ཁོར་ཡུག་སྲུང་སྐྱོབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོར་ཡུག་སྲུང་སྐྱོབ།
ཁོར་ཡུག་སྲུང་སྐྱོབ་ནི་སྤྱིར་བཏང་དུ་མིའི་རིགས་ཀྱིས་མངོན་ལྐོག་གང་རུང་ནས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་ཆེད། མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བ་སྙོམས་སྒྲིག་བྱ་བ་དང་། མིའི་རིགས་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་བ། དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་འགན་སྲུང་བྱ་བའི་ཆེད་དུ། འགུལ་སྐྱོད་སྣ་ཚོགས་པ་བྱས་པའི་སྤྱི་མིང་ལ་བྱ་བ་ཡིན་ཞིང་། དེའི་ཐབས་ལམ་ལ་བཟོ་སྐྲུན་ལག་རྩལ་གྱི་སྐོར་དང་སྲིད་འཛིན་དོ་དམ་གྱི་སྐོར། ཡང་ཁྲིམས་ལུགས་ཀྱི་སྐོར་དང་དཔལ་འབྱོར་གྱི་སྐོར། སློབ་གསོ་དྲིལ་སྒྲོག་གི་སྐོར་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
环境保护
ཕྱི་ཡིག་གི་མིང་།
environmental protection
1 ཤུགས་རྐྱེན།

(1)ས་གཤིན་གྱི་གཏོར་རླག

(2)མཁའ་དབུགས་སྦག་བཙོག

(3)གྲོང་ཁྱེར་ཅན་དུ་གྱུར་བ།

(4)ནགས་ཚལ་གྱི་གཞི་ཁྱོན་ཆུང་དུ་སོང་བ།

(5)དྲི་ངན་དབྱང་རླུང་ཆགས་རིམ་ཁོག་སྟོང་དུ་གྱུར་བ།

(6)སྣ་མང་རང་བཞིན་ཉུང་དུ་སོང་བ།

(7)ནུས་ཁུངས་ཆུད་ཟོས་སུ་བཏང་བ།

(8)རྒྱ་མཚོ་སྦག་བཙོག

2 རང་བྱུང་སྲུང་སྐྱོབ།

རང་བྱུང་སྲུང་སྐྱོབ་ཀྱི་ནང་དུ་མཐོང་དཀོན་པའི་དངོས་རིགས་དང་འཚོ་སྡོད་ཀྱི་ཁོར་ཡུག  དམིགས་བསལ་གྱི་རང་བྱུང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤུལ་བཞག  ས་གཤིས་སྣང་ཚུལ། ས་ཁམས་ཆགས་ཚུལ་གྱི་ལྗོངས་རྣམ་སོགས་ལ་སྲུང་སྐྱོབ་བྱ་བ་དེ་ལ་ཟེར་ཞིང་། གཞན་གྲོང་རྡལ་སྒྲིག་འཛུགས་དང་ས་ཆུ་བཞུར་བ་ཚོད་འཛིན། བྱེ་ཐང་ཅན་དུ་གྱུར་བ། སྡོང་འཛུགས་ནགས་སྐྲུན། མི་གྲངས་ཚོད་འཛིན་སོགས་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དུ་འདུ་བ་ཡིན།

ཁོར་ཡུག་སྲུང་སྐྱོབ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་མི་དམངས་ཀྱི་འགན་འཁུར་གཙོ་བོའི་གྲས་ཀྱི་གཅིག་ཏུ་གྱུར་ཡོད་པ་དང་། ཀྲུང་གོས་ནི་ཁོར་ཡུག་སྲུང་སྐྱོབ་དེ་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཏུ་དྲིལ་སྒྲོག་བྱས་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རབས་དང་རིམ་པ་བཟོས་ནས་སྤེལ་བ་ཡིན།

3 དོན་སྙིང་།

(1)གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་བར་ཕན།

(2)གྲོན་ཆུང་དང་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བྱ་བར་ཕན།

(3)མ་རྩའི་འགུག་ཤུགས་དང་དཔལ་འབྱོར་འགྲན་རྩོད་ཐོད་བརྒལ་མངོན་འགྱུར་བྱ་བར་ཕན།

(4)ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ལ་ཕན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།