགས་པའམ་ཡང་ན་མི་སྒེར་གྱིས་དུས་ཚོད་ངེས་ཅན་ཞིག་གི་ནང་ཐད་ཀར་རམ་གཞན་བརྒྱུད་ཀྱིས་བྱུང་བའི་དྲོད་ཁང་རླངས་གཟུགས་ཕྱིར་གཏོང་ཚད་ཀྱི་བསྡོམས་འབོར་ལ་ཚོད་རྩིས་བྱས་ཏེ། སྡོང་འཛུགས་ནགས་སྐྲུན་དང་ནུས་བསྲི་སྙིགས་འཕྲི་སོགས་ཀྱི་རྣམ་པར་བརྟེན་ནས། རང་ངོས་ལས་ཕྱིར་གཏོང་བྱས་པའི་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཚད་མགོ་གཏུག་བཏང་སྟེ་དབྱང་གཉིས་ཐཱན་རྫས“ཕྱིར་གཏོང་མེད་པ”མངོན་འགྱུར་བྱེད་པ་ལ་ཟེར། ཐཱན་རྩེར་སོན་ཞེས་པ་ནི་ཐཱན་ཕྱིར་གཏོང་བྱེད་ཚད་སྙོམས་དུས་སུ་སླེབས་རྗེས། བརྟན་རླིང་ངང་མར་ཆག་པའི་དུས་མཚམས་སུ་སླེབས་པ་ལ་ཟེར། སྟབས་བདེ་བར་བཤད་ན། དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད“གཏོང་ཡོང་ཁ་འཐབ”གཏོང་དགོས་པ་དེ་ཡིན།

རིགས་དབྱེ།  

ནགས་ཚལ་མེ་དགྲའི་ཉེན་ཟོན་བརྡ་རྟགས་སེར་པོ།

ནགས་ཚལ་མེ་དགྲའི་ཉེན་ཟོན་བརྡ་རྟགས་སེར་པོ་ཡིན་པའི་སྐབས་སུ། ནགས་ཚལ་གྱི་མེ་དགྲའི་རིམ་པ་གསུམ་པ་ཡིན་ལ། ཉེན་ཁའི་ཚད་འབྲིང་ཙམ་དང་། ནགས་ཚལ་ཁྲོད་དུ་འབར་ཐུབ་པའི་དངོས་པོ་འབར་སླ་བ་དང་ནགས་ཚལ་ལ་མེ་དགྲ་ཅུང་འབྱུང་སླ་བ་ཡིན།

རིགས་དབྱེ།  

ནགས་ཚལ་མེ་དགྲའི་ཉེན་ཟོན་བརྡ་རྟགས་ལི་མདོག

ནགས་ཚལ་མེ་དགྲའི་ཉེན་ཟོན་བརྡ་རྟགས་ལི་མདོག་ནི་མེ་སྐྱོན་གྱི་རིམ་པ་བཞི་པ་ཡིན་ལ། ཉེན་ཁའི་ཚད་ཆེ་བ་དང་། ནགས་ཚལ་ཁྲོད་ཀྱི་འབར་ཐུབ་པའི་དངོས་པོ་འབར་སླ་བ་དང་ནགས་ཚལ་དུ་མེ་དགྲ་འབྱུང་སླ་ཞིང་། མེ་ཤུགས་མཆེད་ཚད་མགྱོགས་པ་ཡིན།

རིགས་དབྱེ།  

ནགས་ཚལ་མེ་དགྲའི་ཉེན་ཟོན་བརྡ་རྟགས་དམར་པོ།

ནགས་ཚལ་མེ་དགྲའི་ཉེན་ཟོན་བརྡ་རྟགས་དམར་པོ་ཡིན་དུས། མེ་དགྲ་ཧ་ཅང་ཆེ་བ་དང་ནགས་ཚལ་གྱི་མེ་དགྲའི་ཉེན་ཁའི་རིམ་པ་ལྔ་པ་ཡིན་ལ། ཉེན་ཁ་ཧ་ཅང་ཆེ་བ་དང་ནགས་ཚལ་ཁྲོད་ཀྱི་འབར་ཐུབ་བའི་དངོས་པོ་འབར་སླ་བ་དང་ནགས་ཚལ་དུ་མེ་དགྲ་འབྱུང་སླ་ཞིང་མེ་ཤུགས་མཆེད་ཚད་ཧ་ཅང་མགྱོགས་པ་ཡིན།

རིགས་དབྱེ།  

སྨུག་རྡུལ་གྱི་ཉེན་ཟོན་བརྡ་རྟགས་སེར་པོ།

སྨུག་རྡུལ་གྱི་ཉེན་ཟོན་བརྡ་རྟགས་སེར་པོ་ནི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སྨུག་རྡུལ་མ་ཤར་གོང་གཏོང་བའི་ཉེན་ཟོན་བརྡ་རྟགས་ཤིག་ཡིན་པ་དང་། མི་རྣམས་ལ་སྨུག་རྡུལ་ལས་བྱུང་བའི་ཤུགས་རྐྱེན་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱེད་པ་དང་། འགྲིམ་འགྲུལ་སྡེ་ཁག་གིས་སྨུག་རྡུལ་ལས་བྱུང་བའི་འགྲིམ་འགྲུལ་ལས་འཛོལ་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། སྨུག་རྡུལ་གྱི་ཉེན་ཟོན་བརྡ་རྟགས་སེར་པོ་ནི་སྨུག་རྡུལ་ཉེན་ཟོན་བརྡ་རྟགས་ཁྲོད་ཀྱི་རིམ་པ་དང་པོ་ཡིན།

རིགས་དབྱེ།  

སྨུག་རྡུལ་གྱི་ཉེན་ཟོན་བརྡ་རྟགས་ལི་མདོག

སྨུག་རྡུལ་གྱི་ཉེན་ཟོན་བརྡ་རྟགས་ལི་མདོག་ནི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སྨུག་རྡུལ་མ་འཐིབ་གོང་གཏོང་བའི་ཉེན་ཟོན་བརྡ་རྟགས་ཤིག་ཡིན་པ་དང་། མི་རྣམས་ལ་སྨུག་རྡུལ་ལས་བྱུང་བའི་ཤུགས་རྐྱེན་སྔོན་འགོག་བྱེད་པའི་དྲན་སྐུལ་བྱེད་དགོས།

རིགས་དབྱེ།  

རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་སྔོན་པོ།

རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་སྔོན་པོ་ནི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རླུང་ཆེན་མ་ལྡང་གོང་གཏོང་བའི་ཉེན་ཟོན་བརྡ་རྟགས་ཤིག་ཡིན་པ་དང་། མི་རྣམས་ལ་རླུང་ཆེན་ལས་གཡོལ་དགོས་པའི་དྲན་སྐུལ་བྱེད་པ་དང་། ཞིང་ལས་ཀྱིས་རླུང་ཆེན་ལས་བྱུང་བའི་གྱོང་གུན་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་སྔོན་པོ་ནི་རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་ཁྲོད་ཀྱི་རིམ་པ་དང་པོ་ཡིན།

རིགས་དབྱེ།  

རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་སེར་པོ།

རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་སེར་པོ་ནི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རླུང་ཆེན་མ་ལྡང་གོང་གཏོང་བའི་ཉེན་ཟོན་བརྡ་རྟགས་ཤིག་ཡིན་པ་དང་། མི་རྣམས་ལ་རླུང་ཆེན་ལས་གཡོལ་དགོས་པའི་དྲན་སྐུལ་བྱེད་པ་དང་། ཞིང་ལས་ཀྱིས་རླུང་ཆེན་ལས་བྱུང་བའི་གྱོང་གུན་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་སེར་པོ་ནི་རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་ཁྲོད་ཀྱི་རིམ་པ་གཉིས་པ་ཡིན།

རིགས་དབྱེ།  

རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་ལི་མདོག

རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་ལི་མདོག་ནི་གནམ་གཤིས་སྡེ་ཁག་གིས་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་རླུང་ཆེན་མ་སླེབས་གོང་གཏོང་བའི་ཉེན་ཟོན་བརྡ་རྟགས་ཤིག་ཡིན་པ་དང་། མི་རྣམས་ལ་རླུང་ཆེན་ལས་གཡོལ་དགོས་པའི་དྲན་སྐུལ་བྱེད་པ་དང་། ཞིང་ལས་ཀྱིས་རླུང་ཆེན་ལས་བྱུང་བའི་གྱོང་གུན་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་ལི་མདོག་ནི་རླུང་ཆེན་གྱི་ཉེན་ཟོན་བརྡ་རྟགས་ཁྲོད་ཀྱི་རིམ་པ་གསུམ་པ་ཡིན།

རིགས་དབྱེ།